རྨ་ཆུ།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2017-10-13 15:09ལ་འགྲུབ།

རྨ་ཆུ།

རྨ་ཆུ།
རྨ་ཆུ་ལ་གནའ་བོའི་ཀྲུང་གོའི་གཙང་བོ་ཞེས་འབོད། དེའི་མགོ་ཁུངས་ནི་མཚོ་སྔོན་ཞིང་ཆེན་གྱི་བ་ཡན་ཧ་རི་རི་རྒྱུད་ཡིན། མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཉིང་ཞ། ནང་སོག་རང་སྐྱོང་ལྗོངས། ཧྲའན་ཞི། ཧྲན་ཞི། ཧོ་ནན། ཧྲན་ཏུང་བཅས་ཞིང་ཆེན་དགུ་བརྒྱུད་མཐར་ཧྲན་ཏུང་ཞིང་ཆེན་ཏུང་ཡིང་གྲོང་ཁྱེར་ཁེང་ལི་རྫོང་ནས་པའོ་ཧེ་རྒྱ་མཚོ་ནང་དུ་འབབ་ཀྱིན་ཡོད། སྤྱིའི་རིང་ཚད་ལ་སྟོང་སྨི5464ཡོད། ཀྲུང་གོའི་ཆུ་བོ་ཆེན་པོ་ཨང་གཉིས་པ་དང་འཛམ་གླིང་གི་ཆུ་བོ་རིང་བོ་ཨང་ལྔ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黄河
ཕྱི་ཡིག་གི་མིང་།
Yellow River
མིང་གཞན།
གཙང་བོ།
མགོ་ཁུངས།
མཚོ་སྔོན་ཞིང་ཆེན་གྱི་བ་ཡན་ཧ་རི་རི་རྒྱུད།
ཆུ་ལག
ཆུ་བོ་ཐའོ་ཧའོ། ཙོང་ཆུ། ཆུ་བོ་ཝའེ་ཧའོ། ཆུ་བོ་ཧྥུན་ཧའོ།
གནམ་གཤིས།
དྲོད་ཁུལ་ནམ་ཟླ་གཙོ་བོ་ཡིན།
འབབ་སའི་རྒྱ་མཚོ།
པའོ་ཧེ་རྒྱ་མཚོ།
གཙང་བོའི་རིང་ཚད།
སྟོང་སྨི་ལྔ་སྟོང་བཞི་བརྒྱ་དྲུག་བཅུ་རེ་བཞི།
འབབ་རྒྱུད་ཀྱི་རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་བདུན་འབུམ་ལྔ་ཁྲི་ཉིས་སྟོང་བཞི་བརྒྱ་བཞི་བཅུ་ཞེ་གསུམ།
འབབ་རྒྱུད་ཀྱི་ས་ཁུལ།
མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཉིང་ཞ། ནང་སོག་རང་སྐྱོང་ལྗོངས། ཧྲའན་ཞི། ཧྲན་ཞི།  ཧུ་ནན། ཧྲན་ཏུང་བཅས་རང་སྐྱོང་ལྗོངས་དང་ཞིང་ཆེན་དགུ་བརྒྱུད་ནས་བཞུར་གྱིན་ཡོད།
1 ངོ་སྤྲོད།

རྨ་ཆུ་ནི་ཀྲུང་གོའི་ཆུ་བོ་རིང་བོ་ཨང་གཉིས་པ་ཡིན་ལ། འཛམ་གླིང་མིང་དུ་གྲགས་པའི་གཙང་བོ་ཆེན་པོའི་གྲས་ཀྱང་ཡིན། རྨ་ཆུའི་མགོ་ཁུངས་ནི་མཚོ་སྔོན་ཞིང་ཆེན་གྱི་བ་ཡན་ཧ་རི་རི་རྒྱུད་ཡིན། རྨ་ཆུ་ལམ་རིང་བོར་རྦ་རླབས་ཆལ་ཆིལ་གཡོ་ཞིང་དྲག་ཏུ་རྒྱུག་པས། འགོག་ཐབས་གཏན་ནས་མེད་པ་ཞིག་རེད།  དེ་མཚོ་སྔོན། སི་ཁྲོན། ཀན་སུའུ།  ཉིང་ཞ   ཧྲའན་ཞི།   ཧྲན་ཞི། ཧོ་ནན།  ཧྲན་ཏུང་བཅས་ཞིང་ཆེན་དགུ་བརྒྱུད་མཐར་པའོ་ཧེ་རྒྱ་མཚོ་ནང་དུ་འབབ་པ་ཡིན། ཧྲན་ཏུང་ཞིང་ཆེན་ཏུང་ཡིང་གྲོང་ཁྱེར་ཁེང་ལི་རྫོང་ནས་པའོ་ཧེ་རྒྱ་མཚོ་ནང་དུ་འབབ་ཀྱིན་ཡོད།  སྤྱིའི་རིང་ཚད་ལ་སྟོང་སྨི5464ཡོད།  འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ752443ཡོད།

བ་ཡན་ཧ་རི་རི་རྒྱུད་ཀྱི་བྱང་འདབས་ཀྱི་ཡུའེ་ཀུའུ་ལེ་ཙོན་ནི་རྨ་ཆུའི་མགོ་ཁུངས་དངོས་ཡིན། མགོ་ཁུངས་ནི་བ་ཡན་ཧ་རི་རི་རྒྱུད་ཀྱི་ཡ་ལ་རྟ་རི་རྩེ་ཡིན། མཚོ་འཕགས་སྨི4675དང་ཆ་སྙོམས་བཞུར་ཚད་སྐར་ཆ་རེར་སྨི་གྲུ་བཞི་ལྷམ་པ1774.5རེད། ཧྲན་ཏུང་མངའ་ཁོངས་ནས་པའོ་ཧེ་རྒྱ་མཚོའི་ནང་འབབ་པ་ཡིན།  རྨ་ཆུའི་སྟོད་བར་གྱི་དབྱེ་མཚམས་ནི། ཧྲན་ཞི་ཞིང་ཆེན་གྱི་ཧའོ་ཁུག་གྲོང་རྡལ་ཡིན།  བར་སྨད་རྒྱུད་ཀྱི་དབྱེ་མཚམས་ནི་ཧོ་ནན་ཞིང་ཆེན་གྱི་མེང་ཅིན་ཡིན། རྨ་ཆུ་རྒྱ་མཚོར་འབབ་སའི་ཞེང་ཚད་ལ་སྨི1500དང་། སྤྱིར་བཏང་དུ་སྨི500ཅུང་དོག་པའི་གནས་སུ་སྨི50ཙམ་ལས་མེད། སྤྱིར་བཏང་དུ་ཆུའི་གཏིང་ཚད་ལ་སྨི2.5དང་ས་ཁུལ་ལ་ལའི་གཏིང་ཚད་ལ་སྨི1.2ནས1.3ཙམ་ལས་མེད། རྨ་ཆུའི་མགོ་ཁུངས་ནས་མཚོ་སྔོན་ཁྲི་ཀའི་བར་དུ་མང་ཆེ་བ་མུ་འབྲེལ་རི་བོ་མཐོན་པོ་དང་སྤང་ལྗོངས་མཐོ་སྒང་ཡིན་ལ་མཚོ་བོད་མཐོ་སྒང་དུ་གཏོགས་པ་ཡིན། མཚོ་འཕགས་སྨི3000ཡན་ཆད་ཡིན།  མགོ་ཁུངས་ཀྱི་ལུང་གཞུང་གི་མཚོ་འཕགས་སྨི4200ཡིན། མགོ་ཁུངས་རྒྱུད་ཀྱི་ལུང་གཞུང་ངོགས་གཉིས་ཀྱི་ས་དབྱིབས་ལྷོད་འཇགས་ཡིན་པས་ཆུ་འབུད་པ་བདེ་བགྲོད་མི་ཐུབ་པས་གཞི་རྒྱ་ཆེ་བའི་འདམ་གཞོང་དང་མཚེའུ་མང་བོ་ཆགས་ཡོད། ཁྲི་ཀ་ནས་མེང་ཅིན་བར་ནི་ས་སེར་མཐོ་སྒང་ས་ཁུལ་ཡིན་ལ། དེའི་ལྷོ་ཕྱོགས་ནི་ཝའེ་ཧོ་གཙང་བོའི་གཞོང་ས་དང་། བྱང་ཕྱོགས་ནི་ཨོ་ཨེ་ཏའོ་སི་མཐོ་སྒང་དང་འབྲེལ་བ། ནུབ་ཕྱོགས་ལན་ཀྲུའུ་གཞོང་ས་དང་འབྲེལ་ཡོད། ས་སེར་མཐོ་སྒང་གི་མཚོ་འཕགས་སྤྱིར་བཏང་དུ་སྨི1000ནས1300ཡིན། ས་བྱད་མཐོ་དམའ་མི་སྙོམས་ཤིང་། གཡང་གཟར་ཞིང་གྲོག་རོང་ཟབ་པ། ལུང་ཤུར་ས་ངོས་ཀྱི་གཟར་ཚད་ཏུའུ15ནས20དང་།  ལུང་གཞུང་གི་རྒྱ་ཁྱོན་གྱིས40%ནས50%ཟིན་ཡོད། མེང་ཅིན་མན་ཆད་ས་བབ་དམའ་བའི་ཧྭ་བྱང་བདེ་ཐང་དུ་ཡིན་ལ། མཚོ་འཕགས་སྨི50ལས་བརྒལ་མེད། རྨ་ཆུའི་སྨད་རྒྱུད་ཐང་གཤོང་ས་ཁུལ་དུ་འབབ་སྐབས་ཆུ་རྒྱ་ཆེ་རུ་ཕྱིན་པ་དང་ས་ཁོད་སྙོམས་པ། གཟར་ཚད་ཆུང་བ།  ཆ་སྙོམས་གཟར་ཚད0.12%ལས་མེད། སྟོད་རྒྱུད་ནས་ཁྱེར་ཡོང་བའི་བྱེ་འདམ་རིམ་གྱིས་དེར་བསགས་ཏེ་ཆུ་ལམ་ཇེ་མཐོར་སོང་ནས་ས་ངོས་ལས་མཐོ་བའི་ཆུ་བོ་ཞིག་གྲུབ་ཡོད། ས་ངོས་ལས་མཐོ་ཚད་སྨི4ནས5ཙམ་ཡོད།  རྨ་ཆུའི་ཆུ་ལམ་ཐེངས་འགའ་བརྗེས་པའི་དབང་གིས་ས་ངོས་སུ་རླུང་གཡབ་དབྱིབས་ཀྱི་གནའ་བོའི་གྲམ་པ་དང་གནའ་བོའི་རང་བྱུང་དུ་གྲུབ་པའི་གཞོང་ས་དང་ས་འབུར་བསྣོལ་མར་ཁྱབ་པའི་གསེག་ངོས་མཐོ་སྒང་གྲུབ་ཡོད། གཞོང་ས་རྒྱ་ཆེ་ཞིང་ཁོད་སྙོམས་པ་ཡིན།

