རྫས་སུ་གྲུབ་པ།སྔ་མའི་པར་གཞི་དེ འཕགས་མོ་རིན་ཆེན།  ནས 2018-03-14 17:05ལ་འགྲུབ།

རྫས་སུ་གྲུབ་པ།

དངོས་སྨྲ་བས་དོན་བྱེད་ནུས་པའི་ཆོས་ཐམས་ཅད་རྫས་སུ་གྲུབ་པ་ཁས་བླངས་པ་ཡིན། བྱེ་བྲག་སྨྲ་བས་རྡུལ་ཕྲན་ཆ་མེད་དང༌། ཤེས་པ་སྐད་ཅིག་ཆ་མེད་རྣམས་རྫས་ཡོད་དང༌། རགས་པ་རྣམས་བཏགས་ཡོད་དུ་ཁས་བླངས་པ་དང༌། དོན་དམ་བདེན་པ་དང་རྫས་ཡོད་དོན་གཅིག བཏགས་ཡོད་དང་ཀུན་རྫོབ་བདེན་པ་དོན་གཅིག་ཏུ་ཁས་བླངས་པ་ཡིན། མདོ་སྡེ་པས་རྡུལ་ཕྲན་ཆ་མེད་རྫས་ཡོད་དུ་འཇོག་པ་མ་གཏོགས་རྫས་བཏགས་འཇོག་ཚུལ་ཕལ་ཆེར་སེམས་ཙམ་པ་དང་མཐུན་པ་ཡིན། ཐལ་འགྱུར་བས་ཆོས་ཐམས་ཅད་མིང་ཀྱང་བཏགས་ཡོད་ཙམ་ལས་རྫས་སུ་གྲུབ་པ་དང་རྫས་ཡོད་གཏན་ནས་མི་སྲིད་པར་ཁས་བླངས་པ་ཡིན།
1 ​རྒྱས་འགྲེལ།