ཀྲང་ཡོའུ་ཞཱ།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-10-31 17:18ལ་འགྲུབ།

ཀྲང་ཡོའུ་ཞཱ།

ཀྲང་ཡོའུ་ཞཱ།
ཀྲང་ཡིའུ་ཞཱ། ཕོ། རྒྱ་རིགས། སྤྱི་ལོ1950ལོའི་ཟླ7པར་ཧྲའན་ཞི་ཝེ་ནན་དུ་སྐྱེས། སྤྱི་ལོ1968ལོའི་ཟླ12པར་དམག་ཏུ་ཞུགས། སྤྱི་ལོ1969ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། དམག་དོན་སློབ་གླིང་གི་གཞི་རྩའི་ཚན་ཁག་ནས་སློབ་མཐར་ཕྱིན། ཆེད་ཚན་ཚན་ཁག་གི་སློབ་གནས་ཡིན། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས་ཡོད་ཅིང་། ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张又侠
བོད་ཡིག་གི་མིང་།
ཀྲང་ཡོའུ་ཞཱ།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧྲའན་ཞི་ཝེ་ནན།
སྐྱེས་ལོ།
སྤྱི་ལོ1950ལོར།
ལས་རིགས།
དམག་མི།

ཀྲང་ཡིའུ་ཞཱ། ཕོ། རྒྱ་རིགས། སྤྱི་ལོ1950ལོའི་ཟླ7པར་ཧྲའན་ཞི་ཝེ་ནན་དུ་སྐྱེས། སྤྱི་ལོ1968ལོའི་ཟླ12པར་དམག་ཏུ་ཞུགས། སྤྱི་ལོ1969ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། དམག་དོན་སློབ་གླིང་གི་གཞི་རྩའི་ཚན་ཁག་ནས་སློབ་མཐར་ཕྱིན། ཆེད་ཚན་ཚན་ཁག་གི་སློབ་གནས་ཡིན།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས་ཡོད་ཅིང་། ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་ཡོད།

1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1968ལོ་ནས་སྤྱི་ལོ1971ལོའི་བར། སྐམ་དམག་དམག་སྡེ་བཅུ་བཞི་པའི་ཧྲི་ཤོག་བཞི་བཅུ་པའི་ཐོན་ཤོག་གཅིག་གཅིག་དགུའི་ལན་ཤོག་དྲུག་པའི་འཐབ་འཛིང་པ་ཡིན།

སྤྱི་ལོ1971ལོ་ནས་སྤྱི་ལོ1977ལོའི་བར། སྐམ་དམག་དམག་སྡེ་བཅུ་བཞི་པའི་ཧྲི་ཤོག་བཞི་བཅུ་པའི་ཐོན་ཤོག་གཅིག་གཅིག་དགུའི་དམག་སྤྱི་པུའི་སྦྱོང་བརྡར་ཁང་གི་དྲག་ཇུས་པའི་འགན་བཞེས།

སྤྱི་ལོ1977ལོ་ནས་སྤྱི་ལོ1979ལོའི་བར། སྐམ་དམག་དམག་སྡེ་བཅུ་བཞི་པའི་ཧྲི་ཤོག་བཞི་བཅུ་པའི་ཐོན་ཤོག་གཅིག་གཅིག་དགུའི་ཡིང་ཤོག་གསུམ་པའི་ལན་ཤོག་བརྒྱད་པའི་ལན་ཀྲང་གི་འགན་བཞེས།

སྤྱི་ལོ1979ལོ་ནས་སྤྱི་ལོ1979ལོའི་བར། སྐམ་དམག་དམག་སྡེ་བཅུ་བཞི་པའི་ཧྲི་ཤོག་བཞི་བཅུ་པའི་ཐོན་ཤོག་གཅིག་གཅིག་བརྒྱད་ཀྱི་དམག་སྤྱི་པུའི་སྦྱོང་བརྡར་ཁང་གི་འགོ་འཛིན་གྱི་འགན་བཞེས།

སྤྱི་ལོ1979ལོ་ནས་སྤྱི་ལོ1981ལོའི་བར། སྐམ་དམག་དམག་སྡེ་བཅུ་བཞི་པའི་ཧྲི་ཤོག་བཞི་བཅུ་པའི་ཐོན་ཤོག་གཅིག་གཅིག་བརྒྱད་ཀྱི་དྲག་ཇུས་དཔོན་གྱི་འགན་བཞེས།