2013871027306346.jpg

སྟོད་རྒྱུད།  ཆུ་མགོ་ནས་ཁྲི་ཀ་བར་ཡིན། ངོགས་གཉིས་སུ་མུ་འབྲེལ་རི་བོ་མཐོན་པོ་དང་སྤངས་ལྗོངས་མཐོ་སྒང་ཡིན། མཚོ་འཕགས་སྨི3000ཡན་ཡིན། ཆེས་མཐོ་བའི་རི་རྩེའི་མཚོ་འཕགས་ལ་སྨི4000བརྒལ་ཡོད། ཆུ་ལམ་དབྱིན་ཡིག་གསལ་བྱེད“S”ལྟར་ཆགས་ཡོད། ཆུ་མགོ་མཚམས་ཀྱི་སྟོང་སྨི400ནང་ཁུལ་གྱི་ཆུ་ལམ་ཀྱག་ཀྱོག་ཡིན་ལ། ངོགས་གཉིས་སུ་མཚེའུ་དང་སྤང་ལྗོངས། འདམ་གཞོང་སོགས་ཡིན་པས་ཆུ་བོ་དྭངས་ཤིང་གསལ་ལ་ཆུ་རྒྱུན་གྱི་བཞུར་རྒྱུག་གཏན་ཆགས་ཡིན། ཆུ་བོའི་རླན་ཚད་ཟད་གྲོན་ཆུང་བ་དང་ཆུའི་ཐོན་ཚད་ཆེ་བ། མཚེའུ་མང་བ། ཆེས་ཆེ་བའི་མཚེའུ་མཚོ་སྐར་ཚོམ་དང་མཚོ་སྐྱ་རེངས། ནམ་ཟླའི་རིགས་ནི་མཐོ་སྒང་གྲང་ངར་ནམ་ཟླ།  ཉའི་རིགས་ནི་གཙོ་བོ་ཡ་གླིང་དབུས་མའི་མཐོ་སྒང་ཁུལ་གྱི་ཉའི་རིགས་སུ་གཏོགས་ལ། རིགས་ཉུང་ཡང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཉའི་རིགས་ཀྱི་ཐུན་ཁུངས་དུས་ཡུན་རིང་བོའི་ཁྲོད་དུ་གསར་སྤེལ་དང་བེད་སྤྱོད་བྱས་མེད།

བར་རྒྱུད།  ཁྲི་ཀ་ནས་མེང་ཅིན་བར་ཡིན། རི་བོ་མཐོན་པོ་དང་གྲོག་རོང་མང་བོ་བརྒྱུད་པས་ཆུ་རྒྱུན་དྲག་ཏུ་རྒྱུག་པ་དང་གཟར་ཚད་ཆེ་བ་ཡིན།  ཁྲི་ཀ་ནས་སྔོ་རྒྱ་འགག་བར་གྱི་བྲག་རོང་ཧ་ཅང་གཏིང་ཟབ་པས་ཆུ་ཞེང་ལ་སྨི50ནས70ཙམ་ལས་མེད་པ་དང་། ཆེས་དོག་སའི་ཆུ་ཞེང་ལ་སྨི15ཡང་མེད་ལ་བྲག་རོང་གི་ཟབ་ཚད་ལ་སྨི100ནས500ཡིན། ཆུ་རྒྱུན་དྲག་ཏུ་རྒྱུག་པ་དང་འགག་དོག་པ་དང་གཡང་གཟར་ཡིན་པས་ཆུ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཆགས་ཡོད།  གྲོག་རོང་དུ་ཆུ་མཛོད་ཆེན་པོ་མང་བོ་བསྐྲུན་ཡོད། རྨ་ཆུ་ཟངས་དམར་འགག་བརྒལ་རྗེས་རྨ་ཆུའི་ཁུག་པར་ཐོན་ཞིང་རྒྱ་ཆེ་བའི་འདེད་བསག་བདེ་ཐང་ཆགས་ཡོད། ཆུ་རྒྱུན་དལ་ཞིང་ལྷོད་པ་དང་ཉ་ལི་ཅི་དང་ཉ་ཉན་དབྱིའི་རིགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། རྨ་ཆུ་བཞུར་ཏེ་ཆུ་མདོ་གྲོང་བརྡལ་ཡོལ་རྗེས་ལྷོ་ཕྱོགས་སུ་དཀྱོགས་ནས་ཆིན་ཅིན་གྲོག་རོང་བརྒལ་ཏེ་ལུང་མོན་དུ་ཐོན་པར་སྟོང་སྨི718ཙམ་ལས་མེད་ནའང་གཟར་ཚད་ཆེ་ལ་མར་ལྟུང་ཚད་སྨི611ཡིན།  ལུང་མོན་མན་ཆད་ནས་འགག་སྒོ་ཐུང་ཀོན་བར་གྱི་ཆུ་མཚམས་སྟོང་སྨི130ནང་དུ་ཧྥུན་དང་ཝེ། ཅིང་། ལུའོ་གཙང་བོ་སོགས་སྡུད་ཡོད་པས་ཆུ་འབོར་ཇེ་ཆེར་སོང་སྟེ་བྱེ་འདམ་མང་དུ་ཆགས་པ་དང་། ཆུ་ལམ་གཏན་ཆགས་མིན། ཉ་ལི་ཡུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། བར་རྒྱུད་དུ་ས་སེར་མཐོ་སྒང་བརྒྱུད་པས་བྱེ་འདམ་འདུས་ཚད་ཆེ་བས་སྨད་རྒྱུད་ཁུལ་དུ་གནོད་འཚེ་ཆེན་པོ་བཟོ་བཞིན་ཡོད། ཆུ་མཚམས་འདི་ནི་རྨ་ཆུའི་གནོད་འཚེ་བཅོས་སྐྱོང་གི་རྩ་བའི་འགག་རྩ་ཡིན།

