བསོད་ནམས་དོན་གྲུབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསོད་ནམས་དོན་གྲུབ།
ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་དཔའ་ལུང་རྫོང་དུ་སྐྱེས་ཤིང་། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
索南东智
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ1པོ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་དཔའ་ལུང་རྫོང་།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1962ལོའི་ཟླ1པོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་དཔའ་ལུང་རྫོང་དུ་སྐྱེས་པ་དང་། ཀྲུང་གུང་ཏང་ཡོན་ཡིན། སྤྱི་ལོ1983ལོའི་ཟླ7པར་བྱ་བར་ཞུགས་ཤིང་། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1983ལོའི་ཟླ7པ་ནས1987ལོའི་ཟླ7པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་གྱི་ལས་ཀ་བསྒྲུབས།

སྤྱི་ལོ1987ལོའི་ཟླ7པ་ནས1989ལོའི་ཟླ3པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་སློབ་གསོ་ཅུའི་ལས་སྒྲུབ་པའི་ལས་ཀ་བསྒྲུབས།
སྤྱི་ལོ1989ལོའི་ཟླ3པ་ནས1990ལོའི་ཟླ3པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་དཔལ་དགེ་ཞང་གི་ཞང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1990ལོའི་ཟླ3པ་ནས1992ལོའི་ཟླ6པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་གྲུབ་བཞི་ཞང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞང་ཀྲང་གི་འགན་བཞེས།

སྤྱི་ལོ1992ལོའི་ཟླ6པ་ནས1995ལོའི་ཟླ1པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་དཔལ་དགེ་ཞང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ1པ་ནས1997ལོའི་ཟླ11པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1997ལོའི་ཟླ11པ་ནས1998ལོའི་ཟླ5བའི་བར། མཚོ་བྱང་ཁུལ་མདའ་གཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་རྫོང་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ1998ལོའི་ཟླ5བ་ནས2001ལོའི་ཟླ6པའི་བར།  མཚོ་བྱང་ཁུལ་མདའ་གཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་བཞེས།

སྤྱི་ལོ2001ལོའི་ཟླ6པ་ནས2006ལོའི་ཟླ8པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་བཞེས།

སྤྱི་ལོ2006ལོའི་ཟླ8པ་ནས2006ལོའི་ཟླ10བའི་བར། མཚོ་བྱང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པའི་འགན་བཞེས།(རྫོང་རིམ་གཙོ་བོ།)

སྤྱི་ལོ2006ལོའི་ཟླ10བ་ནས2010ལོའི་ཟླ1པའི་བར། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་བཞེས། (2009ལོའི་ཟླ3པ་ནས2010ལོའི་ཟླ1པོའི་བར་དུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་པུའུ་རུ་སློབ་ཡུན་ལོ་གཅིག་གི་ལས་བྱེད་པ་དར་མ་དང་གཞོན་པའི་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ2010ལོའི་ཟླ1པ་ནས2013ལོའི་ཟླ5བའི་བར། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ5བ་ནས6པའི་བར། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཚབ་མའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ6པར། མཚོ་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དུ་བསྐོས།

སྤྱི་ལོ2016ལོའི་ཟླ11པའི་ཚེས10ཉིན་ཀྲུང་གུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པར་བདམས།

སྤྱི་ལོ2016ལོའི་ཟླ11པའི་ཚེས18ཉིན་ཀྲུང་གུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཁུལ་དཔོན་དུ་བདམས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:7  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-23

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

རིགས་འགྲེ་བརྡ་འགྲེལ།