ལི་ཁི་ཆང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལི་ཁི་ཆང་།
པེ་ཅིང་སློབ་ཆེན་ཁྲིམས་ལུགས་སྡེ་ཁག་དང་དཔལ་འབྱོར་སློབ་གླིང་གི་དཔལ་འབྱོར་རིག་པའི་ཆེད་ལས་སྦྱངས། ལས་ཐོག་རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། ཁྲིམས་རིག་པའི་རབ་འབྱམས་པ་དང་དཔལ་འབྱོར་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李克强
མཐར་ཕྱིན་སློབ་གྲྭ།
པེ་ཅིང་སློབ་གྲྭ་ཆེན་མོ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
འཁྲུངས་ལོ།
1955ལོའི་ཟླ7པ།
བསླབ་གནས།
དཔལ་འབྱོར་རིག་པའི་འབུམ་རམས་པ།
འཁྲུངས་ཡུལ།
ཨན་ཧུའེ་ཏིང་ཡོན།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1955ལོའི་ཟླ7པར་སྐྱེས། ཨན་ཧུའེ་ཏིང་ཡོན་ནས་ཡིན། 1974ལོའི་ཟླ3པར་ལས་ཀར་ཞུགས། 1976ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། པེ་ཅིང་སློབ་ཆེན་ཁྲིམས་ལུགས་སྡེ་ཁག་དང་དཔལ་འབྱོར་སློབ་གླིང་གི་དཔལ་འབྱོར་རིག་པའི་ཆེད་ལས་སྦྱངས།  ལས་ཐོག་རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། ཁྲིམས་ལུགས་རིག་པའི་ཤེས་རམས་པ་དང་དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ། ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཀྱིན་ཡོད།

2 བྱ་བའི་བརྒྱུད་རིམ།

1974ལོ་ནས1976ལོའི་བར་ཨན་ཧུའེ་ཞིང་ཆེན་ཕུང་དབྱང་རྫོང་ཏཱ་མེའོ་ཀུང་ཧྲེ་ཏུང་ལིང་རུ་ཆེན་གྱི་གཞོན་ནུ་ཤེས་ཡོན་ཅན་གྱི་ལས་ཀ་གནང་།

1976ལོ་ནས1978ལོའི་བར་ཨན་ཧུའེ་ཞིང་ཆེན་ཕུང་དབྱང་རྫོང་ཏཱ་མེའོ་ཀུང་ཧྲེ་ཏཱ་མེའོ་རུ་ཆེན་གྱི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་བཞེས།

1978ལོ་ནས1982ལོའི་བར་པེ་ཅིང་སློབ་ཆེན་བཅའ་ཁྲིམས་ཚན་ཁག་ཏུ་སློབ་སྦྱོང་གནང་རིང་དུ་སློབ་གྲྭའི་སློབ་མའི་ཚོགས་པའི་འགན་ཁུར་བའི་འགན་བཞེས།

1982ལོ་ནས1983ལོའི་བར་པེ་ཅིན་སློབ་ཆེན་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་རྒྱུན་ཨུའི་འགན་བཞེས།

1983ལོ་ནས1983ལོའི་བར་གུང་གཞོན་ཚོགས་པ་ཀྲུང་དབྱང་སློབ་གྲྭ་པུའུ་ཡི་པུའུ་ཀྲང་དང་རྒྱལ་ཡོངས་གློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་བཞེས།

1983ནས1985ལོའི་བར་གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྗེས་སྣོན་ཧྲུའུ་ཅིའི་འགན་བཞེས།

1985ལོ་ནས1993ལོའི་བར་གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཞོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས།(དེའི་རིང1991ལོའི་ཟླ9པ་ནས་ཟླ11པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་གསབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)

1993ལོ་ནས1998ལོའི་བར་གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་དང་ཀྲུང་གོ་གཞོན་ནུ་ཆབ་སྲིད་སློབ་གླིང་གི་ཡོན་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས།

(1988ལོ་ནས1994ལོའི་བར་པེ་ཅིན་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་དཔལ་འབྱོར་རིག་པའི་ཆེད་ལས་སུ་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་གནང་རིང་དཔལ་འབྱོར་རིག་པའི་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་ཐོབ)

1998ལོ་ནས1999ལོའི་བར་ཧོ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།ཧྲིན་ཀྲང་ཚབ་མའི་འགན་བཞེས།

1999ལོ་ནས2002ལོ་བར་ཧོ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྲིན་ཀྲང་གི་འགན་བཞེས།

2002ལོ་ནས2003ལོའི་བར་ཧོ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཧྲིན་ཀྲང་གི་འགན་བཞེས།

2003ལོ་ནས2004ལོ་བར་ཧོ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

2004ལོ་ནས2005ལོའི་བར་ལེའོ་ཉིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

2005ལོ་ནས2007ལོའི་བར་ལེའོ་ཉིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

2007ལོ་ནས2008ལོའི་བར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའི་འགན་བཞེས།

2008ལོ་ནས2013ལོའི་བར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།

2013ལོ་ནས་བཟུང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྐབས་བཅོ་ལྔ་པ་དང་། སྐབས་བཅུ་དྲུག་པ། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ཨུ་ཡིན། སྐབས་བརྒྱད་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:7  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-19

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

རིགས་འགྲེ་བརྡ་འགྲེལ།