སྨད་རྒྱུད། མེང་ཅིན་ནས་ཧྭ་པེ་བདེ་ཐང་གི་བར་ཡིན། སྤྱིའི་རིང་ཚད་ལ་སྟོང་སྨི874ཡོད། ཆུ་ལམ་བདེ་ཞིང་ཆུ་ཞེང་ཆེ་བ། ཆུ་རྒྱུན་དལ་ཞིང་ལྷོད་པ། བྱེ་འདམ་མཐུག་པོར་ཆགས་པ། ཆུ་ལམ་ཆ་སྙོམས་མཐོ་ཚད་ས་ངོས་ལས་སྨི4ནས5ཙམ་གྱིས་མཐོ་བས་ས་ཐོག་ཆུ་རྒྱུན་གྲུབ་ཡོད། ཉའི་རིགས་ཀྱི་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་ཉ་ལས་ཆུ་མཚམས་ཡིན། ཆུ་མདོའི་ཆུ་ཁོངས་སུ་ཕྱིར་རྒྱུ་བའི་ཉའི་རིགས་འཚོ་གནས་བྱས་ཡོད་ལ། ཆུ་ལམ་རང་བཞིན་གྱི་ཉའི་རིགས། གཏན་སྡོད་རང་བཞིན་གྱི་ཉའི་རིགས། ཕྱེད་ཚྭ་ཆུ་རང་བཞིན་གྱི་ཉའི་རིགས་ཡོད། རྨ་ཆུ་ཧྲིལ་བོའི་ལོ་མང་བོའི་ཆ་སྙོམས་རང་བྱུང་བཞུར་རྒྱུག་གི་ཚད་ནི་གྲུ་བཞི་ལྷམ་པ་དུང་ཕྱུར580ཡིན། འབབ་ཁོངས་ཀྱི་ལོའི་ཆ་སྙོམས་བཞུར་རྒྱུག་གི་གཏིང་ཚད་ནི་ཧའོ་སྨི77ཡིན། འབབ་ཁོངས་ཀྱི་མི་རེའི་ཆ་སྙོམས་ཆུ་འབོར་སྨི་གྲུ་བཞི་ལྷམ་པ593དང་ཞིང་ས་མུའུ་རེའི་ཆ་སྙོམས་ཀྱི་ཆུ་འབོར་སྨི་གྲུ་བཞི་ལྷམ་པ324ཡིན།

རྨ་ཆུའི་བར་རྒྱུད་ཀྱི་ཆུ་མཚམས་ས་སེར་མཐོ་སྒང་ས་ཁུལ་བརྒྱུད་ཡོད་པ་དང་ཆུ་ལག་གིས་བྱེ་འདམ་མང་བོ་ཁུར་ཡོང་བས། རྨ་ཆུ་ནི་འཛམ་གླིང་ཐོག་བྱེ་མ་འདུས་ཚད་ཆེས་ཆེ་བའི་ཆུ་བོ་ཞིག་ཏུ་གྱུར་ཡོད། ཆེས་ཆེ་ལོའི་བྱེ་མ་འདྲེན་ཚད་ཏུན་དུང་ཕྱུར39.1(སྤྱི་ལོ1983ལོ)ཡིན་ལ། ཆེས་མཐོ་བའི་བྱེ་མའི་འདུས་ཚད་ནི་སྨི་གྲུ་བཞི་ལྷམ་པ་རེར་སྟོང་ཁེ920(སྤྱི་ལོ1977ལོ)ཡིན། སན་མོན་འགག་ས་ཚུགས་ཀྱིས་ལོ་རེར་ཆ་སྙོམས་བྱེ་མའི་འདྲེན་ཚད་ཧ་ལམ་ཏུན་དུང་ཕྱུར16དང་ཆ་སྙོམས་བྱེ་མ་འདུས་ཚད་སྨི་གྲུ་བཞི་ལྷམ་པ་རེར་སྟོང་ཁེ35ཡིན།

ཆུ་ལག་གཙོ་བོ་ལ། གཙང་བོ་དཀར་པོ། གཙང་བོ་ནག་པོ།  ཙོང་ཆུ། གཙང་བོ་ཙུའུ་ལི། གཙང་བོ་ནག་པོ་ཆེན་པོ། ཁུའུ་ཡེ་གཙང་བོ། ཧུའུ་ཏིང་གཙང་བོ། གཙང་བོ་ཧྥུན་ཧོ། གཙང་བོ་ཝེ་ཧོ། གཙང་བོ་ལའོ་ཧོ། གཙང་བོ་པེན་ཧོ། གཙང་བོ་ཏ་ཝུན་ཧོ།

མཚེའུ་གཙོ་བོ། མཚོ་སྐྱ་རེངས།  མཚོ་སྔོ་རེངས། མཚོ་ཝུའུ་ལང་སུའུ། མཚོ་ཏོན་པིན།

གཞུང་རྒྱུན་གྲོག་རོང་། རྨ་ཆུའི་གཞུང་རྒྱུན་དུ་གྲོག་རོང་བསྡོམས་པས30ཡོད། སྟོད་རྒྱུད་དུ28དང་། བར་རྒྱུད་དུ2ཡོད། སྨད་རྒྱུད་ཧྭ་པེ་བདེ་ཐང་དུ་གྲོག་རོང་ཁྱབ་མེད། གཞུང་རྒྱུན་གྱི་གྲོག་རོང་ཡོད་ཚད་ཀྱི་རིང་ཚད་བསྡོམས་ན་སྟོང་སྨི1707ཡོད་པ་དེས་གཞུང་རྒྱུན་སྤྱིིིའི་རིང་ཚད་ཀྱི31.2%ཟིན་ཡོད།

