ཀྲང་ཀའོ་ལི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲང་ཀའོ་ལི།
ཁོང་ནི་ཞ་མིན་སློབ་གྲྭ་ཆེན་མོའི་དཔལ་འབྱོར་སྡེ་ཁག་གི་འཆར་འགོད་སྡོམ་རྩིས་ཆེད་ལས་ནས་མཐར་ཕྱིན་ཞིང་། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张高丽
སྐྱེས་ལོ།
སྤྱི་ལོ1946ལོའི་ཟླ11པ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧྥུ་ཅན་ཅིན་ཅང་།
ཏང་ཞུགས་ཀྱིི་ལོ།
སྤྱི་ལོ1973ལོའི་ཟླ12པ།
མཐར་ཕྱིན་སློབ་གྲྭ།
ཞ་མིན་སློབ་ཆེན།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1946ལོའི་ཟླ11པར་སྐྱེས། ཧྥུ་ཅན་ཞིང་ཆེན་ཅིན་ཅང་ས་ཆའི་མི་ཡིན། སྤྱི་ལོ1970ལོའི་ཟླ་བརྒྱད་པའི་ནང་བྱ་བར་ཞུགས།  སྤྱི་ལོ1973ལོའི་ཟླ་12པར་ཏང་ནང་དུ་ཞུགས།   ཞ་མིན་སློབ་གྲྭ་ཆེན་མོའི་དཔལ་འབྱོར་སྡེ་ཁག་གི་འཆར་འགོད་སྡོམ་རྩིས་ཆེད་ལས་ནས་མཐར་ཕྱིན་པ་དང་། སློབ་གྲྭ་ཆེན་མོ་བའི་ཐོབ་ཐང་ཡོད། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཡིན། 

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1965ལོ་ནས1970ལོའི་བར་དུ། ཞ་མིན་སློབ་གྲྭ་ཆེན་མོའི་དཔལ་འབྱོར་སྡེ་ཁག་ནས་འཆར་འགོད་སྡོམ་རྩིས་ཀྱི་ཆེད་ལས་སྦྱངས།

སྤྱི་ལོ1970ལོ་ནས1977ལོའི་བར་དུ། རྡོ་སྣུམ་པུའུ་ཀོང་ཏུང་མོ་མེན་རྡོ་སྣུམ་ཀུང་ཟིའི་བཟོ་བ་དང་ཐོན་སྐྱེད་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གི་དྲུང་ཡིག་གི་བྱ་བ་བསྒྲུབས་པར་མ་ཟད།  ཆབ་སྲིད་པུའུ་གུང་གཞོན་ཚོགས་པའི་ཙུང་ཀྲི་ཧྲུའུ་ཅི་དང་ཀུང་ཟིའི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་ཁུར།

སྤྱི་ལོ1977ལོ་ནས1980ལོའི་བར་དུ། རྡོ་སྣུམ་པུའུ་ཀོང་ཏུང་མོ་མེན་རྡོ་སྣུམ་ཀུང་ཟིའི་བཙོ་སྦྱོང་བཟོ་གྲྭའི་འཁོར་ཁང་དང་པོའི་ཏང་ཙུང་ཀྲི་ཧྲུའུ་ཅི་དང་སློབ་སྟོན་པ།  བཟོ་གྲྭའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲུའུ་ཅི་བཅས་ཀྱི་འགན་ཁུར།

སྤྱི་ལོ1980ལོ་ནས1984ལོའི་བར་དུ། རྡོ་སྣུམ་པུའུ་མོ་མེན་རྡོ་སྣུམ་བཟོ་ལས་ཀུང་ཟིའི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་འཆར་འགོད་ཁྲུའུ་ཁྲུའུ་ཀྲང་། སྤྱི་གཉེར་བ་གཞོན་པ་བཅས་ཀྱི་འགན་ཁུར།

སྤྱི་ལོ1984ལོ་ནས1985ལོའི་བར་དུ།   ཀོང་ཏུང་ཞིང་ཆེན་མོ་མེན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།   ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སྤྱི་ཁྱབ་ཀུང་ཟིའི་མོ་མེན་རྡོ་སྣུམ་བཟོ་ལས་ཀུང་ཟིའི་སྤྱི་གཉེར་གྱི་འགན་ཁུར།

སྤྱི་ལོ1985ལོ་ནས1988ལོའི་བར་དུ། ཀོང་ཏུང་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ1988ལོ་ནས1992ལོའི་བར་དུ།  ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའི་ འགན་ཁུར།   (དེའི་སྐབས་ཀྱི་སྤྱི་ལོ1990ལོའི་ཟླ4བ་ནས་ཟླ7པའི་བར་དུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་ནས་སློབ་སྦྱོང་བྱས)

སྤྱི་ལོ1992ལོ་ནས1993ལོའི་བར་དུ།  ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་།    ཞོར་དུ་ཞིང་ཆེན་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ1993ལོ་ནས1994ལོའི་བར་དུ།   ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ།   ཞོར་དུ་ཞིང་ཆེན་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ1994ལོ་ནས1997ལོའི་བར་དུ། ཀོང་ཏུང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཧྲིན་ཀྲང་གཞོན་པ།  ཀྲུའུ་ཅང་ཟུར་གསུམ་གླིང་དཔལ་འབྱོར་ས་ཁུལ་འཆར་འགོད་མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་བཅས་ཀྱི་འགན་ཁུར།

སྤྱི་ལོ1997ལོ་ནས1998ལོའི་བར་དུ། ཀོང་ཏུང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཧྲིན་ཀྲང་གཞོན་པ། ཧྲིན་ཀྲིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར།

སྤྱི་ལོ1998ལོ་ནས2000ལོའི་བར་དུ།   ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ གཞོན་པ་དང་ཧྲིན་ཀྲིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2000ལོ་ནས2001ལོའི་བར་དུ།   ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི།   གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་ཁུར།

སྤྱི་ལོ2001ལོ་ནས2002ལོའི་བར་དུ།   ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཚབ་མ། ཧྲིན་ཀྲང་བཅས་ཀྱི་འགན་ཁུར།

སྤྱི་ལོ2002ལོ་ནས2003ལོའི་བར་དུ།   ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་གི་འགན་ཁུར།

སྤྱི་ལོ2003ལོ་ནས2007ལོའི་བར་དུ།   ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཁུར།

སྤྱི་ལོ2007ལོ་ནས2007ལོའི་བར་དུ།    ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2007ལོ་ནས2012ལོའི་བར་དུ།    ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2012ལོ་ནས2013ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2013ལོ་ནས་ད་ལྟའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཡིན། 

སྐབས་བཅོ་ལྔ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་བཅས་ཡིན།
 



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:6  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-14

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

རིགས་འགྲེ་བརྡ་འགྲེལ།