ལིའུ་ཀྲི་ཆང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལིའུ་ཀྲི་ཆང་།
ཁོང་ནི་ཧྲན་ཏུང་ཅོན་ཁྲེང་གི་མི་ཡིན། ཞིབ་འཇུག་སློབ་མའི་བསླབ་གནས་ལྡན། ད་ལྟ་ཁྲིམས་འཛིན་པུའུ་པུའུ་ཀྲང་དང་། ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刘志强
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ7པ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧྲན་ཏུང་ཅོན་ཁྲེང་།
དད་མོས།
གུང་ཁྲན་རིང་ལུགས།
མཐར་ཕྱིན་སློབ་གྲྭ།
རྒྱལ་སྤྱིའི་ཆབ་སྲིད་སློབ་གླིང་།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1963ལོའི་ཟླ7པར་སྐྱེས། ཧྲན་ཏུང་ཅོན་ཁྲིན་གྱི་མི་ཡིན། ཞིབ་འཇུག་སློབ་མའི་བསླབ་གནས་ལྡན།  སྤྱི་ལོ1984ལོའི་ཟླ8པར་བྱ་བར་ཞུགས། སྤྱི་ལོ1986ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ད་ལྟ་ཁྲིམས་འཛིན་པུའུ་པུའུ་ཀྲང་དང་། ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་བཞེས་ཡོད། 

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1980ལོའི་ཟླ9བ་ནས1984ལོའི་ཟླ8པའི་བར། རྒྱལ་སྤྱིའི་ཆབ་སྲིད་སློབ་གླིང་གི་དབྱིན་ཡིག་སྡེ་ཁག་ནས་དབྱིན་ཡིག་ལ་སློབ་སྦྱོང་མཛད།

སྤྱི་ལོ1984ལོའི་ཟླ8པ་ནས1985ལོའི་ཟླ8པའི་བར། སྤྱི་བདེ་པུའུ་ཕྱི་དོན་ཅུའུ་ཡི་ལས་བྱེད་པ་ཡིན། 

སྤྱི་ལོ1985ལོའི་ཟླ8པ་ནས1994ལོའི་ཟླ6པའི་བར། སྤྱི་བདེ་པུའུ་ཕྱི་དོན་ཅུའུ་ཡོ་རོབ་ཁྲུའུ་ཡི་ཁོ་ཡོན་དང་ཀྲུའུ་རིན་གཞོན་པའི་ཁོ་ཡོན། ཀྲུའུ་རིན་ཁོ་ཡོན། ཁྲུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས། (སྤྱི་ལོ1991ལོའི་ཟླ10བ་ནས1992ལོའི་ཟླ9བའི་བར། གཞུང་མངག་དབྱིན་ཇིའི་ཨེ་ཁིག་ཟི་ཐིག་སློབ་ཆེན་དུ་ཉེན་དོན་དང་ཉེས་དོན་ཁྲིམས་འཛིན་ཆེད་ལས་ལ་སློབ་སྦྱོང་མཛད།)

སྤྱི་ལོ1994ལོའི་ཟླ6པ་ནས1998ལོའི་ཟླ9བའི་བར། སྤྱི་བདེ་པུའུ་ཕྱི་དོན་ཅུའུ་ཡོ་རོབ་དང་ཨ་གླིང་ཁྲུའུ་ཁྲུའུ་ཀྲང་གཞོན་པ་དང་ཁྲུའུ་ཀྲང་གི་འགན་བཞེས།(སྤྱི་ལོ 1996ལོའི་ཟླ3པ་ནས1997ལོའི་ཟླ8པའི་བར། གནས་སྐབས་སུ་ཧྲན་ཏུང་ཞིང་ཆེན་ཡན་ཐའེ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་ཡན་ལག་ཅུའུ་ཅུའུ་ཀྲང་གཞོན་པའི་འགན་བཞེས།)

སྤྱི་ལོ1998ལོའི་ཟླ9བ་ནས1999ལོའི་ཟླ9བའི་བར། སྤྱི་བདེ་པུའུ་ཕྱི་དོན་ཅུའུ་རྒྱལ་སྤྱིའི་འབྲེལ་གཏུག་ཁྲུའུ་ཁྲུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ1999ལོའི་ཟླ9བ་ནས2004ལོའི་ཟླ2པའི་བར། སྤྱི་བདེ་པུའུ་ཕྱི་དོན་ཅུའུ་ ཅུའུ་ཀྲང་གཞོན་པའི་འགན་བཞེས། 

སྤྱི་ལོ2004ལོའི་ཟླ2པ་ནས2005ལོའི་ཟླ10བའི་བར། སྤྱི་བདེ་པུའུ་ཕྱི་དོན་ཅུའུ་ཅུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ2005ལོའི་ཟླ10བ་ནས2012ལོའི་ཟླ6པའི་བར། སྤྱི་བདེ་པུའུ་རྒྱལ་སྤྱིའི་མཉམ་ལས་ཅུའུ་ཅུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ2012ལོའི་ཟླ6པ་ནས2016ལོའི་ཟླ1པོའི་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་གི་འགན་བཞེས།

སྤྱི་ལོ2016ལོའི་ཟླ1པོ་ནས་ད་ལྟའི་བར། ཁྲིམས་འཛིན་པུའུ་པུའུ་ཀྲང་དང་། ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་བཞེས་ཡོད། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། ལིག་ཀྲི་ཆང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-03

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

རིགས་འགྲེ་བརྡ་འགྲེལ།