2 འབབ་ཁོངས།

རྨ་ཆུའི་འབབ་ཁོངས་ནུབ་ནས་བ་ཡན་རི་རྒྱུད་དང་ཤར་ནས་པའོ་ཧེ་རྒྱ་མཚོ། ལྷོ་ནས་ཆིན་ལིང་དང་བྱང་གི་དབྱིན་ཧྲན་རི་བོ། འབབ་ཁོངས་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི79.5ཡོད། རྨ་ཆུའི་མགོ་ཁུངས་ནི་མདོ་དབུས་མཐོ་སྒང་གི་ཨ་ཆེན་གངས་རི་ཡིན་པ་དང་དེའི་དབྱིབས་རྒྱ་ཡིག“几”ཆེན་པོ་ཞིག་དང་འདྲ་བར་ཀྱག་ཀྱོག་བཞིན་དུ་པའོ་ཧེ་རྒྱ་མཚོ་ནང་དུ་འབབ། རྨ་ཆུ་ལམ་རིང་བོར་རྦ་རླབས་ཆལ་ཆིལ་གཡོ་ཞིང་དྲག་ཏུ་རྒྱུག་པས། འགོག་ཐབས་གཏན་ནས་མེད་པ་ཞིག་རེད།  དེ་མཚོ་སྔོན། སི་ཁྲོན། ཀན་སུའུ། ཉིང་ཞ།  ཧྲའན་ཞི།   ཧྲན་ཞི།  ཧོ་ནན།  ཧྲན་ཏུང་བཅས་ཞིང་ཆེན་དགུ་བརྒྱུད་མཐར་པའོ་ཧེ་རྒྱ་མཚོ་ནང་དུ་འབབ་པ་ཡིན། ཧྲན་ཏུང་ཞིང་ཆེན་ཏུང་ཡིང་གྲོང་ཁྱེར་ཁེང་ལི་རྫོང་ནས་པའོ་ཧེ་རྒྱ་མཚོ་ནང་དུ་འབབ་ཀྱིན་ཡོད།  སྤྱིའི་རིང་ཚད་ལ་སྟོང་སྨི5464ཡོད།  འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ752443ཡོད།  ཆུ་མགོ་ནས་ནང་སོག་གི་ཐུའོ་ཁོ་ཐུའོ་བར་ལ་སྟོད་རྒྱུད་ཟེར། ཆུ་བོའི་རིང་ཚད་ལ་སྟོང་སྨི3472ཡོད། དེ་ལས་ལན་ཀྲུའུ་ཡན་ཆད་ཀྱི་ས་ཁུལ་མང་ཆེ་བར་སྔོ་ཁེབས་ཀྱི་ཚད་ལེགས་པ་དང་། རྨ་སྟོད་ནས་ཟངས་དམར་འགག་བར་དུ་གྲོག་རོང་མང་བ་དང་ཆུ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཟངས་དམར་འགག་མན་ཆད་ནི་རྨ་ཆུའི་ཁུག་པའི་བདེ་ཐང་ཡིན་ལ། ཞིང་ཆུ་འདྲེན་པ་དར་རྒྱས་ཆེ་ཞིང་ཆུ་ཐོག་སྐྱེལ་འདྲེན་ཡང་བྱས་ཆོག ཐུའོ་ཁོ་ཐུའོ་ནས་ཧོ་ནན་ཞིང་ཆེན་གྱི་ཐའོ་ཧྭ་འགག་ཡང་ན་ཁམ་བུའི་མེ་ཏོག་འགག་བར་དུ་བར་རྒྱུད་ཡིན། ཆུ་བོའི་རིང་ཚད་ལ་སྟོང་སྨི1206ཡོད་པ་དང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། ངོགས་གཉིས་ས་སེར་མཐོ་སྒང་ཡིན་པས་སྔོ་ཁེབས་ཞན་ལ་ས་ཆུ་ཤོར་བ་ཚབས་ཆེན་ཡིན། གནས་འདི་ནི་རྨ་ཆུའི་བྱེ་འདམ་ཆུ་ལོག་འབྱུང་སའི་ཁུངས་གཙོ་བོ་ཡིན། ཐའོ་ཧྭ་འགག་ཡང་ན་ཁམ་བུའི་མེ་ཏོག་འགག་མན་ཆད་ནས་ཆུ་མདོ་བར་ནི་སྨད་རྒྱུད་ཡིན་ལ་ཆུ་བོའི་རིང་ཚད་ལ་སྟོང་སྨི786ཡོད། ཆུ་བོའི་ངོགས་གཉིས་སུ་ཆུ་རགས་མང་བོ་བཟོས་ཡོད། བྱེ་འདམ་མཐུག་པོར་ཆགས་པ་ས་ངོས་ལས་སྨི3ནས5ཙམ་མཐོ་བ་དང་ལ་ལར་སྨི10ཙམ་གྱིས་མཐོ་བའང་ཡོད་པས་ས་ཐོག་ཆུ་རྒྱུན་དང་ཡང་ན་དཔྱངས་ཆུའང་འབོད། འགྲམ་གཉིས་སུ་གཙོ་བོ་ཞིང་ཆུ་འདྲེན་པའི་ཁུལ་ཡིན་ལ་གཞུང་རྒྱུན་དུ་གྲུ་གཟིངས་ཤར་གཏོང་ཡང་བྱས་ཆོག་པ་ཡིན། ཆུ་མདོའི་ཉེ་འགྲམ་དུ། རྨ་ཆུ་རྒྱ་མཚོའི་ནང་དུ་ཞུགས་སའི་ཆུ་ལམ་དུ་བྱེ་འདམ་མཐུག་པོར་ཆགས་པ། ཆུ་ལམ་ཇེ་རིང་དུ་འགྲོ་བ། ཆུ་ལམ་བརྗེས་པ། སྐམ་ས་བཟོ་བའི་ནུས་པ་ཤུགས་ཆེ་བ་སོགས་ཀྱི་སྣང་ཚུལ་མང་བོ་བྱུང་ཡོད། ཆུ་མཚམས་སོ་སོའི་ཐད་ཀར་གཞུང་རྒྱུན་དུ་འབབ་ཁོངས་སྟོང་སྨི་གྲུ་བཞི་མ་ཁྲི1ཙམ་ཡོད་པའི་ཆུ་ལག་བཅུ་ལྷག་ཡོད་ལ། དེ་ལས་གཙང་བོ་ཝེ་ཧོ་ཡི་རྒྱ་ཁྱོན་དང་ཆུ་འབོར་ཆེས་ཆེ་བ་ཡིན།

18641483_170142238501_2.jpg

རྨ་ཆུ་ནི་རྒྱ་སྟག་ངར་མོ་ཞིག་དང་འདྲ་བར་མཚོ་བོད་མཐོ་སྒང་ནས་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་རི་མཐོ་གཡང་གཟར་བརྒྱུད་དེ་ཉིང་ཞ་ཞིང་ཆེན་དང་ནང་སོག་གི་རྨ་ཆུའི་ཁུག་པའི་བདེ་ཐང་འཕྲེད་ཀྱིས་བརྒལ་ནས་ཧྲན་ཞི་དང་ཧྲའན་ཞི་ཞིང་ཆེན་གཉིས་བར་གྱི་རི་མཐོ་གྲོག་རོང་དུ་མཆོང་རྒྱུག་བྱས་ཏེ་ནུབ་ཀྱི་རི་བོ་ཆེན་པོ་ཧྭ་ཧྲན་གྱི་འདབས་ནས་ཤར་ཕྱོགས་སུ་འཁོར་ཏེ་ཧྭ་པེ་བདེ་ཐང་འཕྲེད་ཀྱིས་བཅད་དེ་པའོ་ཧེ་རྒྱ་མཚོ་ཆེན་པོར་འབབ་པ་ཡིན།  ཞིང་ཆེན་དང་ས་ཁུལ་དགུ་བརྒྱུད་དེ་ཆུ་ལག་གཙོ་བོ40དང་ཆུ་ཕྲན1000ལྷག་ནང་དུ་བསྡུས་ནས་སྟོང་སྨི5464ལ་བཞུར་ཞིང་འབབ་ཡུལ་གྱི་རྒྱ་ཁྱོན་སྨི་གྲུ་བཞི་ལྷམ་པ་ཁྲི75དང་།  འབབ་ཁུལ་གྱི་ཆ་སྙོམས་གནམ་ཆུ་ཧའོ་སྨི400ཡས་མས་ཡིན་ལ། རྨ་ཆུའི་ལོའི་ཆ་སྙོམས་ཀྱི་བཞུར་རྒྱུག་གི་སྤྱི་འབོར་སྨི་གྲུ་བཞི་ལྷམ་པ་ཁྲི574ཡིན་པ་དང་ཀྲུང་གོའི་ཆུ་རྒྱུན་ཁྲོད་དུ་ཨང་བརྒྱད་པ་ལས་ཟིན་མེད། འབབ་ཁུལ་སྨད་རྒྱུད་ཀྱི་ཧའོ་ནན་ཞིང་ཆེན་དང་ཧྲན་ཏུང་ཞིང་ཆེན་གཉིས་ཀྱི་རྨ་ཆུའི་འགྲམ་ངོགས་ཁུལ་དུ་ཞིང་ས་མུའུ་དུང་ཕྱུར2དང་མི་འབོར་དུང་ཕྱུར2ཡས་མས་ཡོད།

3 རང་བྱུང་ས་ཁམས།

རྨ་ཆུའི་འབབ་རྒྱུད་ཀྱིས་ཀྲུང་གོའི་ཤར་ནུབ་འཕྲེད་ཀྱིས་བཅད་ཡོད་ལ། ས་ཁུལ་མང་ཆེ་བ་ཀྲུང་གོའི་ནུབ་བྱང་ཁུལ་དུ་ཡོད། དེ་ཡང་ཤར་གྱི་གཞུང་ཚད་ཏུའུ95སྐར53དང་ཏུའུ119སྐར05བར་དང་།  བྱང་གི་འཕྲེད་ཚད་ཏུའུ32སྐར10དང་ཏུའུ41སྐར50བར་དུ་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི1900དང་ལྷོ་བྱང་གི་ཞེང་ལ་སྟོང་སྨི1100ཡོད། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་ལྷམ་པ་ཁྲི75ལྷག་ཡོད།

