རྫོང་འགག་གྲོང་རྡལ།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2017-09-25 15:11ལ་འགྲུབ།

རྫོང་འགག་གྲོང་རྡལ།

རྫོང་འགག་གྲོང་རྡལ།
རྫོང་འགག་ནི་རྒྱལ་རོང་སྐད་ཡིན་ལ་དེའི་དོན་ནི་གྲོག་ཁའི་སྒང་ལ་རྒྱལ་ས་ཡོད་པ་དང་། ཐུའུ་སིའི་རྒྱལ་ས་གྲོག་ཁའི་སྒང་ན་ཡོད་པས་མིང་དེ་ཐོགས་པ་རེད། ཆིང་རྒྱལ་རབས་ཀྱི་ཆན་ལུང་ཁྲི་ལོ་བཅོ་བརྒྱད(སྤྱི་ལོ1753ལོ)པར་ཀྲང་ཀོན་སིའི་གོ་ས་ཐོབ། མངའ་ཁོངས་སུ་འབོ་ཀྱོ་དང་ཀྱོམ་ཀྱོ། བྲག་བར་དང་འབྲོང་རྫོང་ཡུལ་ཚོ་སོགས་བསྡུས་ཡོད། སྤྱི་ལོ1952ལོར་རྫོང་འགག་ཆུས་བཙུགས། སྤྱི་ལོ1956ལོར་རྫོང་འགག་ཆུས་མེད་པར་བཟོ་ནས་བྲག་བར་ཆུས་བཙུགས། རྫོང་འགག་ནི་འབོ་ཀྱོ་ཡུལ་ཚོ་བསྒྱུར་ནས་བྲག་བར་ས་ཁུལ་གྱི་ཁོངས་སུ་བསྡུས། སྤྱི་ལོ1958ལོར། ཀྱོམ་ཀྱོ་ཡུལ་ཚོ་ནི་བྲག་བར་ཆུས་ནང་དབྱེ་ནས་པིན་ཅིན་ཆུས་ཀྱི་ཁོངས་སུ་སྤྲད། སྤྱི་ལོ1965ལོར་ཟླ12པར་འབོ་ཀྱོ་ཡུལ་ཚོ་ནི་རྫོང་འགག་མི་དམངས་ཀུང་ཧྲེ་ལ་བསྒྱུར། སྤྱི་ལོ1984ལོར་ཀུང་ཧྲེ་མེད་པར་བཟོས་ནས་རྫོང་འགག་ཡུལ་ཚོ་བཙུགས། སྤྱི་ལོ2001ལོར་ཟླ12པར་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བའི་རྫོང་འགག་ཡུལ་ཚོ་ནི་རྫོང་འགག་གྲོང་རྡལ་ལ་བསྒྱུར། གནས་ས་ནི་རྫོང་གི་ལྷོ་རུ་ཡིན་ལ་འབར་ཁམས་རྫོང་དང་བར་ཐག་སྤྱི་ལེ15ཡོད། ས་ཁྱོན་སྤྱི་ལེ་གྲུ་བཞི་མ224ཡོད། མངའ་ཁོངས་སུ་འབོ་སྟུག རྡོ་གཡུ། དམ་པོ། ལྷ་ཕྱུག ཆུ་ཕོ། ཕུར་མ། ཆུ་རགས་བཅས་གྲོང་ཚོ8ཡོད། གྲོང་མི་ཚོ་ཆུང14ཡོད། རང་བྱུང་གྲོང་སྡེ36ཡོད། གྲོང་རྡལ་སྲིད་གཞུང་གི་གནས་ས་ནི་སྒེ་མེས་ས་ན་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
松岗镇
ལ་ཏིང་གི་མིང་།
rdzong vgag grong rdl
སྲིད་འཛིན་ཁོངས་གཏོགས།
སི་ཁྲོན་ཞིང་ཆེན་འབར་ཁམས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
ཁོངས་གཏོགས་ས་ཁུལ།
འབོ་སྟུག རྡོ་གཡུ། དམ་པོ། ལྷ་ཕྱུག ཆུ་ཕོ། ཕུར་མ། ཆུ་རགས་བཅས་ གྲོང་ཚོ8དང་། གྲོང་མི་ཚོ་ཆུང14 རང་བྱུང་གྲོང་སྡེ36བཅས་ཡོད།
སྲིད་གཞུང་གནས་ཡུལ།
རྫོང་འགག་ཆུ་ཕོ་གྲོང་ཚོའི་སྲང་ལམ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0837
སྦྲག་སྲིད་ཨང་རྟགས།
624004
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི224ཡོད།
མི་གྲངས།
2104ཡོད།
སྐད་རིགས།
བོད་སྐད  (རྒྱལ་རོང་སྐད )
གནམ་གཤིས།
སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
རྒྱལ་རིམ་གྱི་རྫོང་འགག་མཁར་རྫོང་། ཞིང་རིམ་གྱི་འབོ་སྟུག་ཡུལ་ཚོར་གནའ་ཤུལ་བྲག་བརྐོས་རི་མོ་བཅས་ཡོད།
རླངས་འཁོར་ཨང་རྟགས།
川U
1 ངོ་སྤྲོད་རགས་བསྡུས།

