ཁྲིན་ལི་ཧྭ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲིན་ལི་ཧྭ།
ཁྲིན་ལི་ཧྭ་ནི་ལིའོ་ཉིང་ནོར་སྲིད་དཔལ་འབྱོར་སློབ་གླིང་རྩིས་གཉེར་སྡེ་ཁག་བཟོ་ལས་རྩིས་གཉེར་ཆེད་ལས་ནས་སློབ་མཐར་ཕྱིན། སློབ་ཆེན་དཔལ་འབྱོར་རིག་པའི་ཤེས་རམས་པ་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མ་ཡིན། ད་ལྟ་ཐེན་ཅིན་གྲོང་ཨུའི་རྒྱུན་ཨུ་དང་། སློབ་གསོ་བྱ་བའི་ཨུ་ཡོན་གྱི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
程丽华
སྐྱེས་ལོ།
སྤྱི་ལོ1965ལོའི་ཟླ4བ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར།
དད་མོས།
གུང་ཁྲན་རིང་ལུགས།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1989ལོའི་ཟླ9བ།
མཐར་ཕྱིན་སློབ་གྲྭ།
བྱང་ཤར་ནོར་སྲིད་དཔལ་འབྱོར་སློབ་ཆེན།
1 ​ངོ་སྤྲོད།

ཁྲིན་ལི་ཧྭ་ནི་སྤྱི་ལོ1965ལོའི་ཟླ4བར་མཚོ་སྔོན་ཟི་ལིང་དུ་སྐྱེས། ཕ་ཡུལ་ཧོ་ནན་ཞིང་ཆེན་ཀུའུ་ཧྲི་རྫོང་གི་ཡིན། སྤྱི་ལོ1984ལོའི་ཟླ7པར་བྱ་བ་ཞུགས། སྤྱི་ལོ1989ལོའི་ཟླ9བར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ལིའོ་ཉིང་ནོར་སྲིད་དཔལ་འབྱོར་སློབ་གླིང (ད་ལྟ་བྱང་ཤར་ནོར་སྲིད་དཔལ་འབྱོར་སློབ་ཆེན)རྩིས་གཉེར་སྡེ་ཁག་བཟོ་ལས་རྩིས་གཉེར་ཆེད་ལས་ནས་སློབ་མཐར་ཕྱིན། སློབ་ཆེན་དཔལ་འབྱོར་རིག་པའི་ཤེས་རམས་པ་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མ་ཡིན། ད་ལྟ་ཐེན་ཅིན་གྲོང་ཨུའི་རྒྱུན་ཨུ་དང་། སློབ་གསོ་བྱ་བའི་ཨུ་ཡོན་གྱི་ཧྲུའུ་ཅིའི་འགན་བཞེས་ཡོད། 

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1984ལོའི་ཟླ7པ་ནས1993ལོའི་ཟླ2པའི་བར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ཁེ་ལས་ཁྲུའུ་ཡི་ཁ་ཡོན་དང་ཁའོ་ཡོན་གཞོན་པའི་འགན་བཞེས།

སྤྱི་ལོ1993ལོའི་ཟླ2པ་ནས1996ལོའི་ཟླ10བའི་བར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་རྒྱལ་ཁབ་བུ་ལོན་པུའུ་ཡི་སྤྱི་གཉེར་པའི་འགན་བཞེས(ཁའོ་རིམ་པ།) 

སྤྱི་ལོ1993ལོའི་ཟླ10བ་ནས1996ལོའི་ཟླ9བའི་བར་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་སྔོན་རྩིས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས། 

སྤྱི་ལོ1996ལོའི་ཟླ9བ་ནས1999ལོའི་ཟླ9བའི་བར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་རིག་སློབ་སྲིད་འཛིན་ཁྲུའུ་ཁྲུའུ་ཀྲང་གི་འགན་བཞེས། (སྤྱི་ལོ1997ལོའི་ཟླ3པ་ནས་ཟླ6པའི་བར། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་ལས་བྱེད་པའི་དར་གཞོན་གསོ་སྦྱོང་འཛིན་གྲྭ་ཐེངས16པ་ནས་སློབ་སྦྱོང་བྱས།)