རྨ་ཆུའི་འབབ་རྒྱུད་ཀྱི་མངའ་ཁོངས་རྒྱ་ཆེ་བ་དང་།  ས་དབྱིབས་ས་བྱད་ལ་ཁྱད་པར་ཆེན་པོ་ཡོད་དེ། ནུབ་ནས་ཤར་དུ་མཚོ་བོད་མཐོ་སྒང་དང་ནང་སོག་མཐོ་སྒང་། ས་སེར་མཐོ་སྒང་། ཧོང་ཧོའེ་ཧའེ་བདེ་ཐང་བཅས་ས་བྱད་སྡེ་ཚན་བཞི་ཡོད། འབབ་རྒྱུད་ཀྱི་ནུབ་མཐོ་ཞིང་ཤར་དམའ་སྟེ། ནུབ་ཀྱི་ཆུ་མགོའི་ས་ཁུལ་གྱི་ཆ་སྙོམས་མཚོ་འཕགས་སྨི400ཡན་ཆད་ཡིན་ལ། རི་བོ་མཐོན་པོ་མང་བོས་མུ་འབྲེལ་གྱིས་གྲུབ་ཡོད་པས་ལོ་ཧྲིལ་བོར་གངས་དང་འཁྱགས་ཀློང་གི་ས་བྱད་དར་རྒྱས་ཆེ་བ་ཡིན། དབུས་ཁུལ་གྱི་མཚོ་འཕགས་སྨི1000ནས2000བར་ཡིན་ལ་ས་བྱད་ས་སེར་གཙོ་བོ་ཡིན་པས་ས་ཆུ་ཤོར་བའི་གནས་ཚུལ་ཚབས་ཆེན་རེད།  ཤར་རྒྱུད་ཁུལ་དུ་གཙོ་བོ་རྨ་ཆུའི་འདེད་བསགས་བདེ་ཐང་གིས་གྲུབ་པ་ཡིན་ལ་ཆུ་ལམ་ས་ངོས་ནས་ཡར་སྨི4ནས5ཙམ་འཕགས་ཡོད་པས་ཆུ་ལོག་གི་འཇིགས་པ་དང་ཉེན་ཁ་ཅུང་ཆེ་བ་རེད།

4 ཆུ་དཔྱད།

རྨ་ཆུའི་འབབ་རྒྱུད་ཤར་རྒྱ་མཚོ་ལ་ཐུག་པ་དང་ནུབ་སྐམ་སའི་དབུས་རྒྱུད་དུ་ཡོད་པས། ནམ་ཟླ། གནམ་ཆུ། རླངས་འགྱུར། ཉི་འོད་ཚ་ནུས་ཀྱི་ཐོན་ཁུངས་དང་སད་མེད་དུས་སོགས་ལ་ཁྱད་པར་མངོན་གསལ་ཡོད། འབབ་རྒྱུད་ནང་ཁུལ་གྱི་ནམ་ཟླ་སྤྱིའི་ཆ་ནས་ཐན་ཁུལ། ཕྱེད་ཐན་ཁུལ། བཞའ་བརླན། ཕྱེད་བཞའ་བརླན་བཅས་སུ་དབྱེ་ཡོད་ལ། ནུབ་རྒྱུད་ཐན་ཁུལ་དང་ཤར་རྒྱུད་བཞའ་བརླན་ཁུལ་ཡིན། འབབ་རྒྱུད་ཧྲིལ་བོའི་ལོའི་ཆ་སྙོམས་གནམ་ཆུ་འབབ་ཚད་ཧའོ་སྨི466དང་། ལོ་མང་བོའི་ཆ་སྙོམས་ཀྱི་རླངས་འགྱུར་ཚད་ནི་ཧའོ་སྨི700ནས1800ཡིན། འབབ་རྒྱུད་ནང་ཁུལ་དུ། སྟོད་རྒྱུད་ཀྱི་ཆ་སྙོམས་དྲོད་ཚད1℃ནས 8℃དང་། དབུས་རྒྱུད་ཀྱི་ཆ་སྙོམས་དྲོད་ཚད8℃ནས 14℃   སྨད་རྒྱུད་ཀྱི་ཆ་སྙོམས་དྲོད་ཚད12℃ནས 14℃ཡིན། སྨད་རྒྱུད་ཀྱི་སད་མེད་དུས་ཡུན་ཉིན200ནས220དང་།  དབུས་རྒྱུད་ཀྱི་ཉིན150ནས180ཡིན། སྟོད་རྒྱུད་ཡ་རྫི་རྫོང་ཡན་ཆད་ཉིན50ནས100ཡིན།  འབབ་རྒྱུད་ཀྱི་ཆུ་དཔྱད་ཀྱི་ཁྱད་ཆོས་མངོན་གསལ་ཡིན་ཏེ། སྟོད་རྒྱུད་ཀྱི་གནམ་ཆུ་འབབ་ཡུན་རིང་ལ་འབབ་ཤུགས་ཆུང་བ། ཆུ་ལོག་བཞུར་རྒྱུག་གྲུབ་ཚུལ་ལས་རྩེ་ཆུང་བ་གྲངས་མང་བ། དབུས་རྒྱུད་ཁུལ་དུ་གནམ་ཆུ་འབབ་ཡུན་ཐུང་བ་དང་འབབ་ཤུགས་ཆེ་བ། ཆུ་ལོག་བཞུར་རྒྱུག་གྲུབ་ཚུལ་ལས་རྩེ་མོ་མཐོ་ཞིང་གྲངས་ཉུང་བ། ཆུ་བོ་གློ་བུར་དུ་རྒྱས་ཤིང་གློ་བུར་དུ་བྲི་བ་ཡིན། དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཅུང་ཆེ་བ་ཡིན།

རྨ་ཆུའི་འབབ་རྒྱུད་ཀྱི་ས་སེར་མཐོ་སྒང་ས་ཁུལ་གྱི་ས་ཆུ་ཤོར་བ་ཚབས་ཆེ་ཞིང་། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ45.5ནང་དུ་ལོའི་བསླད་སྐྱོན་ཐེབས་པའི་རྒྱ་ཁྱོན་ཧ་ལམ་སྟོང་སྨི་གྲུ་བཞི་མ15.6ཡིན། བྱེ་འདམ་མང་བོ་རྨ་ཆུའི་ནང་བབས་པས་ཆུ་ལམ་ཇེ་མཐོར་སོང་སྟེ་རྨ་ཆུའི་སྨད་རྒྱུད་དུ་ཆུ་སྐྱོན་ཚབས་ཆེན་བྱུང་བ་དང་བཅོས་དཀའ་བའི་གནས་སུ་ལྷུང་ཡོད།