རྫོང་འགག་ནི་རྒྱལ་རོང་སྐད་ཡིན་ལ་དེའི་དོན་ནི་གྲོག་ཁའི་སྒང་ལ་རྒྱལ་ས་ཡོད་པ་དང་། ཐུའུ་སིའི་རྒྱལ་ས་གྲོག་ཁའི་སྒང་ན་ཡོད་པས་མིང་དེ་ཐོགས་པ་རེད།  ཆིང་རྒྱལ་རབས་ཀྱི་ཆན་ལུང་ཁྲི་ལོ་བཅོ་བརྒྱད(སྤྱི་ལོ1753ལོ)པར་ཀྲང་ཀོན་སིའི་གོ་ས་ཐོབ།མངའ་ཁོངས་སུ་འབོ་ཀྱོ་དང་ཀྱོམ་ཀྱོ། བྲག་བར་དང་འབྲོང་རྫོང་ཡུལ་ཚོ་ལ་སོགས་བསྡུས་ཡོད། སྤྱི་ལོ1952ལོར་རྫོང་འགག་ཆུས་བཙུགས། སྤྱི་ལོ1956ལོར་རྫོང་འགག་ཆུས་མེད་པར་བཟོས་ནས་བྲག་བར་ཆུས་བཙུགས། རྫོང་འགག་འབོ་ཀྱོ་ཞང་ལ་སྒྱུར་བས་བྲག་བར་ས་ཁུལ་གྱི་ཁོངས་སུ་གཏོགས། སྤྱི་ལོ1958ལོར། ཀྱོམ་ཀྱོ་ཡུལ་ཚོ་ནི་བྲག་བར་ཆུས་ནང་དབྱེ་ནས་པིན་ཅིན་ཆུས་ཀྱི་ཁོངས་སུ་སྤྲད། སྤྱི་ལོ1965ལོར་ཟླ12པར་འབོ་ཀྱོ་ཡུལ་ཚོ་ནི་རྫོང་འགག་མི་དམངས་ཀུང་ཧྲེ་ལ་བསྒྱུར། སྤྱི་ལོ1984ལོར་ཀུང་ཧྲེ་མེད་པར་བཟོས་ནས་རྫོང་འགག་ཡུལ་ཚོ་བཙུགས། སྤྱི་ལོ2001ལོར་ཟླ12པར་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བའི་རྫོང་འགག་ཡུལ་ཚོ་ནི་རྫོང་འགག་གྲོང་རྡལ་ལ་བསྒྱུར། གནས་ས་ནི་རྫོང་གི་ལྷོ་རུ་ཡིན་ལ་འབར་ཁམས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ15ཡོད། ཤར་ཕྱོགས་སུ་འབར་ཁམས་གྲོང་རྡལ་ཡིན་པ་དང་། ལྷོ་རུ་དམ་པ་ཡུལ་ཚོ་ཡིན། ནུབ་ཏུ་བྲག་བར་ཡུལ་ཚོ། བྱང་ཕྱོགས་སུ་ཀྱོམ་ཀྱོ་ཡུལ་ཚོ་ཡིན། གནས་དེ་གཡང་གཟར་ཡིན་པས། ཤར་མཐོ་ལ་ནུབ་དམའ་བ་ཡིན། ས་ཁྱོན་སྤྱི་ལེ་གྲུ་བཞི224ཡོད། མངའ་ཁོངས་སུ་འབོ་སྟུག རྡོ་གཡུ། དམ་པོ། ལྷ་ཕྱུག ཆུ་ཕོ། ཕུར་མ། ཆུ་རགས་བཅས་གྲོང་ཚོ8ཡོད། གྲོང་མི་ཚོ་ཆུང14ཡོད། རང་བྱུང་གྲོང་སྡེ36ཡོད། གྲོང་རྡལ་སྲིད་གཞུང་གི་གནས་ས་ནི་སྒེ་མེས་ཡིན།

