ལོ་རྡོ་རྗེ་བྲགསྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2018-04-02 08:46ལ་འགྲུབ།

ལོ་རྡོ་རྗེ་བྲག

ལོ་རྡོ་རྗེ་བྲག
ལོ་རྡོ་རྗེ་བྲག་ནི་རྨ་ལྷོ་ཁུལ་གཅན་ཚ་རྗོང་མཁར་ནས་ནུབ་ཕྱོགས་ཀྱི་སྤྱི་ལེ4མཚམས་སུ་ཡོད་ལ། མིང་གཞན་ལ་རྣམ་དག་ཚུལ་ཁྲིམས་གླིང་དང་ཏུན་ཧོང་ཆུང་བ་ཞེས་ཀྱང་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
洛多杰扎寺
ལ་ཏིང་གི་མིང་།
lo rdo rje brag
མིང་གཞན།
རྨ་འགྲམ་རྡོ་རྗེ་བྲག
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ།
གནས་ཡུལ།
གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་གྱི་ཁོངས་སུ་ཡོད།
1 ངོ་སྤྲོད།

སྔོན་ཆད་བོད་ཀྱི་བཙན་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་དུས་སུ། བོད་ཀྱི་མཁས་པ་མི་གསུམ་གསང་སྟབས་ཀྱིས་.jpgབྲོས་ཡོང་སྟེ་ལོ་རྡོ་རྗེ་བྲག་ཏུ་བཞུགས་མྱོང་ལ། ཕྱིས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེས་བོད་ཀྱི་བཙན་པོ་གླང་དར་མ་མདའ་ཡིས་བགྲོངས་རྗེས་གནས་འདིར་བྲོས་ཡོང་སྟེ། སྦས་པའི་སྒོ་ནས་ལོ་རྡོ་རྗེ་བྲག་ཏུ་སྒྲུབ་པ་ལ་བརྩོན་པའི་སྐབས་དེར། རྒྱལ་བོ་བགྲོངས་བྱེད་ཀྱི་ལྕགས་ཀྱི་མདའ་གཞུ་གཏེར་དུ་སྦས་ཤིང་སྟེང་དུ་རྡོ་སྤུངས་མཛད་དེ་བཞག ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་སྐུ་ཚེ་སྨད་ལ་ཡོན་རྒྱལ་རབས་ཀྱི་རྒྱལ་བོ་གོ་ཏན་གྱིས་གདན་དྲངས་བའི་ལམ་བར་དུ། གནས་འདིར་ཞབས་ཀྱིས་བཅགས་ཏེ་འབུམ་ཁང་མཆོད་རྟེན་བཞེངས་ཡོད་ཅེས་གྲགས། གཞན་ཡང་གནས་འདིར་གྲུབ་ཆེན་ལོ་ཁོག་ཐོག་འཛིན་དང་། སྤྲེལ་ནག་སྒོམ་ཆེན་པ་འཕྲིན་ལས་ཕུན་ཚོགས། དེ་མིན་གྱི་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་བགྲང་གིས་མི་ལང་བ་དག་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་རྣམ་ཐར་ཡང་ཡོད་དོ།།

2 ལྷ་ཁང་།
2_1 འབུམ་ཁང་འཇའ་འོད་མ།

འདི་ནི་ལྷ་ལུང་དཔལ་གྱི་རྡོ་རྗེས་ལྕགས་མདའ་ལྕགས་གཞུ་སྦས་པའི་གནས་ཡིན་ལ། ས་པཎ་གྱིས་འདིར་སངས་རྒྱས་གླང་བོའི་རིང་བསྲེལ་ཕོར་བ་གང་ནང་བཞུགས་ཀྱི་མཆོད་རྟེན་བཞེངས་པ་དང་། ཕྱིས་སུ་ཀླེ་གསུམ་གྱི་མི་མང་པོས་ལྕགས་མདའ་ལྕགས་གཞུ་ཡོད་མེད་ལ་བརྟག་སྟེ་ས་རྡོ་བསློག་སྐབས་འབུམ་ཁང་ལས་འཇའ་འོད་མངོན་སུམ་དུ་ཤར་བས་འབུམ་ཁང་འཇའ་འོད་མ་ཞེས་པའི་མིང་ཐོགས་པ་རེད། འདིའི་ནང་དུ་འབུམ་ཁང་སྣ30ལྷག་བཞུགས།

2_2 སྒོམ་ཆེན་ལྷ་ཁང་།

སྒོམ་ཆེན་ལྷ་ཁང་དུ། མཁས་པ་མི་གསུམ་དང་། བླ་ཆེན་དགོངས་པ་རབ་གསལ། མཁན་ཆེན་ཞི་བ་འཚོ་བཅས་ཀུན་དགའ་ར་བ་གསུམ་གྱི་འོག་མར་བཞུགས་སུ་གསོལ་ཞིང་། བར་མའི་ནང་དུ་སྟོན་པ་གཙོ་འཁོར་གསུམ་དང་ཇོ་འབྲོམ་ཡབ་སྲས་གསུམ། རྗེ་ཡབ་སྲས་གསུམ་གྱི་སྐུ་བཞུགས་པ། སྟེང་མའི་ནང་དུ་ལྷ་ཁང་སྒོ་འགྲམ་གྱི་ས་འོག་ནས་རྙེད་པའི་གཏེར་སྒམ་ཞིག་ཡོད་ལ།.jpg དེའི་ནང་དུ་ཡུམ་དུམ་པ་བཅུ་གཉིས་དང་ཏིང་འཕགས་བསྐལ་གསུམ་བཞུགས།

