སྲི་ཐར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲི་ཐར།
ཁོང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རུ་སྐྱེས། ཀྲུང་གུང་ཏང་ཡོན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མཚན་ཉིད་སྡེ་ཁག་གི་ཆོས་ལུགས་རིག་པའི་ཆེད་ལས་སྦྱངས་ནས་མཐར་ཕྱིན་པ་དང་། འབུམ་རམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་གཞོན་པའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
斯塔
སྐྱེས་ལོ།
སྤྱི་ལོ1953ལོ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་མི་རིགས་སློབ་ཆེན།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1953ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རུ་སྐྱེས།  ཀྲུང་གུང་ཏང་ཡོན།  སྤྱི་ལོ2007ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མཚན་ཉིད་སྡེ་ཁག་གི་ཆོས་ལུགས་རིག་པའི་ཆེད་ལས་སྦྱངས་ནས་མཐར་ཕྱིན་པ་དང་། འབུམ་རམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་གཞོན་པའི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1968ལོ་ནས1978ལོའི་བར།  དཀར་མཛེས་ཁུལ་དར་མདོ་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་པ་དང་། སྔ་རྗེས་སུ་སློབ་ཆུང་གི་དགེ་རྒན་དང་ཀུང་ཧྲེའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ1978ལོ་ནས1982ལོའི་བར། ཀྲུང་དབྱང་མི་རིགས་སློབ་གླིང་ཆབ་སྲིད་སྡེ་ཁག་ཏུ་རྒྱུགས་འཕྲོད་པ་དང་།  སྡེ་ཁག་གི་སློབ་མའི་ཚོགས་པའི་ཀྲུའུ་ཞིའི་ལས་འགན་ཁུར།    

སྤྱི་ལོ1982ལོ་ནས1984ལོའི་བར། ཕུལ་བྱུང་མཐར་ཕྱིན་སློབ་མའི་མཚན་སྙན་བསྩལ་ནས་ཀྲུང་དབྱང་མི་རིགས་སློབ་གླིང་དུ་དགེ་རྒན་གྱི་ལས་ཀ་བསྒྲུབས། 

སྤྱི་ལོ1984ལོ་ནས1988ལོའི་བར།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་ལས་ཀ་བསྒྲུབས་ཤིང་།  དེ་རྗེས་རྒྱ་གར་གཞུང་ཚབ་ཁང་དུ་ལས་ཀ་བསྒྲུབས་པ་ཡིན། ཁོ་ནི་རྒྱལ་ཁབ་ཀྱིས་མངགས་པའི་རྒྱལ་ཕྱིའི་གཞུང་ཚབ་ཁང་དུ་རྒྱལ་ཕྱིའི་བོད་མིའི་བྱ་བ་སྒྲུབ་པའི་ཆེད་ལས་ལས་བྱེད་པ་རབས་ཐོག་མའི་གྲས་ཡིན།

སྤྱི་ལོ1988ལོ་ནས1997ལོའི་བར། སོ་ལེ་ཧྲི་སྤྱི་ཁྱབ་གཞུང་ཚབ་ཁང་དུ་ལས་ཀ་བསྒྲུབས།

སྤྱི་ལོ1997ལོ་ནས2006ལོའི་བར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཅུའུ་གཉིས་པའི་ཅུའུ་ཀྲང་གཞོན་པ་དང་ཅུའུ་བདུན་པའི(བོད་ལྗོངས་ཀྱི་ལས་དོན་གཙོ་གཉེར་བྱེད་པ།)ཅུའུ་ཀྲང་། བོད་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2006ལོ་ནས་ད་ལྟའི་བར། ཀྲུང་དབྱང་འཐབ་ཕྱོགས་གཅིག་པུའུ་པུའུ་ཀྲང་གཞོན་པའི་འགན་བཞེས་ཀྱིན་ཡོད་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། སྲི་ཐར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-03

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།