ལུའོ་ཡུས་ལིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུའོ་ཡུས་ལིན།
ཁོང་ནི་སྤྱི་ལོ1958ལོའི་ཟླ8པར་སྐྱེས། ད་ལྟ་མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་གྱི་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ལ་དབང་བའི་མ་རྩ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཏང་ཨུ་ཧྲུའུ་ཅི། ཟི་ལིང་གྲོང་ཁྱེར་གྱི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་། ཟི་ལིང་གྲོང་ཁྱེར(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་དང་ཚ་འདམ(རྒྱལ་ཁབ་རིམ་པ)འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ། མཚོ་ཤར་བཟོ་ལས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
骆玉林
སྐྱེས་ལོ།
སྤྱི་ལོ1958ལོའི་ཟླ8པ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧོ་ནན་ཞིན་ཡེ།
དད་མོས།
གུང་ཁྲན་རིང་ལུགས།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1984ལོའི་ཟླ9བ།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1958ལོའི་ཟླ8པར་སྐྱེས། ཧི་ནན་ཞིང་ཆེན་ཞིན་ཡེའི་མི་ཡིན། ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས་ཡོད། སྤྱི་ལོ1976ལོའི་ཟླ9བར་བྱ་བར་ཞུགས། སྤྱི་ལོ1984ལོའི་ཟླ9བར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ད་ལྟ་མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་གྱི་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ལ་དབང་བའི་མ་རྩ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཏང་ཨུ་ཧྲུའུ་ཅི། ཟི་ལིང་གྲོང་ཁྱེར་གྱི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་། ཟི་ལིང་གྲོང་ཁྱེར(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་དང་ཚ་འདམ(རྒྱལ་ཁབ་རིམ་པ)འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ། མཚོ་ཤར་བཟོ་ལས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1976ལོའི་ཟླ9བ་ནས1978ལོའི་ཟླ6པའི་བར། མཚོ་སྔོན་ཞིང་ཆེན་ཆུ་ལེན་རྫོང་པཱ་པའོ་ཞང་གི་ན་གཞོན་ཤེས་ཡོན་ཅན་ཡིན།

སྤྱི་ལོ1978ལོའི་ཟླ6པ་ནས1979ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཆེན་ཆུ་ལེན་རྫོང་ལིན་ལུད་བཟོ་གྲྭའི་དངུལ་གཉེར་པ་ཡིན། 

སྤྱི་ལོ1979ལོའི་ཟླ12པ་ནས1980ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཆེན་ཆུ་ལེན་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་འཕྲིན་སྐྱེལ་པ་ཡིན། 

སྤྱི་ལོ1980ལོའི་ཟླ12པ་ནས1984ལོའི་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་ཆུ་ལེན་རྫོང་ནོར་སྲིད་ཁོ་ཡི་རྩིས་གཉེར་པ་ཡིན། 

སྤྱི་ལོ1984ལོའི་ཟླ5བ་ནས1987ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་ཆུ་ལེན་རྫོང་ནོར་སྲིད་ཅུའུ་ཅུའུ་ཀྲང་གཞོན་པ(སྤྱི་ལོ1984ལོའི་ཟླ7པ་ནས1986ལོའི་ཟླ7པའི་བར། ཀྲུང་དབྱང་ནོར་སྲིད་དོ་དམ་ལས་བྱེད་པའི་སློབ་གླིང་དུ་ཟབ་སྦྱོང་བྱས།)ཡིན།

སྤྱི་ལོ1987ལོའི་ཟླ7ནས1990ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་ཆུ་ལེན་རྫོང་ནོར་སྲིད་ཅུའུ་ཅུའུ་ཀྲང་ཡིན། 

སྤྱི་ལོ1990ལོའི་ཟླ7པ་ནས1993ལོའི་ཟླ2པའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ནོར་སྲིད་ཅུའུ་ཅུའུ་ཀྲང་གཞོན་པ་ཡིན། 

སྤྱི་ལོ1993ལོའི་ཟླ2པ་ནས1994ལོའི་ཟླ8པའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ནོར་སྲིད་ཅུའུ་ཅུའུ་ཀྲང་ཡིན། 

སྤྱི་ལོ1994ལོའི་ཟླ8པ་ནས1996ལོའི་ཟླ6པའི་བར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་བཟོ་ལས་འགྲིམ་འགྲུལ་ཁེ་ལས་ཁྲུའུ་ཁྲུའུ་ཀྲང་ཡིན། 

སྤྱི་ལོ1996ལོའི་ཟླ6པ་ནས2000ལོའི་ཟླ4བའི་པར། མཚོ་སྔོན་ཞིང་ཆེན་རྒྱལ་ཁབམལ་དབང་བའི་རྒྱུ་ནོར་དོ་དམ་ཅུའུ་ཡི་ཅུའུ་ཀྲང(སྤྱི་ལོ1996ལོའི་ཟླ8པ་ནས1998ལོའི་ཟླ12པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭ་འཕྲིན་བརྒྱུད་སློབ་གླིང་ནས་དཔལ་འབྱོར་དོ་དམ་གྱི་ཆེད་ལས་ལ་སློབ་སྦྱོང་བྱས་པ་དང་། སྤྱི་ལོ1998ལོའི་ཟླ1པ་ནས1999ལོའི་ཟླ12པའི་བར། ཧུའུ་ནན་ནོར་སྲིད་དཔལ་འབྱོར་སློབ་གླིང་ཆ་འཕྲིན་སྡོམ་རྩིས་སྡེ་ཁག་དངུལ་ལོར་རིག་པ་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་ཚན་ཟབ་སྦྱོང་འཛིན་གྲྭ་ནས་སློབ་སྦྱོང་བྱས།)ཡིན།

