ཏུའུ་ཆིན་ལིན།སྔ་མའི་པར་གཞི་དེ ལྷ་མོ་ཚེ་སྐྱིད།  ནས 2017-08-08 11:14ལ་འགྲུབ།

ཏུའུ་ཆིན་ལིན།

ཏུའུ་ཆིན་ལིན།
ཏུའུ་ཆིན་ལིན། ཕོ། རྒྱ་རིགས། 1946ལོའི་ཟླ11པར་སྐྱེས། ཅི་ལིན་ཕན་ཧྲིའི་མི་ཡིན། 1964ལོའི་ཟླ7པར་བྱ་བར་ཞུགས་པ་དང་། 1966ལོའི་ཟླ3པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས། ཅི་ལིན་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་རྒྱལ་དམངས་དཔལ་འབྱོར་འཆར་འགོད་དང་དོ་དམ་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་ཡོན་ཚད་ཡིན་ལ། དཔལ་འབྱོར་རིག་པའི་རབ་འབྱམས་པའི་མིང་བཏགས་བླངས། ད་སྔ་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杜青林
བོད་ཡིག་གི་མིང་།
ཏུའུ་ཆིན་ལིན།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་ཕན་ཧྲི་གྲོང་ཁྱེར།
སྐྱེས་ལོ།
1946ལོའི་ཟླ11པ།
མཐར་ཕྱིན་སློབ་གྲྭ།
ཅི་ལིན་སློབ་ཆེན།

ཏུའུ་ཆིན་ལིན། ཕོ། རྒྱ་རིགས། 1946ལོའི་ཟླ11པར་སྐྱེས། ཅི་ལིན་ཕན་ཧྲིའི་མི་ཡིན། 1964ལོའི་ཟླ7པར་བྱ་བར་ཞུགས་པ་དང་། 1966ལོའི་ཟླ3པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས། ཅི་ལིན་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་རྒྱལ་དམངས་དཔལ་འབྱོར་འཆར་འགོད་དང་དོ་དམ་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་ཡོན་ཚད་ཡིན་ལ། དཔལ་འབྱོར་རིག་པའི་རབ་འབྱམས་པའི་མིང་བཏགས་བླངས།

ད་སྔ་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན།

1 མི་ཚེའི་བརྒྱུད་རིམ།

1964-1966ལོར། ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭའི་ན་གཞོན་ལས་བྱེད་པའི་འཛིན་གྲྭར་སློབ་སྦྱོང་བྱས། ལིའུ་ཧུ་རྫོང་དང་། ཡུང་ཅི་རྫོང་། ཧྲུའུ་ལན་རྫོང་སྤྱི་ཚོགས་རིང་ལུགས་སློབ་གསོ་བྱ་བའི་རུ་ཁག་གི་རུ་མི་དང་ཚོགས་གཙོ་གཞོན་པ་ཡིན།

1966-1968ལོར། ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའི་ལས་བྱེད་པ་ཡིན།

1968-1974ལོར། ཁྲང་ཁྲུན་རླངས་འཁོར་བཟོ་གྲྭ་དང་པོའི་ཚད་ལྡན་ལྷུ་ཆས་ཡན་ལག་བཟོ་གྲྭའི་ཏང་ཨུའི་དྲུང་ཡིག་དང་། གཙིར་གནོན་འཁོར་ཁང་གི་ཀྲུའུ་རིན་དང་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན།

1974-1978ལོར། ཁྲང་ཁྲུན་རླངས་འཁོར་བཟོ་གྲྭ་དང་པོའི་ཚད་ལྡན་ལྷུ་ཆས་ཡན་ལག་བཟོ་གྲྭའི་བཅོས་སྒྱུར་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་དང་། བཟོ་གྲྭའི་འགོ་གཙོ། ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན།

1978-1979ལོར། གུང་གཞོན་ཚོགས་པའི་ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡིན།

1979-1984ལོར། གུང་གཞོན་ཚོགས་པའི་ཅི་ལིན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲུའུ་ཅི(དེའི་སྐབས་སུ།1981-1984ལོར། ཏུང་པེ་དགེ་འོས་སློབ་ཆེན་ཆབ་སྲིད་སློབ་གསོའི་ཆེད་སྦྱོང་ཚན་ཁག་གི་སྦྲག་ཁྲིད་སློབ་སྦྱོང་བྱས)ཡིན།

1984-1985ལོར། ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཡིན།

1985-1988ལོར། ཅི་ལིན་ཞིང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཡིན།

1988-1988ལོར། ཅི་ལིན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རྩ་འཛུགས་པུའི་པུའུ་ཀྲང་ཡིན།

1988-1992ལོར། ཅི་ལིན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི(དེའི་སྐབས་སུ། 1990.03-1990.05ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས)ཡིན།

1992-1993ལོར། ཧའེ་ནན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན།

(1989-1992ལོར། ཅི་ལིན་སློབ་ཆེན་ཁྲིམས་ལུགས་སྡེ་ཁག་ཁྲིམས་ལུགས་ཆེད་ལས་ཀྱི་དངོས་གཞིའི་སྦྲག་ཁྲིད་སློབ་སྦྱོང་བྱས།)

1993-1998ལོར། ཧའེ་ནན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན(དེའི་སྐབས་སུ།1994-1996ལོར། ཅི་ལིན་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་རྒྱལ་དམངས་དཔལ་འབྱོར་འཆར་འགོད་དང་དོ་དམ་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མ་དང་། དཔལ་འབྱོར་རིག་པའི་རབ་འབྱམས་པའི་མིང་རྟགས་བླངས།)ཡིན།

1998-2001ལོར། ཧའེ་ནན་ཞིང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན(དེའི་སྐབས་སུ། 2000.09-2000.11ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས)ཡིན།

2001-2006ལོར། ཞིང་ལས་པུའི་པུའུ་ཀྲང་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིན།

2006-2007ལོར། སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཡིན།

2007-2008ལོར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིན།

2008-2012ལོར། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཏང་རྩ་འཛུགས་ཀྱི་ཚོགས་མི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང(2012ལོའི་ཟླ8པའི་བར)ཡིན།

2012-2013ལོར། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་རྩ་འཛུགས་ཀྱི་ཚོགས་མི་ཡིན། 

2013- ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན། 

2 ལས་འགན་ཁུར་བའི་སྐོར།

སྐབས་བཅུ་བཞི་བའི་ཀྲུང་དབྱང་རྗེས་གྲབས་ཨུ་ཡོན་དང་། སྐབས་བཅོ་ལྔ་བ་དང་སྐབས་བཅུ་དྲུག་པ། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་དྲུག་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་། སྐབས་བཅུ་གཅིག་པ་དང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན།