པདྨ་བསྟན་འཛིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པདྨ་བསྟན་འཛིན།
ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་བ་ཡན་རྫོང་དུ་སྐྱེས། རྒྱལ་ཡོངས་དམངས་ཆེན་སྐབས་བདུན་པའི་འཐུས་མི། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་དྲུག་པ་དང་བདུན་པའི་དམངས་ཆེན་འཐུས་མི། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་སྐབས་གཉིས་པའི་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཀྲུང་གོ་ཚན་རྩལ་སྐབས་གསུམ་པའི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
班玛丹增
སྐྱེས་ལོ།
སྤྱི་ལོ1931ལོའི་ཟླ6པ།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་བ་ཡན་རྫོང་།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1931ལོའི་ཟླ6པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་བ་ཡན་རྫོང་དུ་སྐྱེས།  སྤྱི་ལོ1951ལོའི་ཟླ6པར་བྱ་བར་ཞུགས་ཤིང་། སྤྱི་ལོ1956ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ 1951ལོའི་ཟླ6པ་ནས1951ལོའི་ཟླ12པའི་བར།  མཚོ་སྔོན་མི་རིགས་སྤྱིའི་སློབ་གྲྭའི་འཛིན་བདག་གི་ལས་ཀ་བསྒྲུབས།

སྤྱི་ལོ 1951ལོའི་ཟླ12པར་པེ་ཅིན་གསོ་རིག་སློབ་གླིང་སྨན་བཅོས་སྡེ་ཁག་ཏུ་སློབ་སྦྱོང་བྱས།

སྤྱི་ལོ1557ལོའི་ཟླ10བར་མཚོ་སྔོན་ཞིང་ཆེན་མི་རིགས་སྨན་ཁང་གི་སྨན་པའི་ལས་ཀ་བསྒྲུབས།

སྤྱི་ལོ1961ལོའི་ཟླ12པར་ཡུལ་ཤུལ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ལས་དོན་གྱི་ཀྲུའུ་རིན་གྱི་འགན་བཞེས།

སྤྱི་ལོ1962ལོའི་ཟླ11པར་ཡུལ་ཤུལ་མི་དམངས་སྨན་ཁང་གི་འགོ་གཙོ་གཞོན་པའི་འགན་བཞེས།

སྤྱི་ལོ1975ལོའི་ཟླ5བར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཅུའུ་སྨན་བཅོས་ཚན་ཁག་གི་འགན་འཁུར་པའི་འགན་བཞེས།

སྤྱི་ལོ1975ལོའི་ཟླ10བར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཅུའུ་ཅུའུ་ཀྲང་གཞོན་པ་དང་སྨན་བཅོས་ཚན་ཁག་གི་ཚན་གཙོའི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ1979ལོའི་ཟླ10བར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐིན་གྱི་ཐིན་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1981ལོའི་ཟླ11པར་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པའི་འགན་བཞེས། དེའི་བར་དུ་སྔ་རྗེས་སུ་ཞིང་ཆེན་འཕྲོད་བསྟན་ཐིན་གྱི་ཐིན་ཀྲང་དང་ཏང་ཙུའུ་ཧྲུའུ་ཅི།  ཞིང་ཆེན་ལུས་རྩལ་ཨུ་ཡོན་ཁང་གི་ཀྲུའུ་རིན། ཏང་ཙུའུ་ཧྲུའུ་ཅི།  མཚོ་སྔོན་སློབ་ཆེན་གྲ་སྒྲིག་ཚན་ཁག་གི་ཏང་ཨུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།  

སྤྱི་ལོ1993ལོའི་ཟླ1པར་སྲིད་གྲོས་སྐབས་བདུན་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1997ལོའི་ཟླ3པར་ལས་འཁྱུར་ངལ་གསོ་བྱས།

རྒྱལ་ཡོངས་དམངས་ཆེན་སྐབས་བདུན་པའི་འཐུས་མི། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་དྲུག་པ་དང་བདུན་པའི་དམངས་ཆེན་འཐུས་མི། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་སྐབས་གཉིས་པའི་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཀྲུང་གོ་ཚན་རྩལ་སྐབས་གསུམ་པའི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བཅས་ཡིན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-01

གསར་སྤེལ་མཁན། :user126

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།