2 སྲིད་འཛིན་ཁོངས་དབྱེ།

སྤྱི་ལོ2001ལོར་ཟླ12པར་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བའི་རྫོང་འགག་ཞང་ནི་རྫོང་འགག་གྲོང་རྡལ་ལ་བསྒྱུར། མངའ་ཁོངས་སུ་འབོ་སྟུག རྡོ་གཡུ། དམ་པོ། ལྷ་ཕྱུག ཆུ་ཕོ། ཕུར་མ། ཆུ་རགས་བཅས་གྲོང་ཚོ8ཡོད། གྲོང་མི་ཚོ་ཆུང14ཡོད། རང་བྱུང་གྲོང་སྡེ36ཡོད། གྲོང་རྡལ་སྲིད་གཞུང་གི་གནས་ས་ནི་སྒེ་མེས་ཡིན།  ས་ཁྱོན་སྤྱི་ལེ་གྲུ་བཞི་མ224ཡོད།

3 རང་བྱུང་ཐོན་ཁུངས།
3_1 ས་ཞིང་ཐོན་ཁུངས།

རྫོང་འགག་གི་ས་སྤྱིའི་རྒྱ་ཁྱོན224ཡིན། རྨོ་ཞིང་སྤྱིའི་རྒྱ་ཁྱོན2034ཡོད། དེས་ཞིང་གི་རྒྱ་ཁྱོན་གྱི1.4%ཟིན། དེའི་ནང་རི་མཐོའི་ཞིང་གི་རྒྱ་ཁྱོན་མུའུ1650ཡོད། རི་སྐད་ཀྱི་ཞིང་ནི་མུའུ1800ཡོད། ཆུ་རགས་སའི་ཞིང་གི་རྒྱ་ཁྱོན་ནི་མུའུ1526ཡོད་པ་རེད། ཞིང་ལས་སྐྱེ་དངོས་ནི་གྲོ་དང་ནས། སྲན་མ་དང་མ་རྨོས་ལོ་ཏོག ཞོག་ཁོག་བཅས་ཡིན།

3_2 རི་ཆུ་ནགས་གསུམ་གྱི་ཐོན་ཁུངས།

རི་མཐོའི་ལྕུམ་དང་ཆང་ཧོ་སོགས་སྨན་རྫས་ཐོན་འབོར་ཆེ་ལ། ཆུའི་ནུས་ཤུགས་ཐོན་ཁོངས་སྣ་འཛོམས་ཡིན་པས་རྫོང་འགག་གློག་འདོན་ཁང་བཙུགས་ཡོད། ནགས་ཚལ་ཐོན་ཁུངས་དང་སྔོ་ཁེབས་སྲུང་སྐྱོང་ཡང་བཟང་། ནགས་སྤྱོད་ས་ཞིང་སྤྱི་ཁྲི157995ཡོད།  མངའ་ཁུལ་གྱི་ནགས་ཚལ་ཁེབས་ཚད46.1%ཡིན། ཤིང་རིགས་གཙོ་བོ་ནི་ཡུན་ཧྲན་གསོམ་ཤིང་། སྟག་པ་དཀར་པོ་དང་བེ་ལོ་བཅས་ཡིན། རིགས་སྣ་ཚོགས་ཀྱི་བཟའ་བྱའི་ཤ་མོའི་རིགས་མང་པོ་སྐྱེས་ཡོད། རྩྭ་རའི་རྒྱ་ཁྱོན་ཁྲི8ཡོད་ལ་གཙོ་ཆེ་བའི་ཁྱབ་ཁོངས་ནི་རི་མཐོ་ཀླུང་ན་ཡོད།

3_3 སྐྱེ་དངོས་ཐོན་ཁུངས།

རི་སྐྱེས་སྲོག་ཆགས་ཀྱི་རིགས་ལ་ཤ་བ་ནོག་ལྡན། ཕག་རྒོད། དོམ་ཁྲ། དོམ་ནག དྲེད་མོང་སོགས་གཅན་གཟན་རི་དྭགས་རིགས31ཡོད་ལ་དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་དང་པོའི་སྲོག་ཆགས་ལ་གསའ་དང་གཟིག  རྐྱང་། ཤ་སྐྱ། གླ་བ། གནའ་བ་སོགས་ཡོད་པ་དང་། རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་གཉིས་པའི་གཅན་གཟན་རི་དྭགས་རི་སྤྲེལ་དང་དོམ་ནག འཕར་བ། སྲམ། ཤྭ་བ་སེར་ཆེན་བཅས་ཡོད།

