མིན་གོ་དུས་སྐབས་ཀྱི་ཡར་ཐོན་རིག་གནས།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-08-01 16:13ལ་འགྲུབ།

མིན་གོ་དུས་སྐབས་ཀྱི་ཡར་ཐོན་རིག་གནས།

གློག་བརྙན་ནི་གསར་དུ་དར་བའི་རིག་རྩལ་གྱི་རྣམ་པ་ཞིག་ཡིན་པའི་ཆ་ནས། སྐབས་དེར་ཡང་ཡར་རྒྱས་ཆེན་པོ་བྱུང་སྟེ། ཕུལ་དུ་བྱུང་བའི་ཟློས་གར་རྩོམ་པ་པོ་དང་འཁྲབ་ཁྲིད་པ་སྐོར་ཞིག་བྱུང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民国早期的进步文化
ཕྱི་ཡིག་གི་མིང་།
Progressive culture in the early years of the Republic of China
མཚོན་བྱེད་མི་སྣ།
ལུའུ་ཞུན། ཀའོ་མའོ་རུའོ། མའོ་ཏུན། པ་ཅུན། ལའོ་ཧྲེ། ཡེ་ཧྲའོ་ཅུན།
1 ​ངོ་སྤྲོད།

མིན་གོའི་དུས་སྐབས་སུ། མུན་ནག་གི་དབང་སྒྱུར་ལོག་སྤྱོད་དབང་དང་སྒྱུར་སུན་འབྱིན་བྱེད་པ་དང་། འོད་ཟེར་དང་དམངས་གཙོར་བརྩོན་ལེན་བྱེད་པའི་ཡར་ཐོན་རྩོམ་པ་པོ་སྐོར་ཞིག་བྱུང་། རིག་གནས་གསར་བའི་ལས་འགུལ་གྱི་སྐབས་སུ། ལུའུ་ཞུན་གྱི་ཕལ་སྐད་བརྩམས་སྒྲུང་རྩོམ་པར་མཁས་པས་རྩོམ་རིག་གི་གར་སྟེགས་སུ་སྙན་པའི་གྲགས་པ་འབར། ཕྱིས་སུ་འཐབ་རྩོད་ཀྱི་དགོས་དབང་གིས། ལུའུ་ཞུན་གྱིས་འཐབ་རྩོད་ཀྱི་རང་བཞིན་དྲག་པོ་ལྡན་པའི་ཚིག་ལྷུག་སྣ་མང་སྤེལ་ཞིང་། དེ་དག་གིས་མདའ་གྲི་མདུང་གསུམ་དང་མཚུངས་པར་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་གྱི་སྟོབས་ཤུགས། ལོག་སྤྱོད་དབང་སྒྱུར་མཁན་བཅས་ལ་ཡང་ཡང་བསྣུན། ལུའུ་ཞུན་ནི་དེང་རབས་ཚིག་ལྷུག་སྣ་མང་གི་སྲོལ་འབྱེད་མཁན་ཡིན། ཁོང་གི་མིང་དུ་གྲགས་པའི་ཚིག་ལྷུག་སྣ་མང་ལ''བསྙེལ་བའི་ཆེད་ཀྱི་དྲན་གསོ''དང་མཛའ་གྲོགས་རྒྱལ་ཁབ་ཧང་སངས་པར་བྱེད་པའི་རྣམ་བཤད་སོགས་མཆིས། མའོ་ཏུན་གྱི་རྩོམ་ཡིག་ལ་མཚན་དགུང་དང་། པ་ཅུན་གྱི་མཚོན་བྱེད་རྩོམ་ཡིག་ལ་ཁྱིམ། ལའོ་ཧྲེའི་མཚོན་བྱེད་རྩོམ་ཡིག་ལ་རྔ་མོང་ཞང་ཙི། ཡེ་ཧྲའོ་ཅུན་གྱི་མཚོན་བྱེད་རྩོམ་ཡིག་ལ་ཉི་ཧོན་ཀྲི་སོགས་ཀྱི་བརྩམས་སྒྲུང་མཆིས་ཤིང་། དེ་དག་གིས་ཕྱོགས་མི་འདྲ་བའི་སྒོ་ནས་སྐབས་དེའི་སྤྱི་ཚོགས་ཀྱི་འགལ་བ་ཐེར་འདོན་བྱས་ཡོད་པ་དང་། སྤྱི་ཚོགས་ཀྱི་རིམ་པ་སོ་སོའི་གནས་བབ་ཇི་བཞིན་དུ་མཚོན་ཡོད། །དེ་ལས་གཞན་ད་དུང་གློག་བརྙན་དངམ་རོལ་མོའི་ཕྱོགས་ནསཀྱང་གྲུབ་འབྲས་ཆེན་པོ་བླངས་ཡོད་དོ།།