དཔལ་རྒྱལ་བཀྲ་ཤིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔལ་རྒྱལ་བཀྲ་ཤིས།
ཁོང་ནི1964ལོའི་ཟླ1པོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་དུ་སྐྱེས། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གྱི་འགན་བཞེས་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白加扎西
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ1པོ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་།
དད་མོས།
གུང་ཁྲན་རིང་ལུགས།
མཐར་ཕྱིན་སློབ་གྲྭ།
མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1964ལོའི་ཟླ1པོར་མཚོ་སྔོན་ཞིང་ཆེན་ནང་ཆེན་རྫོང་དུ་སྐྱེས།  སྤྱི་ལོ1981ལོའི་ཟླ2པར་བྱ་བར་ཞུགས་ཤིང་། སྤྱི་ལོ1985ལོའི་ཟླ10བར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན།   ད་ལྟ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གྱི་འགན་བཞེས་ཀྱིན་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1981ལོའི་ཟླ2པ་ནས1982ལོའི་ཟླ4པའི་བར།  མཚོ་སྔོན་ཞིང་ཆེན་ནང་ཆེན་རྫོང་ཏུང་པཱ་ཀུང་ཧྲེ་ཡི་ཐོན་སྐྱེད་ལས་བྱེད་པ་ཡིན།

སྤྱི་ལོ1982ལོའི་ཟླ4པ་ནས1989ལོའི་ཟླ6པའི་བར།  མཚོ་སྔོན་ཞིང་ཆེན་ནང་ཆེན་རྫོང་ཤར་མདའ་ཞང་སྲིད་གཞུང་གི་ལས་བྱེད་པ་ཡིན།

སྤྱི་ལོ1989ལོའི་ཟླ6པ་ནས1990ལོའི་ཟླ12པའི་བར།  མཚོ་སྔོན་ཞིང་ཆེན་ནང་ཆེན་རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་གི་དྲུང་ཡིག་ཡིན།

སྤྱི་ལོ1990ལོའི་ཟླ12པ་ནས1994ལོའི་ཟླ5པའི་བར།  མཚོ་སྔོན་ཞིང་ཆེན་ནང་ཆེན་རྫོང་དམངས་ཆེན་རྒྱུན་ཨུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས།

སྤྱི་ལོ1994ལོའི་ཟླ5པ་ནས1996ལོའི་ཟླ1པའི་བར།  མཚོ་སྔོན་ཞིང་ཆེན་ནང་ཆེན་རྫོང་ཏང་ཨུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

སྤྱི་ལོ1996ལོའི་ཟླ1པ་ནས2001ལོའི་ཟླ7པའི་བར།  མཚོ་སྔོན་ཞིང་ཆེན་ནང་ཆེན་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ7པ་ནས2004ལོའི་ཟླ10པའི་བར།  མཚོ་སྔོན་ཞིང་ཆེན་ཁྲི་འདུ་རྫོང་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ཚབ་མ།  རྫོང་དཔོན་བཅས་ཀྱི་འགན་བཞེས།

སྤྱི་ལོ2004ལོའི་ཟླ10པ་ནས2006ལོའི་ཟླ4པའི་བར།  མཚོ་སྔོན་ཞིང་ཆེན་ཁྲི་འདུ་རྫོང་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ4པ་ནས2008ལོའི་ཟླ9པའི་བར།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་རྒྱུན་ཨུ་དང་ཁྲི་འདུ་རྫོང་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2008ལོའི་ཟླ9པ་ནས2010ལོའི་ཟླ9པའི་བར།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ9པ་ནས2013ལོའི་ཟླ5པའི་བར།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ5པ་ནས2013ལོའི་ཟླ7པའི་བར།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཏང་ཨུའི་ཨུ་ཡོན་དང་རྒྱུན་ཨུ།  ཧྲུའུ་ཅི་གཞོན་པ།  ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་བཅས་ཀྱི་འགན་བཞེས།

སྤྱི་ལོ2013ལོའི་ཟླ7པ་ནས2016ལོའི་ཟླ10པའི་བར། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ11པ་ནས་ད་ལྟའི་བར།  མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གྱི་འགན་བཞེས་ཀྱིན་ཡོད།

མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན།

3 ​བསྐོ་འཐེན་གནས་ཚུལ།

སྤྱི་ལོ2016ལོའི་ཟླ11པའི་ཚེས19ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་དཔལ་རྒྱལ་བཀྲ་ཤིས་ལགས་ཁུལ་དཔོན་དུ་བདམས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:7  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-14

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

རིགས་འགྲེ་བརྡ་འགྲེལ།