སྤྱི་ལོ1999ལོའི་ཟླ5བ་ནས2000ལོའི་ཟླ1པའི་བར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ཁྲིམས་སྲོལ་ཁྲུའུ་ཡི་འགན་འཁུར་པའི་འགན་བཞེས། (སྤྱི་ལོ1998ལོའི་ཟླ9བ་ནས2000ལོའི་ཟླ2པའི་བར། ནོར་སྲིད་པུའུ་ནོར་སྲིད་ཚན་རིག་ཞིབ་འཇུག་ཁང་ཞིབ་འཇུག་པུའུ་ཡི་ནོར་སྲིད་ཆེད་ལས་ལ་སློབ་སྦྱོང་བྱས།)  

སྤྱི་ལོ2000ལོའི་ཟླ1པ་ནས2001ལོའི་ཟླ12བར། མཚོ་སྔོན་ཞིང་ཆེན་ས་གནས་ཁྲལ་དོན་ཅུའུ་ཅུའུ་ཀྲང་གཞོན་པ་དང་ཏང་ཙུའུ་མི་སྣའི་འགན་བཞེས། 

སྤྱི་ལ2001ལོའི་ཟླ12ནས2005ལོའི་ཟླ9བའི་བར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པའི་འགན་བཞེས། (    སྤྱི་ལོ2002ལོའི་ཟླ5བ་ནས་ཟླ6པའི་བར། རྒྱལ་ཡོངས་ཧྲི་ཀྲང་ཞིབ་འཇུག་འཛིན་གྲྭ་ཐེངས33པ་ནས་སློབ་སྦྱོང་བྱས།)

སྤྱི་ལོ2005ལོའི་ཟླ9བ་ནས2008ལོའི་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་དང་ཏང་ཙུའུ་མི་སྣའི་འགན་བཞེས། (    སྤྱི་ལོ2007ལོའི་ཟླ7པ་ནས12བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཐེངས་བདུན་པའི་དར་གཞོན་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ2008ལོའི་ཟླ5བ་ནས2009ལོའི་ཟླ1པའི་བར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཐིན་ཀྲང་གཞོན་པའི་འགན་བཞེས། (    སྤྱི་ལོ2008ལོའི་ཟླ3པ་ནས2010ལོའི་ཟླ1པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་འཛམ་གླིང་དཔལ་འབྱོར་ཆེད་སྦྱོང་ལས་ཐོག་ཞིབ་འཇུག་སློབ་མར་ཞུགས།)

སྤྱི་ལོ2009ལོའི་ཟླ1པ་ནས་ད་ལྟའི་བར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ཏང་ཙུའུ་ཧྲུའུ་ཅི་དང་ཐིན་ཀྲང་གི་འགན་བཞེས།(སྤྱི་ལོ2010ལོའི་ཟླ7པར་ཀྲང་དབྱང་ཡན་ཨན་ལས་བྱེད་པའི་སློབ་གླིང་དར་གཞོན་ལས་བྱེད་པ་ཏང་གཤིས་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོའི་སློབ་སྦྱོང་ལ་ཞུགས་པ་དང་།     སྤྱི་ལོ2012ལོའི་ཟླ3པ་ནས་ཟླ7པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭ་དར་གཞོན་འཛིན་གྲྭ་ཐེངས32པའི་གསོ་སྦྱོང་འཛིན་གྲྭར་ཞུགས།)

སྤྱི་ལོ2013ལོའི་ཟླ1པོ་ནས2014ལོའི་ཟླ1པའི་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཁོངས་མི། ཞིང་ཆེན་ནོར་སྲིད་ཐིན་ཏང་ཙུའུ་ཧྲུའུ་ཅི། ཐིན་ཀྲང་བཅས་ཀྱི་འགན་བཞེས།  

སྤྱི་ལོ2014ལོའི་ཟླ1པོ་ནས2017ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ3པ་ནས2017ལོའི་ཟླ4བའི་བར། ཐེན་ཅིན་གྲོང་ཨུའི་རྒྱུན་ཨུ་དང་། སློབ་གསོ་བྱ་བའི་ཨུ་ཡོན་གྱི་ཧྲུའུ་ཅིའི་འགན་བཞེས།

ཏང་གི་སྐབས་བཅུ་དགུ་བའི་འཐུས་མི་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་བཅས་ཡིན། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། ཁྲེང་ལི་ཧྭ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-10

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

རིགས་འགྲེ་བརྡ་འགྲེལ།