འབོ་ཀ་འབྲུག་དགོན་པ།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2017-09-25 10:30ལ་འགྲུབ།

འབོ་ཀ་འབྲུག་དགོན་པ།

དགོན་པ་འདི་ནི་འབར་ཁམས་གྲོང་ཁྱེར་ཁང་སར་གྲོང་རྡལ་ཏ་ཝེ་ཡུལ་ཚོར་ཡོད། དུས་རབས་བཅོ་ལྔ་བར་འཛམ་ཐང་རྫོང་ཆོས་རྗེ་དགོན་པའི་བླ་ཆེན་ཆོས་རྗེ་རྒྱལ་བ་བཟང་པོས་དགོན་པ་གསར་དུ་བཏབ་ནས་ད་བར་ལོ་ངོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཟེར།
གཞི་རྩའི་གནས་ཚུལ།

མིང་གཞན།
འབོ་ཀ་འབྲུག་དགོན་པ།
བཞེངས་མཁན།
ཆོས་རྗེ་རྒྱལ་བ་བཟང་པོ།
དུས་སྐབས།
དུས་རབས་བཅོ་ལྔ་པ།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་འབར་ཁམས་གྲོང་ཁྱེར་ཁང་སར་གྲོང་རྡལ་ཏ་ཝེ་ཡུལ་ཚོ།
གྲུབ་མཐའ།
ཇོ་ནང་།
ཆགས་ཡུལ།
འབར་ཁམས་གྲོང་ཁྱེར་ཁང་སར་གྲོང་རྡལ་ཏ་ཝེ་ཡུལ་ཚོ།
1 ​ངོ་སྤྲོད་རགས་བསྡུས།

དགོན་པ་འདི་ནི་འབར་ཁམས་གྲོང་ཁྱེར་ཁང་སར་གྲོང་རྡལ་ཏ་ཝེ་ཡུལ་ཚོར་ཡོད། དུས་རབས་བཅོ་ལྔ་བར་འཛམ་ཐང་རྫོང་ཆོས་རྗེ་དགོན་པའི་བླ་ཆེན་ཆོས་རྗེ་རྒྱལ་བ་བཟང་པོས་དགོན་པ་གསར་དུ་བཏབ་ནས་ད་བར་ལོ་ངོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཟེར།  དགོན་པའི་མཚན་ལ་འབོ་ཀ་འབྲུག་དགོན་པ་ཞེས་གྲགས། དགོན་པའི་ལོ་རྒྱུས་དང་མཁན་རབས་གསུང་ཆོས་སོགས་ཀྱི་ལོ་རྒྱུས་མ་རྙེད། སྤྱི་ལོ1991ལོར་སྲིད་གཞུང་གིས་ཆོས་སྒོ་ཕྱེ་བའི་ཆོག་མཆན་གནང་བའོ། ། འདིར་བཞུགས་པའི་གྲྭ་གྲངས7ཡོད།