ཕྱི་འབར་འཕྲུལ་འཁོར།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-28 16:36ལ་འགྲུབ།

ཕྱི་འབར་འཕྲུལ་འཁོར།

ཕྱི་འབར་འཕྲུལ་འཁོར།
ཕྱི་འབར་འཕྲུལ་འཁོར་ནི་འབར་རྫས་དེ་ཐབ་ཀ་སོགས་སྒྲིག་ཆས་ནང་དུ་འབར་ནས། ཕྱིར་བཏང་བའི་ཚ་ཚད་དུ་ཆ་ཤས་ཞིག་ལས་དངོས་ལ་བརྒྱུད་སྤྲོད་བྱས་ཏེ། ཡང་སྒུལ་བྱེད་འཕྲུལ་འཁོར་ནང་དུ་ལས་དངོས་ཀྱིས་ཁྱེར་ཡོང་བའི་ནང་ནུས་ཆ་ཤས་ཤིག་འཕྲུལ་ཆས་ནུས་པར་འཕོ་འགྱུར་བྱེད་པའི་ཚ་བའི་འཕྲུལ་ཆས་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
外燃机
1 ངོ་སྤྲོད།

གནའ་སྔ་མོར་ཐོན་སྙེད་བྱས་པའི་སྒུལ་ཤུགས་འཕྲུལ་ཆས་སྒྲིག་ཆས་རླངས་པའི་འཕྲུལ་འཁོར་ནི་ཕྱི་འབར་འཕྲུལ་འཁོར་ལ་གཏོགས་པ་རེད། 

ཕྱི་འབར་འཕྲུལ་འཁོར་ནི་འབར་རྫས་དེ་ཐབ་ཀ་སོགས་སྒྲིག་ཆས་ནང་དུ་འབར་ནས། ཕྱིར་བཏང་བའི་ཚ་ཚད་དུ་ཆ་ཤས་ཞིག་ལས་དངོས(བྱ་བའི་དངོས་པོ། དཔེར་ན་རླངས་པ་སོགས)ལ་བརྒྱུད་སྤྲོད་བྱས་ཏེ། ཡང་སྒུལ་བྱེད་འཕྲུལ་འཁོར་ནང་དུ་ལས་དངོས་ཀྱིས་ཁྱེར་ཡོང་བའི་ནང་ནུས་ཆ་ཤས་ཤིག་འཕྲུལ་ཆས་ནུས་པར་འཕོ་འགྱུར་བྱེད་པའི་ཚ་བའི་འཕྲུལ་ཆས་རེད། དཔེ་མཚོན་གྱི་ཕྱི་འབར་འཕྲུལ་འཁོར་ལ་རླངས་སྒུལ་འཕྲུལ་འཁོར་དང་རླངས་སྒུལ་གཤོག་འཁྱིལ་འཕྲུལ་འཁོར་ཡོད།


བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།