དབྱང་ཁུ་ཉིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱང་ཁུ་ཉིང་།
སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་གི་བཟོ་ཚོང་དོ་དམ་ཆེད་ལས་སྦྱངས་ནས་མཐར་ཕྱིན། ལས་ཐོག་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། རྔ་བ་ཁུལ་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杨克宁
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ1པ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1987ལོའི་ཟླ5བ།
མཐར་ཕྱིན་སློབ་གྲྭ།
སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1962ལོའི་ཟླ1པར་སི་ཁྲོན་རྔ་བ་ཁུལ་བཙན་ལྷ་རྫོང་དུ་སྐྱེས། སྤྱི་ལོ1982ལོའི་ཟླ7པར་བྱ་བར་ཞུགས་ཤིང་། སྤྱི་ལོ1987ལོའི་ཟླ5བར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་གི་བཟོ་ཚོང་དོ་དམ་ཆེད་ལས་སྦྱངས་ནས་མཐར་ཕྱིན།  ལས་ཐོག་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། རྔ་བ་ཁུལ་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན།  ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཀྱིན་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1980ལོའི་ཟླ9བ་ནས1982ལོའི་ཟླ7པའི་བར།  རྔ་བ་ཁུལ་ནོར་ཚོང་སློབ་གྲྭའི་དངོས་རིན་འཛིན་གྲྭར་སློབ་སྦྱོང་བྱས།

སྤྱི་ལོ1982ལོའི་ཟླ7པ་ནས1984ལོའི་ཟླ5བའི་བར།  ཆུ་ཆེན་རྫོང་ཚོང་ལས་ཅུའུ་མི་དམངས་ཟ་ཁང་གི་རྩིས་གཉེར་བ་ཡིན།

སྤྱི་ལོ1984ལོའི་ཟླ5བ་ནས1987ལོའི་ཟླ10བའི་བར།  ཆུ་ཆེན་རྫོང་ཚོང་ལས་ཅུའུ་ནོར་རྩིས་ཚན་ཁག་གི་ཚན་གཙོའི་འགན་བཞེས།

སྤྱི་ལོ1987ལོའི་ཟླ10བ་ནས1988ལོའི་ཟླ4བའི་བར།  ཆུ་ཆེན་རྫོང་མི་དམངས་ཚོང་གཉེར་ཀུང་ཟིའི་སྤྱི་གཉེར་གཞོན་པ་དང་གཞོགས་འདེགས་རྩིས་གཉེར་པའི་འགན་བཞེས།

སྤྱི་ལོ1988ལོའི་ཟླ4བ་ནས1992ལོའི་ཟླ7པའི་བར།  ཆུ་ཆེན་རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་གི་དྲུང་ཡིག་ཡིན། (སྤྱི་ལོ1990ལོའི་ཟླ2པ་ནས1992ལོའི་ཟླ7པའི་བར་དུ་ཞིང་ཆེན་ཏང་གི་སློབ་གྲྭའི་ཆེད་ཚན་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ1992ལོའི་ཟླ7པ་ནས1995ལོའི་ཟླ4བའི་བར།  ཆུ་ཆེན་རྫོང་ཏང་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ4བ་ནས1995ལོའི་ཟླ9བའི་བར།  ཁུལ་ཨུའི་རྩ་འཛུགས་པུའུ་ཀྲུའུ་རིན་གཞོན་པའི་ལས་གཉེར་བ་ཡིན།

སྤྱི་ལོ1995ལོའི་ཟླ9བ་ནས1997ལོའི་ཟླ9བའི་བར།  ཁུལ་ཨུའི་རྩ་འཛུགས་པུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས། 

སྤྱི་ལོ1997ལོའི་ཟླ9བ་ནས1999ལོའི་ཟླ7པའི་བར།  ཁུལ་ཨུའི་གཞུང་སྒྲུབ་ཁང་གི་དྲུང་ཡིག་ཚན་ཁག་དང་པོའི་འགོ་གཙོའི་འགན་བཞེས།

