ལི་ཙའོ་མིང་།

ཁོང་ནི་སྤྱི་ལོ1957ལོའི་ཟླ9བར་ཧྲན་ཏུང་ལུང་ཁོའུ་ནས་སྐྱེས། ཀྲུང་གུང་ཏང་ཡོན་ཡིན། སྤྱི་ལོ1975ལོའི་ཟླ10བར་བྱ་བར་ཞུགས། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཀྱིན་ཡོད།
སྤྱི་ལོ1975ལོའི་ཟླ10བ་ནས1978ལོའི་ཟླ9བའི་བར། ཧོ་ནན་བུ་ཡཱང་ངར་ལྕགས་ཀུང་ཟི་གཏེར་རི་ཀུང་ཟིའི་ལས་བཟོ་བ་ཡིན།
སྤྱི་ལོ1978ལོའི་ཟླ9བ་ནས1982ལོའི་ཟླ7པའི་བར། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་སློབ་མ་ཡིན།
སྤྱི་ལོ1982ལོའི་ཟླ7པ་ནས1984ལོའི་ཟླ11པའི་བར། ནུབ་བྱང་སྲིད་ཁྲིམས་སློབ་གླིང་གི་ཉེས་ཁྲིམས་སློབ་དཔྱོད་ཁང་དུ་དགེ་རྒན་རམ་འདེགས་པའི་ལས་ཀ་བསྒྲུབས།
སྤྱི་ལོ1984ལོའི་ཟླ11པ་ནས1987ལོའི་ཟླ3པའི་བར། ཁྲུང་ཆིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པའི་ལས་ཀ་བསྒྲུབས།
སྤྱི་ལོ1987ལོའི་ཟླ3པ་ནས1987ལོའི་ཟླ4བའི་བར། ཁྲུང་ཆིང་གྲོང་ཁྱེར་རོང་ཁྲང་རྫོང་མི་དམངས་ཞིབ་དཔྱོད་ཁང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས།
སྤྱི་ལོ1987ལོའི་ཟླ4བ་ནས1992ལོའི་ཟླ5བའི་བར། ཁྲུང་ཆིང་གྲོང་ཁྱེར་རོང་ཁྲང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ1992ལོའི་ཟླ5བ་ནས1993ལོའི་ཟླ3པའི་བར། སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་རུལ་རྒོལ་ཅུའུ་ཅུའུ་ཀྲང་གཞོན་པའི་འགན་བཞེས།
སྤྱི་ལོ1993ལོའི་ཟླ3པ་ནས1994ལོའི་ཟླ12པའི་བར། སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་རུལ་རྒོལ་ཅུའུ་ཅུའུ་ཀྲང་གི་འགན་བཞེས།
སྤྱི་ལོ1994ལོའི་ཟླ12པ་ནས1996ལོའི་ཟླ2པའི་བར། ཁྲིན་ཏུའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དུ་འགན་འཁྱེར་སྦྱོང་བརྡར་བྱས་ཤིང་། འགོ་གཙོ་གཞོན་པ་དང་ཏང་རྩ་འཛུགས་ཀྱི་ཁོངས་མིའི་འགན་བཞེས།
སྤྱི་ལོ1996ལོའི་ཟླ2པ་ནས1998ལོའི་ཟླ5བའི་བར། སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་རུལ་རྒོལ་ཅུའུ་ཅུའུ་ཀྲང་གི་འགན་བཞེས།
སྤྱི་ལོ1998ལོའི་ཟླ5བ་ནས2000ལོའི་ཟླ11པའི་བར། སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་གཞོན་པ་དང་ཏང་རྩ་འཛུགས་ཀྱི་ཁོངས་མིའི་འགན་བཞེས།(སྤྱི་ལོ1999ལོའི་ཟླ9བ་ནས2000ལོའི་ཟླ1པའི་བར་དུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་འཛིན་གྲྭ་གཉིས་པར་སློབ་སྦྱོང་བྱས།)
སྤྱི་ལོ2000ལོའི་ཟླ11པ་ནས2007ལོའི་ཟླ7པའི་བར། སི་ཁྲོན་ཞིང་ཆེན་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཏང་རྩ་འཛུགས་ཀྱི་ཁོངས་མིའི་འགན་བཞེས། (སྤྱི་ལོ2005ལོའི་ཟླ6པ་ནས2007ལོའི་ཟླ7པའི་བར་དུ་སི་ཁྲོན་ཞིང་ཆེན་གཏན་སྲུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།)
སྤྱི་ལོ2007ལོའི་ཟླ7པ་ནས2011ལོའི་ཟླ3པའི་བར། སི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་འགོ་གཙོ་དང་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ2011ལོའི་ཟླ3པ་ནས2012ལོའི་ཟླ3པའི་བར། སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་གཞོན་པའི་འགན་བཞེས།
སྤྱི་ལོ2012ལོའི་ཟླ3པ་ནས་ད་ལྟའི་བར། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཀྱིན་ཡོད་པ་རེད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:5 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2015-11-12
གསར་སྤེལ་མཁན། :ལྕགས་མོ་རྒྱལ།