མཐུ་སྟོབས་རྡོ་རྗེ།

ཁོང་ནི་སྤྱི་ལོ1942ལོར་བོད་ལྗོངས་ལྷ་ས་རུ་སྐྱེས། སྤྱི་ལོ1972ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1968ལོར་པེ་ཅིང་སློབ་ཆེན་མཚན་ཉིད་རིག་པའི་སྡེ་ཁག་ཏུ་མཐར་ཕྱིན། སྔ་རྗེས་སུ་ཀྲུང་གུང་ཨུ་ཨར་གུ་ནཱ་ཙའོ་ཆི་ཏང་གི་སློབ་གྲྭའི་སློབ་གཙོ་དང་ཆི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས།
སྤྱི་ལོ1968ལོར་ནང་སོག་བཅིངས་འགྲོལ་དམག་ཝུ་ལང་སུ་ཧེ་ཞིང་རར་ངལ་རྩོལ་སྦྱོང་བརྡར་བྱས།
སྤྱི་ལོ1970ལོར་ནང་སོག་ཨུ་ཨར་གུ་ནཱ་ཙའོ་ཆི་ཀུན་ཧི་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་བསྒྲུབས།
སྤྱི་ལོ1972ལོར་ནང་སོག་ཨུ་ཨར་གུ་ནཱ་ཙའོ་ཆི་གསར་བརྗེ་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་ཚོགས་པར་ལས་ཀ་བསྒྲུབས། རྗེས་སུ་ཏང་གི་སློབ་གྲྭའི་གཞུང་ལུགས་དགེ་རྒན་དང་སློབ་གཙོ་གཞོན་པའི་འགན་བཞེས།
སྤྱི་ལོ1978ལོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་མི་རིགས་སློབ་གསོ་སུའོ་རུ་ལས་ཀ་བསྒྲུབས།
སྤྱི་ལོ1981ལོར་ང་ཕོད་ངག་དབང་འཇིགས་མེད(སྐབས་དེར་རྒྱལ་ཡོངས་དམངས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་བོད་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི། དམངས་ཆེན་ཀྲུའུརིན་བཅས་ཀྱི་འགན་བཞེས་ཡོད།)ཀྱི་དྲུང་ཡིག་བྱས།
སྤྱི་ལོ1984ལོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས། 1985ལོར་བོད་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས།
སྤྱི་ལོ1991ལོའི་ཟླ11པར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས།
ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་ལྔ་དང་བཅུ་དྲུག་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཡིན།
སྤྱི་ལོ2003ལོར་རྒྱལ་ཡོངས་སྐབས་བཅུ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ཁང་གི་ཨུ་ཡོན། ཞིང་ལས་དང་ཞིང་སྡེའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:4 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2015-11-03
གསར་སྤེལ་མཁན། :ལྕགས་མོ་རྒྱལ།