སྤྱི་ལོ1999ལོའི་ཟླ9བ་ནས2000ལོའི་ཟླ7པའི་བར།  ཁུལ་ཨུའི་ཏང་གི་འཛུགས་སྐྲུན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་དང་ཁུལ་ཨུའི་རྩ་འཛུགས་པུའུ་ཨུ་ཡོན།  རྩ་འཛུགས་ཚན་ཁག་གི་འགོ་གཙོ་བཅས་ཀྱི་འགན་བཞེས།  (སྤྱི་ལོ1997འི་ཟླ9བ་ནས1999ལོའི་ཟླ12པའི་བར་དུ། ཞིང་ཆེན་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་གི་དངོས་གཞི་འཛིན་གྲྭར་སྲིད་འཛིན་དོ་དམ་ཆེད་ལས་ལ་སློབ་སྦྱོང་བྱས། སྤྱི་ལོ2000ལོའི་ཟླ3པ་ནས2000ལོའི་ཟླ5བའི་བར་དུ། ཁུལ་ཏང་གི་སློབ་གྲྭའི་ལས་བྱེད་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ2000ལོའི་ཟླ7པ་ནས2001ལོའི་ཟླ6པའི་བར།  ཁུལ་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས།
       སྤྱི་ལོ2001ལོའི་ཟླ6པ་ནས2001ལོའི་ཟླ11པའི་བར།  ཁུལ་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ11པ་ནས2002ལོའི་ཟླ10བའི་བར།  ཁུལ་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་དང་ཁུལ་ཨུ། ཁུལ་སྲིད་གཞུང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གྱི་འགན་བཞེས། (སྤྱི་ལོ2002འི་ཟླ3པ་ནས2002ལོའི་ཟླ5བའི་བར་དུ། ཞིང་ཆེན་ཏང་གི་སློབ་གྲྭའི་ཅུའུ་ཀྲང་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ2002ལོའི་ཟླ10བ་ནས2002ལོའི་ཟླ11པའི་བར།  རྔ་བ་ཁུལ་འཛམ་ཐང་རྫོང་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2002ལོའི་ཟླ11པ་ནས2004ལོའི་ཟླ12པའི་བར།  འཛམ་ཐང་རྫོང་ཏང་ཨུ་ཧྲུའུ་ཅི་དང་རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གྱི་འགན་བཞེས། (སྤྱི་ལོ2003ལོའི་ཟླ7པ་ནས2004ལོའི་ཟླ1པའི་བར་དུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་དཔལ་འབྱོར་གོང་སྤེལ་ཁྲུའུ་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།)

སྤྱི་ལོ2004ལོའི་ཟླ12པ་ནས2006ལོའི་ཟླ12པའི་བར།  རྔ་བ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་རྒྱུན་ཨུ་པུའུ་ཀྲང་གཞོན་པའི་འགན་བཞེས།  (སྤྱི་ལོ2003འི་ཟླ9བ་ནས2005ལོའི་ཟླ7པའི་བར་དུ་སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་བཟོ་ཚོང་དོ་དམ་ཆེད་ལས་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ2006ལོའི་ཟླ12པ་ནས2007ལོའི་ཟླ1པའི་བར།  རྔ་བ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2007ལོའི་ཟླ1པ་ནས2007ལོའི་ཟླ2པའི་བར།  རྔ་བ་ཁུལ་ཏང་ཨུའི་རྒྱུན་ཨུ་དང་།  འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2007ལོའི་ཟླ2པ་ནས2011ལོའི་ཟླ12པའི་བར།  རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་སྲིད་ཁྲིམས་ཨུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ12པ་ནས2015ལོའི་ཟླ2པའི་བར།  རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2015ལོའི་ཟླ2པ་ནས་ད་ལྟའི་བར།  རྔ་བ་ཁུལ་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན།  ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཀྱིན་ཡོད་པ་རེད།  རྔ་བ་ཁུལ་ཨུའི་སྐབས་བརྒྱད་པ་དང་དགུ་བ།  བཅུ་བའི་ཨུ་ཡོན། ཁུལ་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ཨུ་ཡིན།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། ཡཱང་ཁུ་ཉིན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-03

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།