01300542039784137869384940230.jpg

5 ནམ་ཟླ།       

རྨ་ཆུའི་མགོ་ཁུངས་ས་ཁུལ་ནི་མཚོ་བོད་མཐོ་སྒང་ཡིན་པས་ས་མཐོའི་གནམ་གཤིས་རིགས་སུ་གཏོགས་ཤིང་།   ཙོང་ཆུའི་གྲོག་རོང་བརྒྱུད་དུས་ས་བབ་ཀྱི་བྱེད་ནུས་འོག་ཏུ་དྲོད་ཚད་ལྟོས་བཅས་ཀྱིས་ཅུང་མཐོ་བ་དང་ཆར་ཆུ་མང་བ་སོགས་ཀྱིས་གནམ་གཤིས་རིགས་ངེས་མེད་དུ་འགྱུར་བ་ཡིན།  རྨ་ཆུ་སྐམ་སའི་ནང་མའི་རྒྱ་ཆེ་བའི་དབུས་རྒྱུད་ས་ཁུལ་ཏེ་ས་སེར་མཐོ་སྒང་སོགས་བརྒྱུད་དུས་དྲོད་ཁུལ་སྐམ་ས་རང་བཞིན་གྱི་ནམ་ཟླའི་རིགས་སུ་གཏོགས་པ་དང་། ཤར་ཕྱོགས་ཀྱི་འབབ་རྒྱུད་ཁུལ་ནི་དྲོད་ཁུལ་དུས་རླུང་རང་བཞིན་གྱི་ནམ་ཟླའི་རིགས་སུ་གཏོགས་པ་ཡིན།        འབབ་རྒྱུད་ཀྱི་ལོའི་ཆ་སྙོམས་དྲོད་ཚད–4ནས+14℃བར་དང་ཆ་སྙོམས་གནམ་ཆུ་འབབ་ཚད་ཧའོ་སྨི478ཡིན། ཟླ་བ6པ་ནས10བར་གྱི་གནམ་ཆུའི་འབབ་ཚད་ཀྱིས་ལོ་ཧྲིལ་བོའི་གནམ་ཆུའི65%ནས85%ཟིན་ཡོད། ཆེས་ཆེ་བའི་དྲག་ཆར་ཟླ་བ7པ་དང8པའི་ནང་བྱུང་བ་ཡིན། རྨ་ཆུའི་ཆུ་ལོག་སྔོན་འགོག་བདེ་འཇགས་ལ་ཉེན་ཁ་བཟོ་བ་ཆེས་ཆེ་བའི་ཆུ་ལོག་དབྱར་སྟོན་གཉིས་ཀྱི་དུས་ཚིགས་སུ་བྱུང་བ་ལ་དབྱར་སྟོན་ཆུ་རྒྱས་ཀྱི་དུས་ཟེར།  དེ་ནས་དགུན་དུས་དར་ཞུ་བའི་འབྲུབ་ཆུ་ཡིན།  རྨ་ཆུའི་ལོའི་བྱེ་མ་འཁུར་ཚད་ཧ་ལམ་སྟོང་ཁེ་ཁྲི16ཡིན་པས་འཛམ་གླིང་ཆུ་བོ་ཆེན་པོ་དག་གི་དང་པོ་ཟིན་ཡོད་ལ། གཞུང་ཆུའི་ལུང་མོན་ཉེ་འདབས་སུ་གྲུ་བཞི་ལྷམ་པ་རེའི་བྱེ་མ་འདུས་ཚད་སྟོང་ཁེ30ཡན་ཆད་ཡིན། ཆུ་ལག་ལ་ལར་སྟོང་ཁེ300ནས500ཐོན་ཡོད། བྱེ་འདམ་གཙོ་བོ་རི་བོ་ཐའེ་ཧང་གི་ནུབ་ཕྱོགས་ནས་ཡོང་བ་ཡིན། ཉི་ཟླ་རི་བོའི་ཤར་ཕྱོགས་ཀྱི་ས་སེར་མཐོ་སྒང་ས་ཁུལ་གྱི་རྒྱ་ཁྱོན་ལ་ཧ་ལམ་སྟོང་སྨི་གྲུ་བཞི་མ58ཡོད་ལ། དེ་ལས་ས་ཆུ་ཤོར་བའི་རྒྱ་ཁྱོན་གྱིས་སྟོང་སྨི་གྲུ་བཞི་མ43ཟིན་ཡོད། རྨ་ཆུ་ལ་བྱེ་མ་དང་ཆུ་ཁུངས་མི་འདྲ་བའི་ཁྱད་ཆོས་ལྡན། ཐའོ་ཁུའུ་ཐའོ་ཡན་ཆད་ཀྱི་ཆུ་ཡིས་རྨ་ཆུའི1/2ཡན་ཟིན་ལ། བྱེ་འདམ་གྱིས9%ཙམ་ལས་ཟིན་མེད། སན་མུན་འགག་མན་ཆད་ཀྱི་ཆུ་ཡིས་ཧ་ལམ10%ཟིན་ནའང་བྱེ་འདམ་གྱིས2%ཙམ་ལས་ཟིན་མི་འདུག  ཐའོ་ཁུའུ་ཐའོ་ནས་ལུང་མོན་གྱི་བར་གྱི་ཆུ་ཡིས15%ཟིན་པ་དང་བྱེ་འདམ་གྱིས55%ཡན་ཟིན་ཡོད། ལུང་མོན་ནས་སྒོ་གསུམ་འགག་བར་གྱི་ཆུ་ཡིས21%ཟིན་པ་དང་བྱེ་འདམ་གྱིས34%ཟིན་ཡོད། བྱེ་འདམ་གོང་བུའི་ཚངས་ཕྱེད་ལ་ཧའོ་སྨི0.05ཡོད་པའི་བྱེ་རགས་ཀྱིས་ལོའི་བྱེ་མའི་ཚད་ཀྱིས་ཧ་ལམ1/4ཟིན་ཡོད། 80%ཡི་བྱེ་རགས་ཐའོ་ཁུའུ་ཐའོ་ནས་ལུང་མོན་ས་ཁུལ་བར་དུ་བྱུང་བ་ཡིན། བྱེ་རགས་མང་བའི་ཆུ་ལག་གཙོ་བོ་ཧྲའན་ཞིའི་བྱང་ཕྱོགས་ནས་ཐོན་པ་དང་ཧོང་ཕའོ་ཁྲོན་ནས་ཡོང་བའི་བྱེ་མ་ཆེས་རགས་པ་ཡིན།

6 ཆུ་རྒྱུན་ཆུ་ལག

རྨ་ཆུའི་མགོ་ཁུངས་ནི་མཚོ་སྔོན་ཞིང་ཆེན་གྱི་བ་ཡན་ཧ་རི་རི་རྒྱུད་ཡིན། དེའི་མཚོ་འཕགས་ཧ་ལམ་སྨི4500ཡིན་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཉིང་ཞ། ནང་སོག་རང་སྐྱོང་ལྗོངས། ཧྲའན་ཞི།  ཧྲན་ཞི། ཧོ་ནན། ཧྲན་ཏུང་བཅས་ཞིང་ཆེན་དགུ་བརྒྱུད་མཐར་ཧྲན་ཏུང་ཞིང་ཆེན་ཏུང་ཡིང་གྲོང་ཁྱེར་ཁེང་ལི་རྫོང་ནས་པའོ་ཧེ་རྒྱ་མཚོ་ནང་དུ་འབབ་ཀྱིན་ཡོད།  སྤྱིའི་རིང་ཚད་ལ་སྟོང་སྨི5464ཡོད། ཀྲུང་གོའི་ཆུ་བོ་ཆེན་པོ་ཨང་གཉིས་པ་དང་འཛམ་གླིང་གི་ཆུ་བོ་རིང་བོ་ཨང་ལྔ་བ་ཡིན། རྨ་ཆུའི་ཆེས་མངོན་གསལ་གྱི་ཁྱད་ཆོས་ནི“ཆུ་ཉུང་བྱེ་མ་མང་བ།  བྱེ་ཆུའི་འབྱུང་ཁུངས་མི་འདྲ་བ”ཡིན། ཆུ་རྒྱུན་ཧྲིལ་བོའི་ལོ་མང་བོའི་ཆ་སྙོམས་རང་བྱུང་བཞུར་རྒྱུག་གི་ཚད་སྨི་གྲུ་བཞི་ལྷམ་པ593ཡིན། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་འབོར་གྱི25%ཟིན་ཡོད། ཞིང་སའི་མུའུ་ཆ་སྙོམས་ཀྱི་ཆུ་འབོར་སྨི་གྲུ་བཞི་ལྷམ་པ324ཡིན་པ་དེ་རྒྱལ་ཡོངས་ཞིང་སའི་མུའུ་ཆ་སྙོམས་ཀྱི17%ཙམ་ཟིན་ཡོད། རྨ་ཆུའི་སན་མུན་འགག་ཆུ་གློག་ས་ཚུགས་ཀྱི་ལོ་མང་བོའི་ཆ་སྙོམས་བྱེ་མ་སྐྱེལ་འདྲེན་གྱི་ཚད་ཧ་ལམ་ཏུན་དུང་ཕྱུར16ཡིན།   བྱེ་མའི་ཆ་སྙོམས་ཀྱི་འདྲེས་ཚད་སྨི་གྲུ་བཞི་ལྷམ་པ་རེར་སྟོང་ཁེ35ཡིན། གཙང་བོ་ཆེན་པོ་དང་ཆུ་བོ་ཆེན་པོ་ཁྲོད་ཨང་དང་པོ་ཟིན་ཡོད། རྨ་ཆུའི་ཆུ་དང་བྱེ་མའི་འབྱུང་ཁུངས་ཀྱི་ས་ཁུལ་མི་འདྲ་སྟེ། ཆུ་འབོར་གཙོ་བོ་ལན་ཀྲུའུ་གྲོང་ཁྱེར་ཡན་ཆད་དང་རི་བོ་ཆིན་ལིང་བྱང་འདབས་ཀྱི་བྱེ་འདམ་གཙོ་བོ་ཆུ་མདོ་གྲོང་བརྡལ་ནས་ལུང་མོན་བར་གྱི་ཆུ་བོ་ཅིན་ཧའོ་དང་བྱང་ཆུ་བོ་ལའོ་ཧའོ།  ཆུ་བོ་ཝའེ་ཧའོའི་སྟོད་རྒྱུད་ས་ཁུལ་བཅས་ནས་བྱུང་བ་ཡིན།