4 ས་ཁམས་ཁོར་ཡུག
4_1 ས་གནས།

རྫོང་འགག་གྲོང་རྡལ་ནི་འབར་ཁམས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ས་ཁམས་རིག་པའི་འཕྲེད་ཐིག་བྱང་མའི་ཏུའུ55′ཡིན་པ་དང་།འཕྲེད་ཐིག་ཤར་མའི་ཏུའུ06′བར་ཡིན།

4_2 ས་བབ།

རྫོང་འགག་གྲོང་རྡལ་ནི་ས་དེ་གའི་རི་མཐོ་གྲོག་རོང་ས་རྒྱུད་ཅིག་ཡིན། ཆེས་མཐོ་བའི་རི་ལ་རྒྱ་མཚོའི་ངོས་ལས་སྨི2540ཡོད།

4_3 གནམ་གཤིས།

ས་དེ་རི་མཐོ་གྲོག་རོང་ས་རྒྱུད་ཡིན་པས་ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ9.5℃ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ནི643.1ཧའོ་སྨི་ཡིན། སད་མེད་པའི་ཉི་མ་ནི132-144ཡིན་པ་དང་། སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཡིན།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

《རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་བྱེད་པའི་སྐོར་གྱི་སྲོལ་ཡིག》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་རང་རྒྱལ་གྱི་ཚད་ལྡན་དུས་ཚད《སྤྱི་ལོ2010ལོའི་ཟླ11ཚེས1ཉིན》གྱི་མཚན་མོའི་ཆུ་ཚོད12ལ་བརྟེན་ནས་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་ཐེངས་དྲུག་པ་བྱས། རྫོང་འགག་གྲོང་རྡལ་གྱི་རྒྱུན་སྡོད་མི་གྲངས2104ཡིན།

5_2 མི་རིགས།

རྫོང་འགག་གྲོང་རྡལ་གྱི་མི་རིགས་ནི་བོད་རིགས་དང་། ཆའང་རིགས། ཧུའེ་རིགས་དང་། རྒྱ་རིགས་སོགས་ཡིན། དེའི་ནང་རྒྱལ་རོང་བ་མང་བ་དང་། རྒྱ་རིགས་དང་མི་རིགས་གཞན་གྱིས་སྤྱིའི་མི་གྲངས་ཀྱི0.2%ཟིན་པ་རེད།

6 འགྲིམ་འགྲུལ་སྐྱེལ་འདྲེན།

རྒྱལ་ལམ317རྫོང་འགག་གྲོང་རྡལ་གྱི་འབྲེལ་མཚམས་བྱས་ནས་རྫོང་འགག་ནས་ཁྲེང་ཏུའུ་གྲོང་ཁྱེར་བར་དུ་སྤྱི་ལེ365ཡས་མས་ཡོད། རྫོང་འགག་ནས་ཆུ་ཆེན་རྫོང་དང་རྫོང་འགག་ནས་འཛམ་ཐང་རྫོང་སོགས་ཀྱི་བར་དུའང་གཞུང་ལམ་ཡོད།

7 དཔལ་འབྱོར།

སྤྱི་ལོ2007ལོར་རྫོང་འགག་གྲོང་རྡལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་ཁྲི654ཡོད། འབྲུ་རིགས་སྤྱིའི་ཐོན་ཚད་ནི་ཏུན632ཡིན། མི་རེར་ཆ་སྙོམས་འབྲུ་རིགས284ཡོད་པ་དང་ཞིང་པ་རེའི་ཆ་སྙོམས་ཡོང་སྒོ་སྒོར2755ཡིན།

8 སྤྱི་ཚོགས་འགན་སྲུང་།
8_1 རིག་གནས་ལས་དོན།

རྫོང་འགག་ཆུ་ཕོའི་མཁར་ཚོགས་དང་རྫོང་འགག་རྒྱལ་སའི་གནའ་ཤུལ་སོགས་གཙོ་གནད་རིག་རྫས་སྲུང་སྐྱོང་བྱེད་པའི་འཆར་གཞི་བཀོད་ཡོད།

8_2 སྨན་བཅོས་ལས་དོན།

རྫོང་འགག་གྲོང་རྡལ་གྱི་སྨན་བཅོས་འཕྲོད་བསྟེན་ཁང་ནི་སྤྱི་ལོ1953ཟླ2ཚེས2ཉིན་རྫོང་འགག་གྲོང་རྡལ་གྱི་རྫོང་འགག་ཆུ་ཕོའི་ཡུལ་ཚོར་བཙུགས་ལ་སྐབས་དེར་སྨན་པ3ཡོད།

