རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-31 17:00ལ་འགྲུབ།

རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྩ་དོན་ནི་། རྒྱལ་ཁབ་རང་ཉིད་ཀྱི་རང་བཙན་དང་རང་དབང་། མངའ་ཁོངས་ཀྱི་བདག་དབང་ཆ་ཚང་བ་བཅས་འགན་སྲུང་བྱེད་པ་དང་། རྒྱལ་སྤྱིའི་ཞི་བདེ་ཡུན་གནས་དང་རྒྱལ་ཁབ་ཁག་གི་མི་དམངས་བར་གྱི་མཛའ་མཐུན་མཉམ་ལས་ལ་བརྩི་བཀུར་བྱེད་ཅིང་། བཙན་རྒྱལ་རིང་ལུགས་ཀྱི་བཙན་རྒྱལ་སྲིད་ཇུས་དང་དམག་འཁྲུག་སྲིད་ཇུས་ལ་ངོ་རྒོལ་བྱེད་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
独立自主的外交政策
ཕྱི་ཡིག་གི་མིང་།
independent foreign policy
དུས་ཚོད།
ཀྲུང་གོ་གསར་བ་དབུ་བརྙེས་རྗེས།
དཀར་ཆག
1 ནང་དོན།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་དུ་བསྟར། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཉིན་དེར། མའོ་ཙེ་ཏུང་གིས་སྲིད་གཞུང་འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་ཉག་གཅིག་ཡིན་པས། འདྲ་མཉམ་གཉིས་ཕན་དང་ཕན་ཚུན་མངའ་ཁོངས་ཀྱི་བདག་དབང་ལ་བརྩི་འཇོག་བྱེད་པ་སོགས་ཀྱི་རྩ་དོན་བརྩི་སྲུང་བྱེད་འདོད་པའི་ཕྱི་རྒྱལ་གྱི་སྲིད་གཞུང་གང་ཡིན་རུང་། སྲིད་གཞུང་འདིས་དེ་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་འདོད་ཡོད་པ་འཛམ་གླིང་ཡོངས་ལ་བསྒྲགས། ཀྲུང་གོ་གསར་བ་བཙུགས་མ་ཐག་གི་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ཀྱི་གཞི་རྩའི་བྱེད་ཕྱོགས་ནི།

1 ཐབ་གཞི་ལོགས་སུ་འཛུགས་པ། རྒྱལ་དམངས་སྲིད་གཞུང་གིས་བཙུགས་པའི་བརྙས་བཅོས་མྱོང་བའི་ཕྱི་འབྲེལ་རྙིང་བ་ཡོད་ཚད་ངོས་ལེན་མི་བྱེད་པར། རྨང་གཞི་གསར་བའི་སྟེང་རྒྱལ་ཁབ་ཁག་དང་འདྲ་མཉམ་གྱི་ཕྱི་འབྲེལ་ལོགས་སུ་འཛུགས་དགོས། དེས་ཀྲུང་གོའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་གྱི་ཐོབ་ཐང་བསྒྱུར་ནས། རྒྱལ་སྤྱིའི་འགྲོ་འོང་ཁྲོབ་རང་བཙན་རང་བདག་ཐོབ་པར་བཅུག

2 ཁང་བ་གཙང་དག་བྱས་རྗེས་ད་གཟོད་མགྲོན་པོ་བསུ་བ། ཀྲུང་གོ་གསར་བའི་རང་བཙན་དང་རང་བདག་སྲ་བརྟན་དུ་གཏོང་ཆེད། ཐོག་མར་རང་རྒྱལ་དུ་ཡོད་པའི་བཙན་རྒྱལ་རིང་ལུགས་ཀྱི་ངན་ཤུགས་ལྷག་མ་གཙང་འབུད་དང་། ཁྱད་དབང་ཡོད་ཚད་རྩིས་མེད་དུ་གཏོང་བར་མ་ཟད། ད་དུང་རང་རྒྱལ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་འདྲ་མཉམ་གཉིས་ཕན་ཀྱི་ཕྱི་འབྲེལ་འཛུགས་པར་རྨང་གཞི་བཏིང་རྗེས། ད་གཟོད་ནུབ་ཕྱོགས་རྒྱལ་ཁབ་དག་དང་འབྲེལ་བ་འཛུགས་པའི་གནད་དོན་ཐད་མནོ་བསམ་གཏོང་དགོས་པ་རེད།

3 གཞོགས་གཅིག་ལ་ཕྱོགས་པ། དཔུང་སྒར་ཆེན་པོ་གཉིས་ཀྱི་འཐབ་རྩོད་དྲག་པོར་གདོང་གཏད་ཅིང་། ཀྲུང་གོ་གསར་བ་བཙུགས་པའི་སྔོན་གཞུག་གི་རྒྱལ་སྤྱིའི་ཁོར་ཡུག་དང་ལོ་རྒྱུས་ཆ་རྐྱེན་ལ་དམིགས་ནས། ཕྱི་འབྲེལ་གྱི་ཐད་ནས་ཀྲུང་གོ་སྲིད་གཞུང་སྤྱི་ཚོགས་རིང་ལུགས་ཀྱི་དཔུང་སྒར་གྱི་ཕྱོགས་སི་བརྟན་པོར་ལངས། དེས་ཀྲུང་གོ་གསར་བ་འདི་ཉིད་མི་དམངས་ཀྱི་གསར་བརྗེའི་རྒྱལ་ཁའི་གྲུབ་འབྲས་འགན་སྲུང་དང་ཞི་བདེ་སྲུང་སྐྱོང་། རང་བཙན་རང་བདག་སྲུང་སྐྱོང་བཅས་བྱེད་པའི་འཐབ་རྩོད་དུ་ཁེར་རྐྱང་གི་གནས་སུ་ཚུད་དུ་མ་བཅུག་པ་རེད།  

4 འཛམ་གླིང་གི་རྒྱལ་ཁབ་ཁག་གི་མི་དམངས་ལ་མཐུན་སྒྲིལ་བྱེད་པ། ཀྲུང་གོ་གསར་བས་ཞི་བདེའི་སྟོབས་ཤུགས་སྲ་བརྟན་དང་གོང་དུ་སྤེལ་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་རྒྱ་སྐྱེད་པའི་ཆེད་དུ། མི་སེར་སྤེལ་ཡུལ་དང་མི་སེར་སྤེལ་ཡུལ་ཕྱེད་ཙམ་གྱི་རྒྱལ་ཁབ་དང་། མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་མི་དམངས་ཚང་མ་ཧུར་བརྩོན་གྱིས་འགུག་ཐབས་བྱས་པ་བཅས་ཡིན།