ནང་སོག་གི་ཐའོ་ཁུའུ་ཐའོ་རྫོང་གི་ཆུ་མདོ་གྲོང་བརྡལ་ཡན་ཆད་ནི་རྨ་ཆུའི་སྟོད་རྒྱུད་ཡིན་ལ། ཅུང་ཆེ་བའི་ཆུ་ལག་གཙོ་བོ(འབབ་རྒྱུད་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1000ཡན)34ཡོད།  བཞུར་རྒྱུག་གི་ཚད་ཀྱིས་ཆུ་བོ་ཧྲིལ་བོའི60%ཟིན་ཡོད། ཚ་རྔ་འགག་ནས་ཉིང་ཞའི་ཞ་ཧའོ་ཡན་གྱི་གཞུང་ཆུའི་ཆུ་མཚམས་ནི་རྨ་ཆུའི་ཆུ་ཤུགས་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་ཁུལ་ཡིན་ལ། རྒྱལ་ཡོངས་ཀྱི་གཙོད་གནད་གསར་སྤེལ་འཛུགས་སྐྲུན་བྱེད་པའི་ཆུ་གློག་ས་ཚུགས་རྟེན་གཞིའི་གྲས་ཡིན།  ཞ་ཧའོ་ཡན་ནས་ཆུ་མདོ་གྲོང་བརྡལ་གྱི་རྨ་ཆུའི་ངོགས་གཉིས་ནི་ཤིང་ཏོག་ཉིང་མེང་ཁུལ་ཡིན་ལ། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ལས་རྟེན་གཞི་གཙོ་བོ་ཡིན། ས་ཁུལ་འདིར་གནམ་ཆུ་འབབ་ཚད་ཉུང་ཞིང་རླངས་འགྱུར་མགྱོགས་པའི་ཁར། ཞིང་ཆུ་འདྲེན་པ་དང་ཆུ་ལམ་ནས་ཆུ་སིམ་པ་སོགས་ཟད་གྲོན་བྱུང་བས། རྨ་ཆུའི་ཆུ་འབོར་ལམ་བར་ནས་ཇེ་ཉུང་དུ་འགྲོ་བ་ཡིན། རྨ་ཆུའི་རྒྱུད་ཀྱི་བདེ་ཐང་ལ་ཚད་མི་འདྲ་བའི་ཆུ་ལོག་དང་དར་ཞུ་བའི་འབྲུབ་ཆུའི་གནོད་འཚེ་གནས་ཡོད།

ཆུ་མདོ་གྲོང་བརྡལ་ནས་ཧོ་ནན། ཀྲེང་ཀྲོའུ་གྲོང་ཁྱེར།  ཁམ་སྡོང་ལུང་གཞོང་ནི་རྨ་ཆུའི་སྟོད་རྒྱུད་ཡིན་ལ། དེ་ནི་རྨ་ཆུའི་ཆུ་ལོག་དང་བྱེ་འདམ་གྱི་འབྱུང་ཁུངས་གཙོ་བོ་ཡིན། ཅུང་ཆེ་བའི་ཆུ་ལག30ལྷག་འདི་ནས་རྨ་ཆུར་འདྲེས་པ་ཡིན། ཆུ་མདོ་གྲོང་བརྡལ་ནས་དབྱི་མོན་ཁོའུ་བར་ནི་རྨ་ཆུའི་གཞུང་རྒྱུན་གྱི་ཆེས་རིང་བའི་མུ་འབྲེལ་གྲོག་རོང་ཡིན། ཆུ་མཚམས་ནང་གི་ཆུ་ལག་མང་ཆེ་བ་ས་ཆུ་ཤོར་བ་ཚབས་ཆེ་བའི་ས་སེར་མཐོ་སྒང་གི་རི་མ་ཐང་ལུང་ཤུར་ཁུལ་བརྒྱུད་པས། རྨ་ཆུའི་བྱེ་འདམ་དང་ལྷག་པར་དུ་བྱེ་རགས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན། རྨ་ཆུ་ཧྲིལ་བོའི་ལོའི་བྱེ་མ་སྐྱེལ་འདྲེན་གྱི་ཚད་ཏུན་དུང་ཕྱུར16ཡིན། དེ་ལས་ཏུན་དུང་ཕྱུར9ཙམ་ཁུལ་འདི་ནས་བྱུང་བ་ཡིན།  ཆུ་མཚམས་འདིའི་ཆུ་ཤུགས་ཐོན་ཁུངས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པས་རྨ་ཆུའི་རྒྱུད་ཀྱི་ཆུ་གློག་རྟེན་གཞི་ཆེན་པོ་གཉིས་པ་ཡིན། གྲོག་རོང་སྨད་རྒྱུད་དུ་མིང་དུ་གྲགས་པའི་ཧའོ་ཁོའུ་རྦབ་ཆུ་ཡོད། དབྱི་མོན་ཁོའུ་ནས་སན་མུན་འགག་ཁུལ་བར་དུ།  རྨ་ཆུ་ཆུ་བོ་ཧྥུན་དང་ཆུ་བོ་ཝའེའི་རང་བྱུང་འོབས་ཆེན་བརྒྱུད་དུས་ལུང་གཞུང་ཁོད་ཡངས་ཤིང་། དེ་ལས་དབྱི་མོན་ཁོའུ་ནས་ཀྲ་ཀོན་དར་གྱི་རིང་ཚད་ལ་སྟོང་སྨི132.5ཡོད།  ཆུ་ལམ་ཡངས་ཤིང་གཏིང་ཐུང་བ། ཕུང་བསགས་ཀྱི་འགྱུར་ལྡོག་ཛ་དྲག་ཆེ་བ།  ཆུ་མཚམས་སུ་ཆུ་ལག་གཙོ་བོ་ཆུ་བོ་ཧྥུན་ཧའོ་དང་ཆུ་བོ་ཝའེ་ཧའོ་གཉིས་གཅིག་འཕྲོད་གཅིག་ཏུ་རྨ་ཆུར་དང་འདྲེས་ཤིང་དེ་ནི་རྨ་ཆུའི་སྨད་ཀྱི་བྱེ་འདམ་འབྱུང་ཁུངས་གཙོ་བོ་ཡིན།   ལོ་མང་བོའི་ཆ་སྙོམས་བྱེ་མ་བྱུང་ཚད་ཏུན་དུང་ཕྱུར5.5ཡོད། སན་མུན་འགག་ནས་ཁམ་སྡོང་ལུང་གཞོང་ས་ཁུལ་བར་དུ་རྨ་ཆུའི་ཆེས་མཐའ་མཇུག་གི་གྲོག་རོང་ཡོད་ལ། རྨ་ཆུ་གྲོག་རོང་ལས་ཐོན་རྗེས་རིམ་གྱིས་བདེ་ཐང་བརྒྱུད་པ་ཡིན། རྨ་ཆུའི་གཞུང་རྒྱུན་ཁམ་སྡོང་གྲོག་རོང་མན་ཆད་ལ་རྨ་ཆུའི་སྨད་རྒྱུད་ཟེར། སྨད་རྒྱུད་ཀྱི་ཆུ་ལམ་ནི་ས་ངོས་དཔྱངས་ཆུ་ཡིན་པས་ཆུ་ལག་ཧ་ཅང་ཉུང་། 

7 སྤྱི་ཚོགས་དཔལ་འབྱོར།    

1990ལོའི་བསྡོམས་རྩིས་རྒྱུ་ཆ་ལྟར་ན། རྨ་ཆུའི་འབབ་རྒྱུད་དུ་མི་འབོར་ཁྲི9781ཡོད་པ་དེས་རྒྱལ་ཡོངས་མི་འབོར་གྱི8.6% ཟིན་ཡོད། རྨོ་ཞིང་རྒྱ་ཁྱོན་མུའུ་དུང་ཕྱུར1.79ཡོད་པ་དེས་རྒྱལ་ཡོངས་རྨོ་ཞིང་གི12.5%ཟིན་ཡོད།

