ཚོགས་མི་བདུན་སྟོང་གི་ཚོགས་ཆེན།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-08-01 16:10ལ་འགྲུབ།

ཚོགས་མི་བདུན་སྟོང་གི་ཚོགས་ཆེན།

སྤྱི་ལོ1962ལོའི་ལོ་མགོར། ཀྲུང་གོ་གུང་ཁྲན་ཏང་གིས་ཚོགས་མི་བདུན་སྟོང་ཞུགས་པའི་རྒྱས་འཛོམས་ཀྱི་ཀྲུང་དབྱང་བྱ་བའི་གྲོས་ཚོགས་བསྡུས་ཏེ། མཆོང་སྐྱོད་ཆེན་པོའི་ཁྲོད་ཀྱི་ཉམས་མྱོང་བསླབ་བྱ་ཕྱོགས་སྡོམ་རགས་ཙམ་བྱས་ཤིང་། མའོ་ཙེ་ཏུང་སོགས་ཀྲུང་དབྱང་མགོ་ཁྲིད་པ་རྣམས་ཀྱིས་སྣེ་ཁྲིད་ནས་རང་སྐྱོན་རང་བརྗོད་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
七千会员大会
ཕྱི་ཡིག་གི་མིང་།
Seven thousand general meeting of members
དུས་ཚོད།
སྤྱི་ལོ1962ལོ།
1 ​ནང་དོན།  

དཀའ་ངལ་ཚབས་ཆེན་ལ་གཞིགས་ནས། སྤྱི་ལོ1960ལོའི་དགུན་ཁ་ནས་བཟུང་། ཏང་ཀྲུང་དབྱང་གིས་ཞིང་སྡེའི་བྱ་བའི་ཁྲོད་ཀྱི་གོུན་ལྷུང་ནོར་འཁྲུལ་ཡོ་བསྲང་བྱས་པ་དང་། རྒྱལ་དམངས་དཔལ་འབྱོར་ཐད་ལེགས་སྒྲིག་དང་སྲ་བརྟན། འཐུས་ཚང་། ཡར་རྒྱས་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས། གྲོས་ཚོགས་ཀྱིས་སྔ་གཞུག་ཏུ་གཡས་ལྷུང་ལ་རྒོལ་བའི་ལས་འགུལ་ཁྲོད་ནོར་འཁྲུལ་གྱིས་དགག་རྒྱག་ཐེབས་པའི་མི་མང་ཆེ་བ་དཀར་འདོན་བྱས། ཏང་ཀྲུང་དབྱང་གི་བྱེད་ཐབས་དེ་དག་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་སྐུལ་མ་ཐེབས་པས། སྤྱི་ལོ1962ལོ་ནས་བཟུང་། དཔལ་འབྱོར་རིམ་བཞིན་སླར་གསོ་དང་འཕེལ་རྒྱས་བྱུང་ཞིང་། སྤྱི་ལོ1965ལོར་སླེབས་དུས་རྒྱལ་དམངས་དཔལ་འབྱོར་ལེགས་སྒྲིག་བྱེད་པའི་བྱ་བའི་ལས་འགན་དེ་ཕལ་ཆེར་ལེགས་འགྲུབ་བྱུང་སྟེ། འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་སླེབས་པ་རེད།

2 འཕེལ་རིམ།

རང་རྒྱལ་ལ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པའི་ཁྲོད་གེགས་བར་ཚབས་ཆེན་ཐེབས་ནའང་། སྤྱི་ཁོག་ནས་བལྟས་ན། ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག རྒྱལ་སྤྱིའི་སྟེང་གི་ཀྲུང་གོར་རྒོལ་བའི་སྟོབས་ཤུགས་ཀྱི་གནོན་ཤུགས་ཆེན་པོ་བཀག་འགོག་བྱས་ནས་རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་བརྩོན་བགྱིས་མཐར། དཀའ་ངལ་ལས་རྣམ་པར་རྒྱལ་ཏེ་གྲུབ་འབྲས་ཆེན་པོ་བླངས་པ་སྟེ། ལས་སྒོ་ཆེ་འབྲིང་བསྡོམས་པས་ལྔ་བརྒྱ་ལྷག་འཛུགས་གྲབ་བྱུང་ཞིང་། བཟོ་ཞིང་ལས་རིགས་ཀྱི་སྤྱིའི་ཐོན་ཚད་རིན་ཐང་བརྒྱ་ཆའི60ལ་ཉེ་བ་ཙམ་འཕར། ཝུའུ་ཧན་དང་པའོ་ཐིའུ་ཡི་ངར་ལྕགས་རྟེན་གཞི་ཆེན་པོ་གཉིས་དང་། ཏ་ཆིང་སྣུམ་གཏེར། ཧྲེང་ལི་སྣུམ་གཏེར། ཏ་ཀང་སྣུམ་གཏེར་བཅས་ཚང་མདུས་སྐབས་དེར་བཙུགས་པ་ཡིན། སྤྱི་ལོ1965ལོར་སླེབས་དུས། སྔོན་ཆད་ཀྱི་ཕྱི་གླིང་གི་སྣུམ་ལ་བརྟེན་པའི་རང་རྒྱལ་འདི་ཉིད་ཀྱིས་རྡོ་སྣུམ་ཚང་མ་རང་མཁོ་རང་སྤྲོད་བྱེད་ཐུབ་པར་གྱུར། གློག་ཤུགས་བཟོ་ལས་འཕེལ་བའང་ཧ་ཅང་མགྱོགས་ཏེ། ལོ་བཅུའི་ནང་ཞིང་སྡེའི་ག་གློག་བཀོལ་ཚད་ལྡབ70འཕར། སྤྱི་ལེ་བདུན་སྟོང་ལྷག་གི་ལྕགས་ལམ་གསར་དུ་ལས་ཏེ། ལན་གྲུ་ནས་ཞིན་ཅང་དང་པའོ་ཐིའུ་ནས་ལན་གྲུ་བར་གྱི་ལྕགས་ལམ་སོགས་འཛུགས་གྲུབ་བྱས། རྩེར་སོན་ཚན་རིག་ལག་རྩལ་གྱི་ཐད་དུ། རྡུལ་ཕྲན་འབར་མདེལ་དང་པོའི་ཚོད་ལྟ་ལེགས་འགྲུབ་བྱུང་ཤིང་། བ་གླང་གི་གཤེར་མའི་ཕུང་རྩི་དཔྱད་བཟོ་བྱུང་ངོ།།