ཁའེ་ཡོན་ཁྲི་ལོ་བཅུ་བཞི་པའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2018-06-19 16:39ལ་འགྲུབ།

ཁའེ་ཡོན་ཁྲི་ལོ་བཅུ་བཞི་པའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཁའེ་ཡོན་ཁྲི་ལོ་བཅུ་བཞི་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས།
1 ​འགྱུར་ཡིག

ཁའེ་ཡོན་ཁྲི་ལོ་བཅུ་བཞི་པ། (སྤྱི་ལོ726པ)

ཟླ་དགུ་པའི་ཚེས་བཅོ་ལྔའི་ཉིན།  ཨན་ཞིའི་ཏུའུ་ཧུའུ་ཆེན་མོ་གཞོན་པ(སྤྱི་ཁྱབ་ཆེན་མོ་གཞོན་པ)སྟེ་ཆི་ཞིའི1ཅེ་ཏུའུ་ཧྲི་ཡི་གོ་ཐོབ་ཅན་ཏུའུ་ཞན་གྱིས་ཐུང་ཕིང་ཀྲང་ཧྲིའི་གོ་གནས་བསྐྱངས།

ཝང་ཞའོ་ཅེས་དམག་སྡེ་བཞི་ཕྱིར་བླངས་རྗེས། ཆིའུ་ཚི་རུ་ཡང་བསྐྱར་ཨན་ཞི་ཏུའུ་ཧུའུ་ཧྥུ(ཨན་ཞི་སྤྱི་ཁྱབ་ཁང)བཙུགས་པ་དང་ཐང་གི་དམག་མི་ཁྲི་གསུམ་གྱིས་བསྲུངས་པས་ཁྲལ་འུ་ལག་གིས་འབངས་མི་རྣམས་ལ་ཤིན་ཏུ་གཙེ་བ་བྱུང་། ཏུའུ་ཧུའུ(སྤྱི་ཁྱབ)རྣམས་ཀྱི་ཁྲོད་དུ་ཐེན་དབྱང་མིང་དང་། ཀོ་ཡོན་ཀྲེན། ཀྲང་སུང་། ཏུའུ་ཞན་བཅས་ཚང་མས་སྲིད་ལེགས་པར་བསྐྱངས་གཤིས་སྐྱེ་བོ་རྣམས་ཀྱིས་བསྔགས་བཞིན་ཡོད།

(བམ་པོ213པའི་ཤོག་ངོས4པ། 6773)

2 མཆན་འགྲེལ།

1. ཆི་ཞིའི་སྲིད་གཞུང་ད་ལྟའི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཁུའུ་ཁྲེ་རྫོང(库车县)རུ་ཡོད།