རྨ་ཆུའི་འབབ་རྒྱུད་འདི་གནའ་སྔ་མོའི་དུས་ནས་ཀྲུང་གོའི་ཞིང་ལས་དཔལ་འབྱོར་གསར་སྤེལ་གྱི་ས་ཁུལ་ཡིན། སྟོད་རྒྱུད་ཀྱི་ཉེང་མེང་རྨ་ཆུའི་ཁུག་པའི་བདེ་ཐང་།  བར་རྒྱུད་ཀྱི་ཧྥིན་ཝེ་གཞོང་ས་དང་སྨད་རྒྱུད་ཀྱི་ཞིང་ཆུ་འདྲེན་ཁུལ་བཅས་ནི་ཞིང་ལས་ཐོན་སྐྱེད་རྟེན་གཞི་གཙོ་གྲས་ཡིན། མིག་སྔར། རྨ་ཆུའི་སྟོད་བར་རྒྱུད་ཀྱི་ས་ཁུལ་ད་དུང་ཅུང་དབུལ་ཕོངས་ཡིན་པས། ས་ཁུལ་འདི་གསར་སྤེལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ་མགྱོགས་མྱུར་གྱིས་དབུལ་ཕོངས་ལས་ཐར་ཏེ་ཕྱུག་འགྱུར་གྱི་ལམ་ཏུ་འགྲོ་བར་འབད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྒྱུར་དང་དཔལ་འབྱོར་ལྟེ་གནས་ཤར་རྒྱུད་ནས་ནུབ་རྒྱུད་དུ་གནས་སྤོར་གྱི་འཐབ་ཕྱོགས་ཇུས་འགོད་མངོན་འགྱུར་བྱས་པར་དོན་སྙིང་གལ་ཆེན་ཡོད།  

ལོ་རྒྱུས་སྟེང་དུ་རྨ་ཆུའི་འབབ་རྒྱུད་ཀྱི་བཟོ་ལས་ཀྱི་རྨང་གཞི་ཞན་པ་དང་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ནུས་ཁུངས་བཟོ་ལས་དང་། རྨང་གཞི་བཟོ་ལས་ཀྱི་རྟེན་གཞི། གསར་དར་གྲོང་ཁྱེར་སྐོར་ཞིག་བཙུགས་པ་དེས་འབབ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཞག་ཡོད། ནུས་ཁུངས་བཟོ་ལས་གཙོ་བོ་རྡོ་སོལ། གློག་ཤུགས། རྡོ་སྣུམ་དང་རང་བྱུང་སོལ་རླངས་སོགས་ཡོད། མ་བཅོས་རྡོ་སོལ་གྱི་ཐོན་ཚད་རྒྱལ་ཡོངས་ཐོན་ཚད་ཀྱི་ཕྱེད་ཀའི་ཡན་ཟིན་ཡོད། རྡོ་སྣུམ་གྱི་ཐོན་ཚད་ཀྱིས་ཀྱང་རྒྱལ་ཡོངས་ཀྱི1/4ཟིན་ཡོད་པ་དེ་ཁུལ་འདིའི་ཆེས་ཆེ་བའི་བཟོ་ལས་སྡེ་ཁག་ཏུ་གྱུར་ཡོད། ཞ། ཏི་ཚ། ཞ་ཉེ།  ཟངས། ཕེད། ཝུའུ།  གསེར་སོགས་ཚོན་ལྡན་ལྕགས་རིགས་བཙོ་སྦྱོང་བཟོ་ལས་དང་ཞི་ཐུའུ་ལྕགས་རིགས་བཟོ་ལས་ཀྱི་དར་རྒྱས་ལའང་དགེ་མཚན་ཆེན་པོ་ལྡན།

སྤྱི་ལོ1990ལོའི་བསྡོམས་རྩིས་རྒྱུ་ཆ་ལྟར་ན། སྟོང་སྨི་གྲུ་བཞི་མ་ཁྲི12ཀྱི་རྨ་ཆུའི་སྨད་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་སྲུང་སྐྱོབ་ཁུལ་འདི་ན། མི་འབོར་ཁྱོན་བསྡོམས་ཁྲི7801ཡོད་པ་དེས་རྒྱལ་ཡོངས་སྤྱའི་མི་འབོར་གྱི6.8%ཟིན་ཡོད། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི10699ཡོད་པ་དེས་རྒྱལ་ཡོངས་ཀྱི 7.5%ཟིན་ཡོད། རྨ་ཆུའི་སྨད་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་སྲུང་སྐྱོབ་ཁུལ་ནི་ཀྲུང་གོའི་འབྲུ་རིགས་དང་སྲིང་བལ་གྱི་རྟེན་གཞི་གཙོ་བོའི་གྲས་ཡིན། འབྲུ་རིགས་དང་སྲིང་བལ་གྱི་ཐོན་ཚད་རེ་རེ་ནས་རྒྱལ་ཡོངས་ཀྱི7.7%དང34.5%ཟིན་ཡོད། ཞིང་ལས་ཐོན་རྫས་རིན་ཐང་གིས་རྒྱལ་ཡོངས་ཀྱི8%ཟིན་ཡོད། ཁུལ་ནང་དུ་གཞན་རྡོ་སྣུམ་དང་རྫས་འགྱུར་བཟོ་ལས། རྡོ་སོལ་སོགས་བཟོ་ལས་རྟེན་གཞི་ཡོད་པ་དེ་དག་གིས་ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་རྒྱས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། 

img.jpg

8 རང་བྱུང་ཐོན་ཁུངས།

རྨ་ཆུའི་འབབ་རྒྱུད་ཀྱི་ས་ཞིང་དང་ཆུ་ནུས། རྡོ་སོལ། རྡོ་སྣུམ། རང་བྱུང་སོལ་རླངས། གཏེར་ཁ་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དེས། རྒྱལ་ཡོངས་ཀྱི་ཐོན་ཁུངས་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་ལ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ་ཡོད།

འབབ་རྒྱུད་དུ་ཞིང་ས་མུའུ་དུང་ཕྱུར1.79ཡོད་པ་དང་ནགས་ས་མུའུ་དུང་ཕྱུར4019ཡོད། གསར་སྦོལ་བྱེད་ཆོག་པའི་ཐང་སྟོང་ཧ་ལམ་མུའུ་ཁྲི3000ལྷག་ཡོད།  རྨ་ཆུའི་འབབ་རྒྱུད་ཀྱི་སྟོད་རྒྱུད་ཁུལ་གྱི་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་ལ། དབུས་རྒྱུད་ས་ཁུལ་གྱི་རྡོ་སོལ་ཐོན་ཁུངས་དང་སྨད་རྒྱུད་ཁུལ་གྱི་རྡོ་སྣུམ་དང་རང་བྱུང་སོལ་རླངས་སོགས་ཕུན་སུམ་ཚོགས་པ་ཡིན། རྒྱལ་ཡོངས་ནས་གོ་གནས་གལ་ཆེན་བཟུང་ཡོད་པས“ནུས་ཁུངས་འབབ་རྒྱུད”ཀྱི་མཚན་སྙན་ཐོབ་ཡོད།  དཔེར་ན། ཆུ་མདོར་ཡོད་པའི་རྒྱལ་ཁའི་སྣུམ་གཏེར་དེ་ནི་ཀྲུང་གོའི་སྣུམ་གཏེར་ཆེ་བ་ཨང་གཉིས་པ་ཡིན།

རྨ་ཆུའི་འབབ་རྒྱུད་ཀྱི་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ། སྤྱི་ལོ1990ལོར་རྩད་ཆོད་པའི་གཏེར་ཁའི་རིགས114ཡོད་ལ། རྒྱལ་ཡོངས་ནས་རྩད་ཆོད་པའི་གཏེར་ཁའི་རིགས་གཙོ་བོ45ནང་དུ་རིགས37རྨ་ཆུའི་འབབ་རྒྱུད་ན་ཡོད། དེ་ལས་རྒྱལ་ཡོངས་རང་བཞིན་ན་གནས་བབ་ལེགས་པའི་ཐོན་ཁུངས་ཞི་ཐུའུ་ལྕགས་རིགས་དང་ཅུ་གང་། ཤེལ་སེལ། ཧ་ཡང་སོགས་གཏེར་རིགས་བརྒྱད་ཙམ་ཡོད། རྨ་ཆུའི་འབབ་རྒྱུད་ཀྱི་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཁྱབ་ཚུལ་ཡང་ལྟོས་བཅོས་ཀྱི་གཅིག་བསྡུས་སུ་ཡོད་པས་ཕྱོགས་བསྡུས་གསར་སྤེལ་བཀོལ་སྤྱོད་ལ་དགེ་མཚན་ལྡན་པའི་ཆ་རྐྱེན་སྐྲུན་ཡོད།


བརྡ་འགྲེལ་གདོང་འཛར།

ས་ཁམས། ཆུ་བོ། རྨ་ཆུ།