སྲབ་མདའ་ཅན་གྱི་ནང་འབར་འཕྲུལ་འཁོར།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-28 16:11ལ་འགྲུབ།

སྲབ་མདའ་ཅན་གྱི་ནང་འབར་འཕྲུལ་འཁོར།

སྲབ་མདའ་ཅན་གྱི་ནང་འབར་འཕྲུལ་འཁོར།
སྲུབ་མདའ་ཅན་གྱི་ནང་འབར་འཕྲུལ་འཁོར་ནི་འབར་རྫས་དེ་རླངས་རྫའི་ནང་དུ་འབར་ནས་དྲོད་མཐོ་གནོན་མཐོའི་རླངས་གཟུགས་ཐོབ་པས་སྲུབ་མདའ་སྒུལ་འདེད་བྱས་ཏེ་ཕྱི་ལ་རྩོལ་བ་འདོན་པ་བེད་སྤྱོད་པའི་འཕྲུལ་འཁོར་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
活塞式内燃机
1 ​ངོ་སྤྲོད།

གཞུང་ལམ་དུ་སྐྱོད་པའི་སྐྱེལ་འདྲེན་རླངས་འཁོར་དང་དོས་འཁོར། རླངས་འཁོར་ཆུང་གྲས་སོགས། མང་ཆེ་བ་ཐམས་ཅད་ལ་ནང་འབར་འཕྲུལ་འཁོར་རིགས་འདི་བཀོལ་སྤྱོད་བྱས།

སྲུབ་མདའ་ཅན་གྱི་ནང་འབར་འཕྲུལ་འཁོར་ནི་འབར་རྫས་དེ་རླངས་རྫའི་ནང་དུ་འབར་ནས་དྲོད་མཐོ་གནོན་མཐོའི་རླངས་གཟུགས་ཐོབ་པས་སྲུབ་མདའ་སྒུལ་འདེད་བྱས་ཏེ་ཕྱི་ལ་རྩོལ་བ་འདོན་པ་བེད་སྤྱོད་པའི་འཕྲུལ་འཁོར་ཡིན། སྤྱོད་པའི་འབར་རྫས་དང་འབར་སྟངས་མི་འདྲ་བ་གཞིར་བཟུང་། སྲུབ་མདའ་ཅན་གྱི་ནང་འབར་འཕྲུལ་འཁོར་ལ་རྒྱུན་དུ་རླངས་སྣུམ་འཕྲུལ་འཁོར་དང་སོལ་སྣུམ་འཕྲུལ་འཁོར་རིགས་གཉིས་སུ་དབྱེ།

སྲུབ་མདའ་ཅན་གྱི་ནང་འབར་འཕྲུལ་འཁོར་གྱིས་བྱ་བ་བྱེད་སྐབས་རླུང་འཇིབ་དང་གནོད་བཙིར། འབར་རྫས་ཀྱིས་རྩོལ་བ་འདོན། རླུང་འཕུད་པ་སོགས་ལྟར་བརྒྱུད་རིམ་རེས་འཁོར་བྱས། སྤྱིར་རྒྱུག་རིམ་བཞི་ཅན་དང་རྒྱུག་རིམ་གཉིས་ཅན་དུ་དབྱེ། སྲུབ་མདའ་ཅན་གྱི་ནང་འབར་འཕྲུལ་འཁོར་ལ་མིའི་ཤུགས་སམ་ཡང་ན་གློག་སྒུལ་འཕྲུལ་འཁོར་སྒུལ་བྱེད་དུ་བཀོལ་ན་ཆོག དེས་བྱ་བ་བྱེད་སྐབས་འཁྱག་བཟོ་སྨྱན་རྫས་ཀྱིས་འཁྱག་བཟོ་བྱེད་དགོས།

བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།