རྐང་མིགསྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2018-03-09 10:03ལ་འགྲུབ།

རྐང་མིག

ཕྱི་རོལ་པའི་གྲུབ་མཐའ་རིག་པ་ཅན་པའི་སྟོན་པ་སྟེ། ཕྱི་རོལ་པའི་གཏམ་རྒྱུད་དུ། སྔར་དྲང་སྲོང་མཛེས་པ་ཞེས་བྱ་བ་ཞིག་ལྷ་དབང་ཕྱུག་གིས་ལྷ་མོ་ཨུ་མའི་སྲུང་མར་བཞག་པ་ན། ཨུ་མ་དྲང་སྲོང་ལ་ཆགས་པས་སྒེག་པའི་རྣམ་འགྱུར་མང་དུ་བསྟན་ཀྱང་། ཁོང་གིས་རྐང་བར་མིག་ཕབ་སྟེ་བརྟུལ་ཞུགས་བསྲུངས་པས་ལྷ་དབང་ཕྱུག་མཉེས་ཏེ་བསྟན་བཅོས་རྩོམ་པའི་མཆོག་སྦྱིན་ནས་དྲང་སྲོང་རྐང་མིག་པ་ཞེས་ཕྱི་རོལ་པའི་སྟོན་པར་གྱུར་ནས་ཕྱོགས་ཆོས་ཀྱི་ཚིགས་དགུ་སོགས་གཏན་ཚིགས་རིག་པའི་སྲོལ་བཏོད་ཅེས་གྲགས།
གཞི་རྩའི་གནས་ཚུལ།

གྲུབ་མཐའ།
ཕྱི་རོལ་པ།
1 ངོ་སྤྲོད།

རྒྱ་གར་གྱི་གྲུབ་མཐའ་སྨྲ་བའི་སྟོན་པ་ཞིག་སྟེ། སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་མ་བྱོན་གོང་རྒྱ་གར་གྱི་དྲང་སྲོང་མཛེས་པ་ཞེས་བྱ་བ་ཞིག་ལྷ་དབང་ཕྱུག་གིས་ལྷ་མོ་ཨུ་མའི་སྲུང་མར་བཞག་པ་ན། ཨུ་མ་དྲང་སྲོང་ལ་ཆགས་པས་སྒེག་པའི་རྣམ་འགྱུར་མང་དུ་བསྟན་ཀྱང༌། ཁོང་གིས་རྐང་པར་མིག་ཕབ་སྟེ་བརྟུལ་ཞུགས་བསྲུངས་པས་ལྷ་དབང་ཕྱུག་མཉེས་ཏེ་བསྟན་བཅོས་རྩོམ་པའི་མཆོག་སྦྱིན་ནས་དྲང་སྲོང་རྐང་མིག་པ་ཞེས་ཕྱི་རོལ་པའི་སྟོན་པར་གྱུར་ནས་ཕྱོགས་ཆོས་ཀྱི་ཚིགས་དགུ་སོགས་གཏན་ཚིགས་རིག་པའི་སྲོལ་བཏོད་ཅེས་གྲགས།