8_3 སློབ་གསོའི་ལས་དོན།

རྫོང་འགག་ལྟེ་གནས་སློབ་ཆུང་ནི་སྤྱི་ལོ1964ལོའི་ཟླ9བར་བཅའ་སྡོད་སློབ་གྲྭ་ཞིག་ཡིན། འདི་ནི་རྔ་བ་ཁུལ་གྱི་ཆེས་སྔ་མོར་བཙུགས་པའི་སློབ་གྲྭ་གཅིག་པུ་ཡིན། ད་ལྟ་སློབ་གྲྭར་དགེ་རྒན20ཡོད་པ་དང་། དེའི་ནང་ཆེད་ལས་དགེ་རྒན20ཡོད་ལ། དགེ་རྒན་གྱི་ཚད་ལོན་པའི་གྲངས་ནི100%ཟིན། ད་ལྟ་སློབ་གྲྭར་སློབ་མ100ཙམ་ཡོད།

9 མཛེས་ལྗོངས་གྲགས་ཅན།

རྫོང་འགག་གི་མཁར་རྫོང་ནི་རྫོང་འགག་ཟམ་ཆེན་གྱི་ཉེ་འདབས་སུ་བཞེངས་ཡོད། མཁར་རྫོང་གཉིས་ལ་རྒྱང་ལྟ་བྱས་ན།  གཅིག་ནི་གྲོང་སྡེའི་བྱང་ཁུལ་གྱི་རི་གཉའ་རུ་ཀྲོང་ངེར་ལངས་པ་དང་གཞན་གཅིག་ནི་གྲོང་སྡེའི་དཀྱིལ་དུ་འགྱིར་ངེར་གནས་འདུག་པས། ཕན་ཚུན་གྱི་བར་ཐག་སྨི50ཙམ་ལས་མེད།  མཁར་རྫོང་ནི་རྡོ་དང་ཤིང་གིས་བརྩིགས་པ་དང་ཟུར་བརྒྱད་ཅན་ཡིན། མཁར་གཅིག་གི་མཐོ་ཚད་ནི་སྨི31ཙམ་ཡོད་པ་དང་གཞན་གཅིག་གི་མཐོ་ཚད་སྨི28ཙམ་ཡོད།  མཁར་རྫོང་གཉིས་ལ་རང་རང་གི་ཁྱད་ཆོས་ཡོད།  གཞན་པའི་མཁར་རྫོང་གཉིས་ལ་ད་ལྟ་གྱང་རོ་ལས་ལྷག་མེད། མཁར་རྫོང་གཉིས་ཡུལ་དེར་ཀྲོང་ངེར་ལངས་ནས་དགྲ་བོ་ཁྲི་སྟོང་འགོག་ཐུབ་པས། དཔའ་བོ་གཅིག་གིས་བཙན་འགག་སྲུང་གྱུར་ན། དཔའ་བོ་ཁྲི་ཕྲག་གིས་ཀྱང་གཏོར་དཀའ་བའི་རྣམ་པ་མངོན་འདུག  བཤད་སྲོལ་ལྟར་ན། མཁར་རྫོང་ནང་དུ་ལྐོག་ལམ་ཡོད་པ་དང་མཁར་རྫོང་གི་འོག་ཏུ་དོང་ཡོད་པའི་ནང་དུ་འབྲུ་རིགས་གསོག་འཇོག་བྱེད་ཐུབ་པ་དང་འབྲུ་རིགས་ཟླ་གཅིག་ཙམ་རིང་བཞག་ཀྱང་རུལ་མི་ཐུབ་པ་ཟེར། མདུན་ཕྱོགས་ཀྱི་རི་སྒང་དུ་ཡོད་པའི་རྒྱལ་སའི་རྗེས་ཤུལ་ནི་དབང་གྲགས་ཆེ་བའི་རྫོང་འགག་རྒྱལ་སའི་རྗེས་ཤུལ་ཡིན། སྔོན་ཆད་བཀོད་པ་ཉམས་དགའ་བའི་རྒྱལ་ས་འདི་བསྐྲུན་པར་མི་ཤུགས་དང་དངོས་ཤུགས་བཏང་ཚད་ནི་རྒྱལ་ཁག་ས་ཁུལ་ལ་ཆ་བཞག་ན་ཆེས་མང་ཆེ་བ་ཞིག་ཡིན་པས། དེར“ཕོ་བྲང་པོ་ཏ་ལ་ཨང་གཉིས་པ”ཞེས་ཀྱང་བརྗོད་ཡོད། 

10 ཆོས་སྡེ་གྲགས་ཅན།

འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་གྱི་ཆུ་ཕོ་ཡུལ་ཚོའི་ཆུ་ཕོ་དགོན་པ་དང་རྣམ་རྒྱལ་སྟེང་དགོན་པ་གཉིས་ཡོད།