ཟིང་ཆའི་སྐབས་ཀྱི་རྒྱལ་དམངས་དཔལ་འབྱོར།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-08-01 16:11ལ་འགྲུབ།

ཟིང་ཆའི་སྐབས་ཀྱི་རྒྱལ་དམངས་དཔལ་འབྱོར།

སྤྱི་ལོ1967ནས་སྤྱི་ལོ1968ལོར། རིག་གསར་གྱི་ཟིང་ཆ་དེ་དཔལ་འབྱོར་ཁྱབ་ཁོངས་སུ་རྒྱ་བསྐྱེད་ཡོང་བས། རྒྱལ་དམངས་དཔལ་འབྱོར་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་ལ་བྲེལ་འཚུབ་ཆེ་བ་བཅས་ཡིན། ལོ་གཉིས་ཀྱི་རིང་གྱོང་རེག་པའི་བཟོ་ཞིང་ལས་ཀྱི་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར་སྟོང་ལྷག་ལས་བརྒལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
暴乱中的国民经济
ཕྱི་ཡིག་གི་མིང་།
The national economy during the riots
དུས་ཚོད།
སྤྱི་ལོ1967ནས་སྤྱི་ལོ1968ལོའི་བར།
1 ​བརྒྱུད་རིམ།

དགུ་བའི་ཚེས་བཅུ་གསུམ་གྱི་དོན་རྐྱེན་གྱི་རྗེས་སུ། ཀྲོའུ་ཨེན་ལའེ་ཡིས་ཀྲུང་དབྱང་གི་རྒྱུན་ལྡན་བྱ་བ་གཙོ་གཉེར་གྱི་འགན་བཞེས། ལིན་པིའོ་ལ་དགག་པ་རྒྱག་སྐབས། ཁོང་གིས་གཡོན་ཐལ་ཆེ་བའི་བསམ་པའི་རླབས་རྒྱུན་དེར་དགག་པ་བརྒྱབ་སྟེ། རྒྱལ་དམངས་དཔལ་འབྱོར་སླར་གསོ་དང་ལེགས་སྒྲིག་བྱེད་པའི་མགོ་ཚུགས་པ་དང་། ལས་བྱེད་པ་བཅིངས་འགྲོལ་གཏོང་བ་སོགས་བྱ་བ་ཧུར་ཐག་གིས་བསྒྲུབ་དགོས་པ་བཏོན་ཏེ། ཕྱོགས་སོ་སོའི་བྱ་བ་ཚང་མ་ཇེ་ལེགས་སུ་བཏང་། སྤྱི་ལོ1937ལོར་སླེབས་དུས། རྒྱལ་དམངས་དཔལ་འབྱོར་གྱི་གནས་ཚུལ་སླར་སོས་པའི་རྣམ་པ་བྱུང་། རྒྱལ་དམངས་དཔལ་འབྱོར་མངོན་གསལ་གྱིས་ཇེ་བཟང་ལ་འགྲོ་བཞིན་པའི་སྐབས་སུ། ཅང་ཆིང་དང་། ཝང་ཧུང་ཝུན། ཀྲང་ཁྲུན་ཆའོ། ཡའོ་ཝུན་ཡོན་སོགས་ཀྱིས་ལིན་དགག་ཁུང་དགག་གི་ལས་འགུལ་སྤེལ་དགོས་པ་བཏོན་ཏེ། མདུང་རྩེ་ཀྲོའུ་ཨེན་ལའེ་ལ་གཏད་པ་རེད། མའོ་ཙེ་ཏུང་གིས་ཁོ་ཚོར་ཐེངས་མང་པོར་སྐྱོན་བརྗོད་བྱས་པ་མ་ཟད། ད་དུང་ཁོ་ཚོ་ནི་མི་བཞིའི་ཤོག་ཁག་ཡིན་པར་གསུངས།

2 དོན་སྙིང་།

སྤྱི་ལོ1975ལོར། ཀྲོའུ་ཨེན་ལའེ་ཡི་སྙུང་གཞི་ལྕི་བའི་དབང་གིས། མའོ་ཙེ་ཏུང་གིས་ཏེང་ཞའོ་ཕིང་ལ་ཀྲུང་དབྱང་རྒྱུན་ལྡན་བྱ་བ་གཙོ་གཉེར་བྱེད་པའི་འགན་ཁུར་དུ་བཅུག ཏེང་ཞའོ་ཕིང་གིས་ཕྱོགས་ཡོངས་ནས་དག་ཐེར་བྱེད་པའི་དགོངས་པ་གསལ་བོར་བཏོན་པར་མ་ཟད། ཕན་ཡོད་བྱེད་ཐབས་བསྟར་ནས་དཔལ་འབྱོར་འཛུགས་སྐྲུན་བཟུང་ཞིང་། རིག་གནས་གསར་བརྗེ་ཆེན་པོའི་ནོར་འཁྲུལ་ཡོ་བསྲང་བགྱིས་པས། སྤྱི་ཚོགས་ཀྱི་སྒྲིག་ལམ་རིམ་བཞིན་གཏན་འཇགས་སུ་ཕྱིན་པ་དང་། འགྲིམ་འགྲུལ་བྲེལ་འཚུབ་ཆེ་བའི་གནས་ཚུལ་མེད་པར་གྱུར་ཏེ། རྒྱལ་དམངས་དཔལ་འབྱོར་མྱུར་དུ་བསྐྱར་འཕར་བྱུང་། རིག་གསར་གྱི་ལོ་བཅུའི་རིང་། རྒྱུན་ལྡན་གྱི་འཕེལ་རྒྱས་ལྟར་བརྩིས་ན། རྒྱལ་དམངས་དཔལ་འབྱོར་གྱི་གྱོང་གུན་བསྡོམས་གྲངས་དེ་ཧ་ལམ་སྒོར་དུང་ཕྱུར་ལྔ་སྟོང་ལ་སླེབས་ཀྱང་། ཀྲོའུ་ཨེན་ལའེ་དང་ཏེང་ཞའོ་ཕིང་གིས་ཀྲུང་དབྱང་གི་བྱ་བའི་འགན་གཙོ་བཞེས་སྐབས་བརྩོན་པ་བསྐྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཡོན་ལྷུང་ལ་ནོར་འཁྲུལ་བཀག་འགོག་བྱས་པའི་རྐྱེན་གྱིས། དཔལ་འབྱོར་འཛུགས་སྐྲུན་ཐད་སྔར་བཞིན་གྲུབ་འབྲས་ངེས་ཅན་ཞིག་བླངས་པ་རེད།