2_3 བྱམས་པའི་ལྷ་ཁང་། 

རྒྱལ་བ་བྱམས་པའི་ལྷ་ཁང་དུ་གཙོ་སྐུ་སྐུ་ཚད་ལ་ཁྲི་ཙི་བཅོ་ལྔ་ལྷག་ཡོད་པའི་རྒྱལ་བ་བྱམས་པ་བཞུགས་ཤིང་། མཐའ་འཁོར་དུ་ཉེ་སྲས་བརྒྱད་ཀྱི་ལོག་བྲིས་བཞུགས་ཡོད།

2_4 རྒྱལ་བ་རྡོ་རྗེ་འཆང་གི་ལྷ་ཁང་།

ལྷ་ཁང་འདིའི་ནང་དུ་རྒྱལ་བ་རྡོ་རྗེ་འཆང་གི་འབག་སྐུ་དང་། ལོགས་བྲིས་ལ་ཇོ་བོ་རྗེ་དང་རྗེ་རིན་པོ་ཆེ། རིགས་གསུམ་མགོན་པོ། སྟོན་པ་གཙོ་འཁོར་གསུམ། སེང་གེ་སྒྲ། ལོ་གྱོན་མ། ཛམ་དཀར་སོགས་བཞུགས།

2_5 རིགས་གསུམ་མགོན་པོའི་ལྷ་ཁང་། 

ལྷ་ཁང་འདིའི་ནང་དུ་རིགས་གསུམ་མགོན་པོའི་འདྲ་སྐུ་དང་ལོགས་བྲིས་ལ་བདེ་མཆོག གསང་འདུས། འཇིགས་བྱེད། དུས་འཁོར། འཇམ་དབྱངས། ཚེ་དཔག་མེད། སྒྲོལ་མ་དཀར་ལྗང་གཉིས། རྒྱལ་དབང་ལྔ་བ། མཱ་རི་ཙུ། རྗེ་རིན་པོ་ཆེ་སོགས་བཞུགས།

2_6 སྒྲོལ་མའི་ལྷ་ཁང་།

ལྷ་ཁང་འདིར་སྒྲོལ་མའི་འབག་སྐུ་གཙོས་པའི་ལོགས་བྲིས་ལ་སྒྲོལ་མ་ཉེར་གཅིག་དང་། འོད་དཔག་མེད། གདུགས་དཀར། དཔལ་ལྡན་ལྷ་མོ་སོགས་བཞུགས།

2_7 ཨོ་རྒྱན་ལྷ་ཁང་།

ལྷ་ཁང་འདིར་མཁན་སློབ་ཆོས་གསུམ་གྱི་འབག་སྐུ་དང་། ལོགས་བྲིས་ལ་གུ་རུ་མཚན་བརྒྱད། རྗེ་འབངས་ཉེར་ལྔ། རྒྱ་གར་རིག་འཛིན་བཞི། འཕགས་བོད་པཎ་གྲུབ་བཞི་སོགས་བཞུགས།

2_8 མི་ལའི་ལྷ་ཁང་། 

ལྷ་ཁང་འདིར་རྗེ་བཙུན་མི་ལའི་འབག་སྐུ་ཉམས་ཅན་དང་། ལོགས་བྲིས་ལ་མི་ལའི་རྣམ་མགུར་བཞུགས།.jpg

2_9 སྨན་བླའི་ལྷ་ཁང་།

ལྷ་ཁང་འདིར་སྨན་བླའི་འབག་སྐུ་དང་སྟོན་པའི་གཙོ་སྐུ་བྱས་པའི་ལོགས་བྲིས་ལ་སྨན་བླ་བདེ་གཤེགས་བརྒྱད་བཞུགས་ཡོད།

2_10 མི་འཁྲུགས་པའི་ལྷ་ཁང་།

ལྷ་ཁང་འདིར་བཅོམ་ལྡན་མི་འཁྲུགས་པ་དང་། དབྱངས་ཅན་མ། ནོར་སྦྱིན་མ་བཅས་ཀྱི་འབག་སྐུ། གཡས་སུ་གཙོ་སྐུ་སྟོན་པ་དང་། གཡོན་དུ་གཙོ་སྐུ་རྗེ་རིན་པོ་ཆེ། ལོགས་བྲིས་ལ་གནས་བརྟན་བཅུ་དྲུག་བཞུགས་ཡོད།

2_11 ཚེ་དཔག་མེད་ཀྱི་ལྷ་ཁང་།

ལྷ་ཁང་འདིར་ཚེ་དཔག་མེད་དང་། ཀུན་རིག ཆོས་རྒྱལ་བཞུགས་ལ། ལོགས་བྲིས་ལ་ལྟུང་བཤགས་ཀྱི་ལྷ་སོ་ལྔ་བཞུགས།