ཝ་ཡའོ་པའོ་གྲོས་ཚོགས།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-08-01 16:10ལ་འགྲུབ།

ཝ་ཡའོ་པའོ་གྲོས་ཚོགས།

ཧྭ་བྱང་དུས་འགྱུར་གྱི་རྗེས་སུ། ཀྲུང་གུང་ཀྲུང་དབྱང་གིས་འཇའ་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་འཛུགས་པའི་བྱེད་ཕྱོགས་གཏན་འབེབས་བྱེད་ཆེད་བསྡུས་པའི་གྲོས་ཚོགས་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
瓦窑堡会议
ཕྱི་ཡིག་གི་མིང་།
Wayaobao meeting
ས་གནས།
ཧྲན་པེ་ཝ་ཡའོ་པའོ།
1 ​ངོ་སྤྲོད།

ཧྭ་བྱང་དུས་འགྱུར་གྱི་རྗེས་སུ། ཀྲུང་ཧྭ་མི་རིགས་ཀྱི་མདུན་དུ་རྒྱལ་སྟོངས་རྒྱུད་ཆད་ཀྱི་འཇིག་ཉེན་ལྷགས་ཡོད། སྤྱི་ལོ1935ལོར། ཀྲུང་གོ་གུང་ཁྲན་ཏང་གིས་བརྒྱད་གཅིག་བསྒྲགས་གཏམ་སྤེལ་ཏེ། ནང་འཁྲུག་མཚམས་འཇོག་པ་དང་། གཅིག་གྱུར་གྱིས་འཇའ་འགོག་བྱེད་པའི་འབོད་སྐུལ་བཏང་། ལོ་དེའི་མཇུག་ཏུ། ཀྲུང་གུང་ཀྲུང་དབྱང་གིས་ཧྲན་པེ་ཝ་ཡའོ་པའོ་ནས་གྲོས་ཚོགས་བསྡུས་ཏེ། འཇའ་འགོག་མི་རིགས་ཐབས་ཕྱོགས་གཅིག་གྱུར་འཛུགས་པའི་བྱེད་ཕྱོགས་གཏན་ལ་ཕབ། བྱེད་ཕྱོགས་དེར་རྒྱལ་ཡོངས་ཀྱི་རིགས་སོ་སོའི་རྒྱལ་གཅེས་མི་སྣའི་གོང་བཀུར་ཐོབ།

2 ནང་དོན།

ཝ་ཡའོ་པའོ་གྲོས་ཚོགས་མཇུག་བསྒྲིལ་རྗེས། མའོ་ཙེ་ཏུང་གིས་ཏང་གི་གྲོས་ཚོགས་སྟེང་འཇའ་ཕན་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཐབས་ཇུས་སྐོར་གླེང་བ་ཞེས་པའི་སྙན་ཞུ་ཕུལ། ཁོང་གིས་མིག་སྔར་ཆབ་སྲིད་གནས་ཚུལ་གྱི་གཞི་རྩའི་ཁྱད་ཆོས་ནི་འཇའ་ཕན་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་འདི་ཉིད་མི་སེར་སྤེལ་ཡུལ་དུ་བསྒྱུར་འདོད་པ་དེ་ཡིན་པས། ཀྲུང་འཇའ་མི་རིགས་བར་གྱི་འགལ་བ་དེ་འགལ་བ་གཙོ་བོར་གྱུར་ཅིང་། རྒྱལ་ནང་གི་མི་རིགས་བར་གྱི་འགལ་བ་དེ་འགལ་བ་ཕལ་བར་གྱུར། ཀྲུང་གོ་གུང་ཁྲན་ཏང་གི་འོས་འགན་ནི། དམར་དམག་གི་དཔུང་འཇུག་དང་རྒྱལ་ཡོངས་ཀྱི་བཟོ་བ་དང་། ཞིང་བ། སློབ་མ། འབྱོར་ཆུང་གྲལ་རིམ། མི་རིགས་འབྱོར་ལྡན་གྲལ་རིམ་བཅས་ཀྱི་བྱ་འགུལ་མཐའ་དག་ཕྱོགས་གཅིག་ཏུ་བསྒྲིལ་ཏེ། གཅིག་གཡུར་ཡིན་པའི་མི་རིགས་གསར་བརྗེའི་འཐབ་ཕྱོགས་ཤིག་ཆགས་དགོས། འཐབ་ཕྱོགས་གཅིག་གྱུར་དེར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་དགོས། གུང་ཁྲན་ཏང་དང་དམར་དམག་ནི་འཇའ་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་གྲོས་མགོ་འདོན་མཁན་ཡིན་པས། འཇའ་འགོག་སྲིད་གཞུང་དང་འཇའ་འགོག་དམག་དཔུང་གི་སྲོག་ཤིང་བརྟན་པོར་འགྱུར་དགོས་པ་བརྟན། སྙན་ཞུ་དེས་ཀྲུང་གོ་གུང་ཁྲན་ཏང་གིས་འཇའ་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་འཛུགས་པར་རིགས་པའི་གཞུང་ལུགས་ཐད་ཀྱི་རྨང་གཞི་བཏང་ཞིང་། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་རྒྱལ་གཅེས་མི་དམངས་ཀྱི་འཇའ་འགོག་འཇིག་སྐྱོབ་ལས་འགུལ་གྱི་མཐོ་རླབས་ལ་སྐུལ་འདེད་བྱས།