ང་ཕོད་ངག་དབང་འཇིགས་མེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ང་ཕོད་ངག་དབང་འཇིགས་མེད།
ཁོང་ནི་སྤྱི་ལོ1910ལོའི་ཟླ2པར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྐྱེས། ཀྲུང་གུང་ཏང་ཡོན། རྒྱལ་ཡོངས་སྐབས་བཅུ་གཅིག་པའི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿沛·阿旺晋美
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ1910ལོ--སྤྱི་ལོ2009ལོའི་ཟླ12པའི་ཚེས23ཉིན།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1910ལོའི་ཟླ2པར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྐྱེས།  ཀྲུང་གུང་ཏང་ཡོན།  རྒྱལ་ཡོངས་སྐབས་བཅུ་གཅིག་པའི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་།  སྤྱི་ལོ1955ལོར་བཅིངས་འགྲོལ་བྱས་རྗེས་གཟེངས་རྟགས་རིམ་པ་དང་པོ་ཐོབ་པར་མ་ཟད།  ཀྲུང་ཅང་དམག་མིའི་གོ་རྟགས་བསྩལ་བ་རེད།  སྤྱི་ལོ2009ལོའི་ཟླ12པའི་ཚེས23ཉིན་གྱི་ཕྱི་དྲོའི་དུས་ཚོད4དང་སྐར་མ50སྟེང། རྒྱལ་ས་པེ་ཅིན་དུ་སྐུ་ཚེ་འདས། དགུང་ལོ100ལ་བཞུགས་པ་རེད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1936ལོ་ནས1952ལོའི་བར།  བོད་ལྗོངས་ས་གནས་སྲིད་གཞུང་ཆབ་མདོའི་འབྲུ་དཔོན་དང་དམངས་དོན་ཁྲིམས་དཔོན།  རྩིས་དཔོན། ཆབ་མདོའི་སྤྱི་གཉེར།  བཀའ་བློན་སོགས་ཀྱི་འགན་བཞེས། (1951ལོར་བོད་ལྗོངས་ས་གནས་སྲིད་གཞུང་གི་པེ་ཅིན་དུ་གྲོས་མོལ་ལ་བགྲོད་པའི་དབུ་བཞུགས་སྐུ་ཚབ་ཀྱི་འགན་བཞེས་ནས།  ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱེད་ཐབས་ཀྱི་གྲོས་ཡིག་བཞག)

སྤྱི་ལོ1952ལོ་ནས1959ལོའི་བར།  བོད་ལྗོངས་དམག་ཁུལ་གྱི་དམག་སྤྱི་གཞོན་པ་དང་པོའི་འགན་བཞེས་ནས་ཀྲུང་ཅང་དམག་མིའི་གོ་རྟགས་ཐོབ་པ་དང་།  བོད་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་གྲ་སྒྲིག་ཁྲུའུ་ཁྲུའུ་ཀྲང་དང་དྲུང་ཡིན་ཆེན་མོ། ཀྲུའུ་རིན་གཞོན་པ།  རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས།

སྤྱི་ལོ1959ལོ་ནས1964ལོའི་བར།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས།

སྤྱི་ལོ1964ལོ་ནས1965ལོའི་བར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་བོད་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚབ་མའི་འགན་བཞེས།

སྤྱི་ལོ1965ལོ་ནས1976ལོའི་བར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་བོད་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ལྗོངས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1979ལོ་ནས1981ལོའི་བར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན།  བོད་ལྗོངས་དམངས་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

སྤྱི་ལོ1981ལོ་ནས1983ལོའི་བར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན།  བོད་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིའི་འགན་བཞེས།

སྤྱི་ལོ1983ལོ་ནས1993ལོའི་བར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་།  རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན།  བོད་ལྗོངས་དམངས་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

སྤྱི་ལོ1993ལོ་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས།

རྒྱལ་ཡོངས་དམངས་ཆེན་སྐབས་དང་པོ་དང་གཉིས་པ།  གསུམ་པ།  བཞི་བ།  ལྔ་བ།  དྲུག་པ།  བདུན་པའི་འཐུས་མི། རྒྱལ་ཡོངས་དམངས་ཆེན་སྐབས་གསུམ་པ་དང་བཞི་བ།  ལྔ་བ།  དྲུག་པ།  བདུན་པའི་རྒྱུན་ཨུ་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་ཡོངས་དམངས་ཆེན་སྐབས་ལྔ་བ་དང་དྲུག་པ། བདུན་པའི་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན།  རྒྱལ་ཡོངས་སྲིད་གྲོས་སྐབས་དང་པོའི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་གསུམ་པ་དང་བརྒྱད་པ།  དགུ་བ།  བཅུ་བ།  བཅུ་གཅིག་པའི་ཀྲུའུ་ཞི་གཞོན་པ་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-04

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།