རིན་ཆེན་རྒྱལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིན་ཆེན་རྒྱལ།
ཁོང་ནི1954ལོའི་ཟླ7པར་སྐྱེས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་མི་ཡིན། 1975ལོའི་ཟླ9པར་ ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་མཐར་ཕྱིན་པ་དང་། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། དེ་སྔར་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས་མྱོང་། ད་ལྟ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
仁青加
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ལོ།
སྤྱི་ལོ1954ལོའི་ཟླ7པ།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་།
1 ངོ་སྤྲོད།  

ཁོང་ནི་སྤྱི་ལོ1954ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ་སྐྱེས། ཀྲུང་གུང་ཏང་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་མཐར་ཕྱིན་པ་དང་། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས་ཡོད། 

2 བྱ་བའི་བརྒྱུད་རིམ།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཨུའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཞིན་ཧེ་རྫོང་ཨུའི་ཧྲུའུ་ཅི། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་དཔོན་གཞོན་པ། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དཔོན།  མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་སོགས་ཀྱི་འགན་བཞེས་མྱོང་།

2002ལོའི་ཟླ5པ—2002ལོའི་ཟླ11པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས།

2002ལོའི་ཟླ11པ—2007ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གི་འགན་བཞེས།

2007ལོའི་ཟླ3པ—2007ལོའི་ཟླ6པའི་བར།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གི་འགན་བཞེས།

2007ལོའི་ཟླ6པ—2011ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

2011ལོའི་ཟླ12པ—2012ལོའི་ཟླ1པོའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

2012ལོའི་ཟླ1པོ—2013ལོའི་ཟླ1པོའི་བར།  སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཀྲུའུ་ཞིའི་འགན་བཞེས།

2013ལོའི་ཟླ1པོ—2018ལོའི་ཟླ1པོའི་བར།  སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཀྲུའུ་ཞིའི་འགན་བཞེས།

2018ལོའི་ཟླ3པ—   སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:7  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-20

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

རིགས་འགྲེ་བརྡ་འགྲེལ།