ང་ཕོད་ཚེ་བསྟན་སྒྲོན་དཀར།

ང་ཕོད་ཚེ་བསྟན་སྒྲོན་དཀར་ནི་སྤྱི་ལོ1915ལོའི་ཟླ9བར་བོད་ལྗོངས་ལྷ་ས་རུ་སྐྱེས། ང་ཕོད་ངག་དབང་འཇིགས་མེད་ཀྱི་སྐུ་ལྕམ་ཡིན། ལྷ་ས་གྲོང་ཁྱེར་རྒྱལ་གཅེས་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན་དང་བོད་ལྗོངས་ས་ཁུལ་རྒྱལ་གཅེས་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ། བོད་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བོད་ལྗོངས་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན། རྒྱལ་ཡོངས་བུད་མེད་སྐབས་བཞི་བ་ནས་བདུན་པའི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་། རྒྱལ་ཡོངས་སྐབས་གསུམ་པ་ནས་དགུ་བའི་དམངས་ཆེན་གྱི་འཐུས་མི། རྒྱལ་ཡོངས་སྐབས་གསུམ་པའི་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ཡིན། སྤྱི་ལོ2012ལོའི་ཟླ5བའི་ཚེས24ཉིན། རྒྱལ་ས་པེ་ཅིན་དུ་སྐུ་ཚེ་འདས། དགུང་ལོ97ལ་བཞུགས།
སྤྱི་ལོ1953ལོའི་ཟླ3པ་ནས1954ལོའི་ཟླ3པའི་བར། ལྷ་ས་གྲོང་ཁྱེར་རྒྱལ་གཅེས་བུད་མེད་ལྷན་ཚོགས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།
སྤྱི་ལོ1954ལོའི་ཟླ3པ་ནས1956ལོའི་ཟླ11པའི་བར། ལྷ་ས་གྲོང་ཁྱེར་རྒྱལ་གཅེས་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན་གྱི་འགན་བཞེས།
སྤྱི་ལོ1956ལོའི་ཟླ11པ་ནས1959ལོའི་བར། བོད་ལྗོངས་རྒྱལ་གཅེས་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པའི་འགན་བཞེས།
སྤྱི་ལོ1959ལོར། བོད་ལྗོངས་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན་ཚབ་མའི་འགན་བཞེས། ལོ་དེར་བོད་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་གྱི་འགན་བཞེས།
སྤྱི་ལོ1960ལོའི་ཟླ6པར། བོད་ལྗོངས་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན་གྱི་འགན་བཞེས།
སྤྱི་ལོ1965ལོར། བོད་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས།
སྤྱི་ལོ1973ལོའི་ཟླ7པ་ནས། བོད་ལྗོངས་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་མཚན་འཛིན་ཀྲུའུ་རིན་གྱི་འགན་བཞེས།
སྤྱི་ལོ1978ལོའི་ཟླ9བ་ནས། རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས།
སྤྱི་ལོ2003ལོའི་ཟླ3པ་ནས་ལས་འཁྱུར་ངལ་གསོ་བྱས།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:4 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2015-11-05
གསར་སྤེལ་མཁན། :ལྕགས་མོ་རྒྱལ།