མེ་འགོག་ཀོ་རོགས།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-08-01 16:13ལ་འགྲུབ།

མེ་འགོག་ཀོ་རོགས།

ཀྲུང་གོ་གསར་བ་དབུ་བརྙེས་ནས་ཅུང་མ་འགོར་བར་ཕྱིའི་བཙན་འཛུལ་གྱི་འཇིགས་སྐུལ་མདུན་དུ་ལྷགས་ཡོང་། ཀོ་རི་ཨའི་ནང་འཁྲུག་བསླངས། ཨ་མེ་རི་ཁའི་མགྱོགས་མྱུར་དུ་ཀོ་རི་ཨའི་ནང་སྲིད་ལ་དྲག་ཤུགས་ཀྱིས་ཐེ་གཏོགས་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
抗美援朝
ཕྱི་ཡིག་གི་མིང་།
Korean War
དུས་ཚོད།
སྤྱི་ལོ1950ལོའི་དབྱར་ཁ།
1 ​ངོ་སྤྲོད།

སྤྱི་ལོ1950ལོའི་དབྱར་ཁར། ཀོ་རི་ཨའི་ནང་འཁྲུག་ལངས། མ་འགྱངས་པར་ཨ་རིའི་དམག་གཙོ་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་དམག་བཙུགས་ཏེ་ཀོ་རི་ཨར་བཙན་འཛུལ་བྱས། ཁོ་ཚོ་འཕྲད་ཐིག་སོ་བརྒྱད་པ་བརྒལ་ཏེ་འཐབ་འཛིང་གི་མེ་ལྕེ་དེ་ཐད་ཀར་ཀྲུང་གོ་དང་ཀོ་རི་ཨའི་ས་མཚམས་སུ་མཆེད་དུ་བཅུག དེ་དང་ཆབས་ཅིག་ཏུ་ཨ་རིའི་དམག་གྲུ་རུ་ཁག་ཨང་བདུན་པ་དེ་ཐའེ་ཝན་མཚོ་འགག་ཏུ་འབྱོར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་པས། ཀོ་རི་ཨའི་ཉེན་ཁའི་གཡང་དུ་ལྷུང་སྟེ་ཀྲུང་གོའི་བདེ་འཇགས་ལ་འཇིགས་སྣང་ཚབས་ཆེན་བསྐུལ།

2 ནང་དོན།

གནས་ཚུལ་ཚབས་ཆེན་གྱི་འོག་ཏུ། ཀོ་རི་ཨ་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་ཀྲུང་གོ་སྲིད་གཞུང་ལ་དམག་མངགས་ནས་རོགས་སྐྱོར་བྱེད་པའི་རེ་འདུན་ཞུས། མེ་འགོག་ཀོ་རོགས་དང་ཁྱིམ་སྲུང་རྒྱལ་སྐྱོབ་སླད་དུ། སྤྱི་ལོ1950ལོའི་ཟླ10པར། ཕེང་ཏེ་ཧོའེ་སི་ལིན་ཡོན་ཡིན་པའི་ཀྲུང་གོ་མི་དམངས་དང་བླངས་དམག་ཀོ་རི་ཨར་དཔུང་སྐྱོད་བྱས་ཤིང་། ཀོ་རི་ཨའི་དམག་དཔུང་དང་དཔུང་བ་མཉམ་གཤིབ་ཀྱིས་ཨ་རི་བཙན་འཛུལ་པར་འགོག་རྒོལ་བྱས་ཏེ་ཨ་རིའི་དམག་འཕྲེད་ཐིག་སོ་བརྒྱད་པའི་ཉེ་འདབས་སུ་ཕྱིར་བསྐྲད། དེའི་རྗེས་སུ། ཀྲུང་གོ་དང་ཀོ་རི་ཨའི་དམག་དམངས་ཀྱིས་ཨ་རི་བཙན་འཛུལ་དམག་ལ་རྒོལ་ཐབས་ཡང་ཡང་བསློགས། ཀྲུང་གོ་དང་ཀོ་རི་ཨའི་དམག་དམངས་ཀྱིས་རྡུང་རྡེག་དྲག་པོ་ཁེལ་བའི་དབང་གིས། སྤྱི་ལོ1952ལོའི་དབྱར་ཁར། ཨ་རིས་ཀོ་རི་ཨའི་དམག་མཚམས་འཇོག་པའི་ཆོད་ཡིག་མིང་རྟགས་མི་འགོད་ཐབས་མེད་བྱུང་བས། མེ་འགོག་ཀོ་རོགས་དམག་འཁྲུག་དེ་ཨ་རི་ཕམ་སྟེ་རྒྱལ་ཁའི་ངང་མཇུག་བསྒྲིལ་ཞིང་། ཀྲུང་གོའི་མི་དམངས་དང་བླངས་དམག་ཁག་བགོས་ནས་རྒྱལ་ཁའི་ངང་ཕྱིར་ལོག

3 དོན་སྙིང་།

མེ་འགོག་ཀོ་རོགས་ལས་རྒྱལ་ཁ་བླངས་པ་དེས་ཨ་རི་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་སྲིད་ཇུས་དང་དམག་འཁྲུག་སྲིད་ཇུས་ལ་རྡུང་རྡེག་དྲག་པོ་བཏང་བ་དང་། ཀོ་རི་ཨའི་རང་བཙན་དང་ཀྲུང་གོའི་བདེ་འཇགས་སྲུང་སྐྱོབ་བྱས་ནས། རྒྱལ་སྤྱིའི་སྟེང་གི་ཀྲུང་གོའི་མཚན་སྙན་སྔར་མེད་ཇེ་མཐོར་བཏང་། དུས་མཚུངས་སུ། ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་བསྒྱུར་བཀོད་ལ་ལྟོས་བཅས་གཏན་འཇགས་ཀྱི་ཞི་བདེའི་ཁོར་ཡུག་ཅིག་བསྐྲུན་པ་རེད།