སྤྱི་ལོ1981ལོ་ནས་སྤྱི་ལོ1983ལོའི་བར། སྐམ་དམག་དམག་སྡེ་བཅུ་བཞི་པའི་ཧྲི་ཤོག་བཞི་བཅུ་པའི་ཐོན་ཤོག་གཅིག་གཅིག་བརྒྱད་ཀྱི་ཐོན་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1983ལོ་ནས་སྤྱི་ལོ1984ལོའི་བར། སྐམ་དམག་དམག་སྡེ་བཅུ་བཞི་པའི་ཧྲི་ཤོག་བཞི་བཅུ་པའི་ཐོན་ཤོག་གཅིག་གཅིག་དགུའི་ཐོན་ཀྲང་གི་འགན་བཞེས།

སྤྱི་ལོ1984ལོ་ནས་སྤྱི་ལོ1987ལོའི་བར། སྐམ་དམག་དམག་སྡེ་བཅུ་བཞི་པའི་ཧྲི་ཤོག་བཞི་བཅུ་པའི་ཧྲི་ཀྲང་གཞོན་པའི་འགན་བཞེས།(དེའི་རིང་། སྤྱི་ལོ1984ལོའི་ཟླ3པ་ནས་སྤྱི་ལ1986ལོའི་ཟླ7པའི་བར་དམག་དོན་སློབ་གླིང་གཞི་རྩའི་ཚན་ཁག་ལ་སློབ་སྦྱོང་གནང་། )

སྤྱི་ལོ1987ལོ་ནས་སྤྱི་ལོ1990ལོའི་བར། སྐམ་དམག་ཚོགས་ཁག་དམག་བཅུ་བཞི་པའི་ཧྲི་ཤོག་བཞི་བཅུ་པའི་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1990ལོ་ནས་སྤྱི་ལོ1994ལོའི་བར། སྐམ་དམག་ཚོགས་ཁག་དམག་བཅུ་བཞི་པའི་ཧྲི་ཤོག་བཞི་བཅུ་པའི་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ1994ལོ་ནས་སྤྱི་ལོ2000ལོའི་བར། སྐམ་དམག་ཚོགས་ཁག་དམག་བཅུ་གསུམ་པའི་ཅུན་ཀྲང་གཞོན་པའི་འགན་བཞེས།(དེའི་རིང་། སྤྱི་ལོ1996ལོའི་ཟླ3པ་ནས་སྤྱི་ལོ1997ལོའི་ཟླ1པོའི་བར། རྒྱལ་སྲུང་སློབ་ཆེན་གན་རྒྱའི་གཡུལ་འགྱེད་བཀོད་འདོམས་འཛིན་གྲྭའི་ནང་སློབ་སྦྱོང་གནང་། )

སྤྱི་ལོ2000ལོ་ནས་སྤྱི་ལོ2005ལོའི་བར། སྐམ་དམག་ཚོགས་ཁག་དམག་བཅུ་གསུམ་པའི་ཅུན་ཀྲང་གི་འགན་བཞེས།

སྤྱི་ལོ2005ལོ་ནས་སྤྱི་ལོ2007ལོའི་བར། པེ་ཅིང་དམག་ཁུལ་ཁང་གི་དམག་སྤྱི་གཞོན་པའི་འགན་བཞེས།

སྤྱི་ལོ2007ལོ་ནས་སྤྱི་ལོ2012ལོའི་བར། ཧྲེན་ཡང་དམག་ཁུལ་ཁང་གི་དམག་སྤྱིའི་འགན་བཞེས།

སྤྱི་ལོ2012ལོ་ནས་སྤྱི་ལོ2013ལོའི་བར། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། བཅིངས་འགྲོལ་དམག་སྤྱི་ཁྱབ་དྲག་ཆས་པུའི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2013ལོ་ནས་སྤྱི་ལོ2015ལོའི་བར། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བཅིངས་འགྲོལ་དམག་སྤྱི་ཁྱབ་དྲག་ཆས་པུའི་པུའུ་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2015ལོ་ནས་སྤྱི་ལོ2017ལོའི་བར། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་སྒྲིག་ཆས་གོང་འཕེལ་པུའི་པུའུ་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོ་ནས་སྤྱི་ལོ2017ལོའི་བར། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གི་འགན་བཞེས།

སྤྱི་ལོ2017ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས་ཡོད།

2 ལས་འགན་ཁུར་བའི་སྐོར།

སྐབས་བཅུ་བདུན་པ་དང་། བཅོ་བརྒྱད་པ། བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཡིན། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་བཞག་གནང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་བཞག་གནང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་གནང་།