སྤྱི་ལོ2000ལོའི་ཟླ4བ་ནས2000ལོའི་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་ཡིན། 

སྤྱི་ལོ2000ལོའི་ཟླ5པ་ནས2001ལོའི་ཟླ5པའི་བར། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཏང་ཨུ་ཧྲུའུ་ཅི་ཡིན། 

སྤྱི་ལོ2001ལོའི་ཟླ5པ་ནས2004ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཏང་ཨུ་ཧྲུའུ་ཅི། ཞིང་ཆེན་ཏང་ཨུ་ཁེ་ལས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་བཅས་ཡིན།

སྤྱི་ལོ2004ལོའི་ཟླ3པ་ནས2004ལོའི་ཟླ9བའི་བར། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཏང་ཨུ་ཧྲུའུ་ཅི་གཞོན་པ་བཅས་ཡིན།

སྤྱི་ལོ2004ལོའི་ཟླ9བ་ནས2005ལོའི་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཏང་ཨུ་ཧྲུའུ་ཅི་གཞོན་པ་བཅས་ཡིན།

སྤྱི་ལོ2005ལོའི་ཟླ5བ་ནས2008ལོའི་ཟླ1པའི་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་ཏང་ཙུའུ་ཁོངས་མི། ཟི་ལིང་གྲོང་ཁྱེར་ཏང་ཨུ་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན། 

སྤྱི་ལོ2008ལོའི་ཟླ5བ་ནས2009ལོའི་ཟླ4བའི་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཁོངས་མི། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ལ་དབང་བའི་མ་རྩ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ལ་དབང་བའི་མ་རྩ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུ་ཧྲུའུ་ཅི། ཟི་ལིང་གྲོང་ཁྱེར་ཏང་ཨུ་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་། ཟི་ལིང་གྲོང་ཁྱེར(རྒྱལ་ཁབ་རིམ་པ།)དཔལ་འབྱོར་ལག་རྩལ་གསེར་སྤེལ་ས་ཁུལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཟི་ལིང་གྲོང་ཁྱེར(རྒྱལ་ཁབ་རིམ་པ།)དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཡིན།

སྤྱི་ལོ2009ལོའི་ཟླ4བ་ནས2010ལོའི་ཟླ9བའི་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཁོངས་མི། མཚོ་སྔོན་ཞིང་ཆེན་སྲིད་གཞུང་རྒྱལ་ཁབ་ལ་དབང་བའི་མ་རྩ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཏང་ཨུ་ཧྲུའུ་ཅི་བཅས་ཡིན། 

སྤྱི་ལོ2010ལོའི་ཟླ9བ་ནས2013ལོའི་ཟླ5བའི་བར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ། ཏང་ཙུའུ་ཁོངས་མི། མཚོ་སྔོན་ཞིང་ཆེན་སྲིད་གཞུང་རྒྱལ་ཁབ་ལ་དབང་བའི་མ་རྩ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཏང་ཨུ་ཧྲུའུ་ཅི་བཅས་ཡིན། ཟི་ལིང་གྲོང་ཁྱེར(རྒྱལ་ཁབ་རིམ་པ།)དཔལ་འབྱོར་ལག་རྩལ་གསེར་སྤེལ་ས་ཁུལ་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཚྭ་འདམ(རྒྱལ་ཁབ་རིམ་པ།)དཔལ་འབྱོར་འཁོར་སྐྱོད་ཀྱི་ཚོད་ལྟ་ས་ཁུལ། མཚོ་ཤར་བཟོ་ལས་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཡིན། 

སྤྱི་ལོ2013ལོའི་ཟླ5བ་ནས་བཟུང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ། ཏང་ཙུའུ་ཁོངས་མི། མཚོ་སྔོན་ཞིང་ཆེན་སྲིད་གཞུང་རྒྱལ་ཁབ་ལ་དབང་བའི་མ་རྩ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཏང་ཨུ་ཧྲུའུ་ཅི་བཅས་ཡིན། ཟི་ལིང་གྲོང་ཁྱེར(རྒྱལ་ཁབ་རིམ་པ།)དཔལ་འབྱོར་ལག་རྩལ་གསེར་སྤེལ་ས་ཁུལ་བྱ་བའི་ཨུ་ཡོན་ལྷན་ཁང་། ཚྭ་འདམ་དཔལ་འབྱོར་འཁོར་སྐྱོད་ཀྱི་ཚོད་ལྟ་ས་ཁུལ། མཚོ་ཤར་བཟོ་ལས་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། ལའོ་ཡུས་ལིན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-11

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།