ཚ་གླིང་ནུས་སྣང་།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-28 16:28ལ་འགྲུབ།

ཚ་གླིང་ནུས་སྣང་།

ཚ་གླིང་ནུས་སྣང་།
ས་ཁུལ་ཞིག་ཏུ་མི་གྲངས་མང་བ་དང་བཟོ་ལས་གཅིག་བསྡུས་སོགས་སུ་དྲོད་ཚད་མཐའ་འཁོར་ས་ཁུལ་ལས་མཐོ་བ་བཟོ་བའི་སྣང་ཚུལ་ཚ་གླིང་ངམ་ཡང་ན་ཚ་གླིང་ནུས་སྣང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
热岛效应
ཕྱི་ཡིག་གི་མིང་།
Urban Heat Island Effect
1 ​ངོ་སྤྲོད།

མིའི་རིགས་ཀྱི་འགུལ་སྐྱོད་ཀྱིས་ཁོར་ཡུག་ས་ཁུལ་གྱི་དྲོད་ཚད་བསྡུར་ཐུབ། འདི་ནི་མིའི་རིགས་འགུལ་སྐྱོད་དང་ཁོར་ཡུག་སྲུང་སྐྱོབ་བར་དུ་ངེས་པར་དུ་མཐོང་ཆེན་བྱེད་དགོས་པའི་གནད་དོན་རེད། 

ས་ཁུལ་ཞིག་ཏུ་མི་གྲངས་མང་བ་དང་བཟོ་ལས་གཅིག་བསྡུས་སོགས་སུ་དྲོད་ཚད་མཐའ་འཁོར་ས་ཁུལ་ལས་མཐོ་བ་བཟོ་བའི་སྣང་ཚུལ་ཚ་གླིང་ངམ་ཡང་ན་ཚ་གླིང་ནུས་སྣང་ཟེར། 

ཚ་གླིང་ནུས་སྣང་གིས་ས་ཁུལ་ཁ་ཤས་ཀྱི་གནམ་གཤིས་རྒྱུན་ལྡན་མིན་པ་བཟོ། དཔེར་ན། གྲོང་ཁྱེར་རླུང་ཆེན་དྲོད་ཚད་དེ་གྲོང་བརྡལ་རླུང་ཆེན་དྲོད་ཚད་ལས1-5མཐོ་བ་རེད། གྲོང་ཁྱེར་གྱི་མཁའ་རླུང་ཡར་འཕགས་ན། གྲོང་བརྡལ་གྱི་མཁའ་རླུང་འཁྱགས་པ་གྲོང་ཁྱེར་དུ་བཞུར། དེ་བས་གྲོང་ཁྱེར་རླུང་ཞེས་པ་གྲུབ་ཅིང་། གྲོང་ཁྱེར་གྱི་མི་གྲངས་ཇི་ལྟར་མང་བ་དང་། བཟོ་གྲྭ་འགྲིམ་འགྲུལ་འཕེལ་འཕེལ་རྒྱས་ཇི་ལྟར་ཆེ་ན། ཚ་གླིང་སྣང་ཚུལ་དེ་ལྟར་མངོན་གསལ་ཡིན། ཚ་གླིང་སྣང་ཚུལ་གྱིས་ད་དུང་གྲོང་ཁྱེར་བར་སྣང་གི་སྤྲིན་ཚད་དང་འཕར་སྣོན་འབྱུང་དུ་འཇུག་པ་སོགས།

བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།