མི་དམངས་བཅིངས་འགྲོལ་དམག་ལ་རྒྱལ་ཁ་ཐོབ་པ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-08-01 16:18ལ་འགྲུབ།

མི་དམངས་བཅིངས་འགྲོལ་དམག་ལ་རྒྱལ་ཁ་ཐོབ་པ།

ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་མགོ་ཁྲིད་ཡོད་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་འོག དམངས་གཙོ་རིང་ལུགས་གསར་བ་ནས་སྤྱི་ཚོགས་རིང་ལུགས་སུ་འཕེལ་བའི་བགྲོད་ལམ་དུ་བསྐྱོད་པ་དང་དྲག་པོའི་འཐབ་རྩོད་རྒྱུན་འཁྱོངས་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人民解放军的胜利
ཕྱི་ཡིག་གི་མིང་།
Victory of the people's Liberation Army
དུས་ཚོད།
སྤྱི་ལོ1947ལོའི་ཟླ10བའི་ཟླ་མཇུག
1 ​རྒྱུ་རྐྱེན།

1 ཆབ་སྲིད་གྲོགས་མེད་ཁེར་རྐྱང་ཡིན་ལ་མི་དམངས་ཀྱི་ཡིད་ཆེས་ཤོར་བ། འཇའ་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། རྒྱལ་ཡོངས་མི་དམངས་ཀྱིས་ཞི་བདེ་དང་དམངས་གཙོར་རེ་བ་བྱེད་མོད། གོ་མིན་ཏང་གིས་དམངས་སེམས་དང་འགལ་ཏེ་ནང་འཁྲུག་བསླངས་ནས་ཏང་གཅིག་པུས་སྲིད་དབང་སྒེར་འཛིན་བྱེད་པ་ལག་བསྟར་བྱས་སྟབས། རྒྱལ་ཡོངས་མི་དམངས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱས།

2 དམག་དཔུང་འཐབ་འཛིང་ལ་སུན་པ་དང་དམག་མིའི་ངར་ཤུགས་ཉམས་པ། ནང་སྒོས་སུ་གོ་མིན་ཏང་གི་དངོས་གཞི་མིན་པའི་དམག་དཔུང་འཐབ་འཛིང་ལ་སུན་སྣང་སྐྱེས་པ་དེ་བས་ཚབས་ཆེན་ཡིན་ཏེ། དམག་འཐབ་བྱེད་ཁར་འོས་ལངས་བྱེད་པ་དང་མགོ་འདོགས་པའི་སྣང་ཚུལ་བསྟུད་མར་བྱུང་སྟེ། གོ་མིན་ཏང་གི་དམག་དཔུང་དེ་གཡུལ་ས་སོ་སོ་ནས་རྦད་དེ་ཕམ་ཁ་བྱུང་།

3 དཔོན་ངན་ཟ་རྔམ་ཅན་གྱིས་རང་སྣང་གང་ཤར་བྱས་པས་དབང་སྒྱུར་རུལ་སུངས་སུ་གྱུར་བ། འཇའ་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། རྒྱལ་དམངས་སྲིད་གཞུང་གིས་དགྲ་བོ་དང་རྫུས་དམག་གི་རྒྱུ་ནོར་རྩིས་ལེན་བྱེད་སྐབས། དཔོན་རིགས་མང་པོའི་རྩིས་ལེན་གྱི་གོ་སྐབས་དེར་བསྟུན་ནས། ལྐོག་ཟ་དང་འཕྲོག་བཅོམ། བསྙད་འདོགས་རྒྱུ་ལེན་བཅས་བྱས་པའི་ཕྱུག་པོར་གྱུར། ཁོ་ཚོས་ད་དུང་ཆབ་སྲིད་ཀྱི་ཁྱད་དབང་སྤྱད་དེ་ཧམ་གཉེར་བཙན་འཕྲོག་དང་མི་དམངས་ཀྱི་ལག་ནས་སྡུད་འཕྲོག་བྱས་པས། དཔལ་འབྱོར་རྩ་ཐོར་དུ་ཕྱིན་པ་དང་དངོས་གོས་ཆེས་ཆེར་འཕར་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་འཆི་ལམ་དུ་འཕག་འཚག་རྒྱག་པའི་གནས་སུ་གྱུར་བ་བཟོས།

4 ཨ་མེ་རི་ཁའི་རོགས་སྐྱོར་མཚམས་ཆད་པ་དང་ཅང་ཅེ་ཧྲི་དང་ཀུའེ་ཕྱོགས་གཉིས་ཁ་ཕྲལ་བ། གོ་མིན་ཏང་གིས་ནང་འཁྲུག་སློང་བར་ཨ་མེ་རི་ཁའི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད། ཡིན་ན་ཡང་། གོ་མིན་ཏང་གི་ཆབ་སྲིད་རུལ་སུངས་དང་དམག་དོན་ཐད་ཀྱི་ཉམས་ཉེན་དེས། ཨ་མེ་རི་ཁ་རིམ་བཞིན་ཅང་ཅེ་ཧྲི་ལ་ཡིད་ཆེས་མེད་པར་གྱུར། ཨ་མེ་རི་ཁས་བཙན་ཤེད་ཀྱིས་ཅང་ཅེ་ཧྲི་སྲིད་དོན་ལས་འབབ་ཏུ་བཅུག་སྟེ་ལི་ཙུང་རེན་སྲིད་སྟེགས་སུ་འབུད་པར་རྒྱབ་སྐྱོར་བྱས། འདིས་གོ་མིན་ཏང་ནང་ཁུལ་གྱི་འགལ་བ་ཇེ་དྲག་ཏུ་བཟོས་ཤིང་ཅང་ཅེ་ཧྲི་དང་ཀུའེ་ཕྱོགས་གཉིས་ཁ་ཕྲལ་དུ་བཏང་།

2 དོན་སྙིང་།

ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་མགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པ་ནི་ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལྡོག་མེད་ཅིག་ཡིན་ལ། ཀྲུང་གོ་མི་དམངས་ཀྱི་ལོ་རྒྱུས་ཀྱི་གདམ་གསེས་ཀྱང་ཡིན་ནོ།།