ཀྲང་ཏི་ཅང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲང་ཏི་ཅང་།
ཁོང་ནི་ཁྲའོ་ཞན་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་སྡེ་ཁག་ནས་མཐར་ཕྱིན་པ་དང་སློབ་གྲྭ་ཆེན་མོ་བའི་ཐོབ་ཐང་ཡོད། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། ཁྲུང་ཆིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张德江
སྐྱེས་ལོ།
སྤྱི་ལོ1946ལོའི་ཟླ11པ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ལིའོ་ཉིང་ཐའེ་ཨན།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1971ལོའི་ཟླ1པ།
མཐར་ཕྱིན་སློབ་གྲྭ།
ཁྲའོ་ཞན་ཅིན་རེ་ཁྲེང་རིག་སྣ་ཀུན་འཛོམས་སློབ་ཆེན།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1946ལོའི་ཟླ11པར་སྐྱེས། ལིའོ་ཉིང་ཞིང་ཆེན་ཐའེ་ཨན་ས་ཆའི་མི་ཡིན།   སྤྱི་ལོ1968ལོའི་ཟླ11པར་བྱ་བར་ཞུགས།     སྤྱི་ལོ1971ལོའི་ཟླ1པར་ཏང་ནང་དུ་ཞུགས།    ཁྲའོ་ཞན་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་སྡེ་ཁག་ནས་མཐར་ཕྱིན་པ་དང་སློབ་གྲྭ་ཆེན་མོ་བའི་ཐོབ་ཐང་ཡོད། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། ཁྲུང་ཆིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1968ལོ་ནས1970ལོའི་བར་དུ། ཅི་ལིན་ཞིང་ཆེན་བང་ཆིན་རྫོང་ལོ་ཙི་ཀུག་ཀུང་ཧྲེའི་ཐའེ་ཕེན་རུ་ཆེན་ནས་ན་གཞོན་ཡོན་ཏན་པ་ཞིང་སྡེར་འགྲོ་བའི་བྱ་འགུལ་ལ་ཞུགས།

སྤྱི་ལོ1970ལོ་ནས1972ལོའི་བར་དུ། ཅི་ལིན་ཞིང་ཆེན་བང་ཆིན་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་ཚན་ཆུང་གི་ལས་འཛིན་པ་དང་ལས་ཁུངས་ཀྱི་གུང་གཞོན་ཚོགས་པའི་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར།

སྤྱི་ལོ1972ལོ་ནས1975ལོའི་བར་དུ།  ཡན་པེན་སློབ་ཆེན་ཁྲའོ་ཞན་སྐད་ཡིག་སྡེ་ཁག་ནས་ཁྲའོ་ཞན་གྱི་སྐད་ཡིག་ཆེད་ལས་སྦྱངས།

སྤྱི་ལོ1975ལོ་ནས1978ལོའི་བར་དུ།  ཡན་པེན་སློབ་ཆེན་ཁྲའོ་ཞན་སྐད་ཡིག་སྡེ་ཁག་གི་ཏང་ཙུང་ཀྲིའི་ཧྲུའུ་ཅི་གཞོན་པ་དང་སློབ་གྲྭའི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བཅས་ཀྱི་འགན་འཁུར།

སྤྱི་ལོ1978ལོ་ནས1980ལོའི་བར་དུ།  ཁྲའོ་ཞན་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་སྡེ་ཁག་ནས་སློབ་སྦྱོང་བྱས་པ་དང་ཕྱི་འགྲིམ་སློབ་མའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར།

སྤྱི་ལོ1980ལོ་ནས1983ལོའི་བར་དུ།    ཡན་པེན་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་སློབ་གཙོ་གཞོན་པའི་འགན་འཁུར།

སྤྱི་ལོ1983ལོ་ནས1985ལོའི་བར་དུ། ཅི་ལིན་ཞིང་ཆེན་ཡན་ཅི་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཡན་པེན་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་ཞོར་དུ་ཡན་ཅི་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར།

སྤྱི་ལོ1985ལོ་ནས1986ལོའི་བར་དུ། ཅི་ལིན་ཞིང་ཆེན་ཡན་པེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར།

སྤྱི་ལོ1986ལོ་ནས1990ལོའི་བར་དུ། དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པའི་འགན་འཁུར།

སྤྱི་ལོ1990ལོ་ནས1995ལོའི་བར་དུ།  ཅི་ལིན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞོར་དུ་ཡན་པེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར།

སྤྱི་ལོ1995ལོ་ནས1998ལོའི་བར་དུ། ཅི་ལིན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་འཁུར།

སྤྱི་ལོ1998ལོ་ནས2002ལོའི་བར་དུ། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར།

སྤྱི་ལོ2002ལོ་ནས2007ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར།

སྤྱི་ལོ2007ལོ་ནས2008ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་གྱི་འགན་འཁུར།

སྤྱི་ལོ2008ལོ་ནས2012ལོའི་བར་དུ།    ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།  ཏང་ཙུའུ་ཡི་ཁོངས་མི།  ཁྲུང་ཆིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར།

སྤྱི་ལོ2012ལོར་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།  ཏང་ཙུའུ་ཡི་ཁོངས་མི།   ཁྲུང་ཆིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར།

སྐབས་བཅུ་བཞི་བའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་སྐབས་བཅོ་ལྔ་བ། སྐབས་བཅུ་དྲུག་པ། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། སྐབས་བཅུ་དགུ་བའི་དམངས་ཆེན་འཐུས་མི། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བཅས་ཡིན། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། ཀྲང་ཏི་ཅང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:6  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-03

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

རིགས་འགྲེ་བརྡ་འགྲེལ།