ཚན་རིག་ལག་རྩལ་གྱི་གྲུབ་འབྲས(2)སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-08-01 16:11ལ་འགྲུབ།

ཚན་རིག་ལག་རྩལ་གྱི་གྲུབ་འབྲས(2)

ཀྲུང་ཧྭ་མིན་གོའི་དུས་སྐབས་སུ། རང་རྒྱལ་གྱི་ཚན་རིག་ལག་རྩལ་ལ་འཕེལ་རྒྱས་ངེས་ཅན་ཞིག་བྱུང་བ་མ་ཟད། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་པའི་ཚན་རིག་པ་སྐོར་ཞིག་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
科技成果(2)
ཕྱི་ཡིག་གི་མིང་།
Achievements in science and Technology (2)
དུས་ཚོད།
ཀྲུང་ཧྭ་མིན་གོའི་དུས་སྐབས།
1 ​བརྒྱུད་རིམ།

ཀྲུང་ཧྭ་མིན་གོའི་དུས་སྐབས་སུ། རང་རྒྱལ་གྱི་རང་བྱུང་ཚན་རིག་ཆུ་ཚད་དེ་ནུབ་ཕྱོགས་སྔོན་ཐོན་རྒྱལ་ཁབ་ལས་རྗེས་ལུས་ཡིན། དེའི་ཁར་ནང་འཁྲུག་མཚམས་མ་ཆད་པ་དང་། ཕྱི་དགྲའི་བཙན་འཛུལ་ཐེབས་པ། སྲིད་གཞུང་གིས་དོ་སྣང་བྱས་པ་མ་འདང་བ་བཅས་ཀྱི་དབང་གིས་ཚན་རིག་ལག་རྩལ་འཕེལ་རྒྱས་འབྱུང་བར་ཚད་བཀག་ཐེབས། དེ་ལྟ་ན་ཡང་། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་དག་གིས་འབད་འབུངས་བྱས། གྲངས་རིག་གི་ཕྱོགས་སུ། རྒྱལ་སྤྱིའི་ཆུ་ཚད་དུ་སླེབས་པའི་ཞིབ་འཇུག་གི་གྲུབ་འབྲས་དང་གྲུབ་འབྲས་ཕུལ་དུ་བྱུང་བའི་གྲངས་རིག་པ་བྱུང་། དེ་ལས་མིང་གྲགས་ཅན་ནི་ཁྲེན་ཅུན་ཀུང་དང་སུའུ་པུའུ་ཆིང་། ཧྭ་ལུའོ་ཀེང་བཅས་ཡིན། ཤ་གཤིས་ཀྱི་འཕོ་ཤུགས་རིག་པའི་ཕྱོགས་ནས། སྙན་གྲགས་ཆེ་བའི་ས་གཤིས་རིག་པ་བ་ལི་སི་ཀོང་གིས་འགུལ་སྐྱོད་ཀྱི་ལྟ་བ་བཟུང་སྟེ། ས་གཤིས་སྣང་ཚུལ་གྱི་ངོ་བོ་དང་ས་ཤུན་གྱི་གྲུབ་ཚུལ། ཆགས་སྟངས་བཅས་ཀྱི་ཆོས་ཉིད་འཚོལ་ཞིབ་བགྱིས་ཏེ། ཐུན་མོང་མ་ཡིན་པའི་ས་གཤིས་ཀྱི་འཕོ་ཤུགས་རིག་པའི་གཞུང་ལུགས་དང་བྱེད་ཐབས་གསར་དུ་བཏོད། ཁོའི་གཞུང་ལུགས་ཁ་ཤས་ཀྱིས་རང་རྒྱལ་གྱི་རྡོ་སྣུམ་འཚོལ་ཞིབ་ཐིག་ལེན་དང་ས་འགུལ་སྔོན་བརྡའི་ཕྱོགས་ལ་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ཐོན་ཡོད། བཟོ་བཀོད་ཀྱི་ཕྱོགས་སུ། སྐབས་དེར་ཆེས་འབུར་དུ་ཐོན་པའི་གྲུབ་འབྲས་ནི་སྤྱི་ལོ1937ལོར་ཧང་ཀྲོའུ་རུ་བཟོ་སྐྲུན་གྲུབ་པའི་ཆན་ཐང་ཅང་གཙོ་བོའི་ཟམ་ཆེན་ཡིན་ཞིང་། དེ་ནི་རང་རྒྱལ་ཉེ་རབས་ཀྱི་ཟམ་པའི་ལོ་རྒྱུས་སྟེང་གི་མཛད་རྗེས་རྡོ་རིང་ཞིག་ཡིན་ལ། ཟམ་པ་དེའི་ཇུས་འགོད་མཁན་མའོ་དབྱི་ཧྲེང་གི་ཕུལ་བྱུང་མཛད་རྗེས་དེ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་ཡོད་དོ།།