ཀྲང་ཝུན་ཁུའེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲང་ཝུན་ཁུའེ།
ཁོང་ནི་ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་སྦྱངས་ནས་མཐར་ཕྱིན་པ་དང་། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张文魁
སྐྱེས་ལོ།
སྤྱི་ལོ1961ལོའི་ཟླ7པ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་།
དད་མོས།
གུང་ཁྲན་རིང་ལུགས།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1961ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་སྐྱེས་ཤིང་།  ཀྲུང་གུང་ཏང་ཡོན་ཡིན།  ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་སྦྱངས་ནས་མཐར་ཕྱིན་པ་དང་།  སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1990ལོའི་ཟླ6པ་ནས1992ལོའི་ཟླ3པའི་བར།  མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་པུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ1992ལོའི་ཟླ3པ་ནས1995ལོའི་ཟླ5པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ5པ་ནས1998ལོའི་ཟླ5པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་གཅིག་ལྕོགས་སུ་བཞེས། 

སྤྱི་ལོ1998ལོའི་ཟླ5པ་ནས2001ལོའི་ཟླ3པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་བཞེས།       (སྤྱི་ལོ1998ལོའི་ཟླ8པ་ནས2000ལོའི་ཟླ12པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་སྦྱངས་པ་དང་། སྤྱི་ལོ2000ལོའི་ཟླ9བ་ནས2001ལོའི་ཟླ1པོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཟབ་སྦྱོང་པུའུ་རྫོང་ཨུའི་ཧྲུའུ་ཅི་འཛིན་གྲྭར་སློབ་སྦྱོང་བྱས)

སྤྱི་ལོ2001ལོའི་ཟླ3པ་ནས2006ལོའི་ཟླ9པའི་བར། རྨ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ9པ་ནས2010ལོའི་ཟླ4པའི་བར། རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ4པ་ནས2011ལོའི་ཟླ10པའི་བར། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཚབ་མའི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2011ལོའི་ཟླ10པ་ནས2013ལོའི་ཟླ5པའི་བར། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2013ལོའི་ཟླ5པ་ནས2018ལོའི་ཟླ1པོའི་བར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2018ལོའི་ཟླ1པོ་ནས་ད་ལྟའི་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས་ཀྱིན་ཡོད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཏང་ཨུའི་ཨུ་ཡོན།

3 ​བསྐོ་འཐེན་གནས་ཚུལ།

སྤྱི་ལོ2018ལོའི་ཟླ1པོའི་ཚེས29ཉིན་སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲང་ཝུན་ཁུའེ་ལགས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:12  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-14

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

རིགས་འགྲེ་བརྡ་འགྲེལ།