ཚ་ཤུགས་རིག་པའི་དྲོད་རྟགས།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-28 16:33ལ་འགྲུབ།

ཚ་ཤུགས་རིག་པའི་དྲོད་རྟགས།

ཚ་ཤུགས་རིག་པའི་དྲོད་རྟགས།
ཚ་ཤུགས་རིག་པའི་དྲོད་རྟགས་ནི་གཞུང་ལུགས་དྲོད་རྟགས་རིགས་ཤིག་རེད། དབྱིན་ཇིའི་དངོས་ལུགས་རིག་པ་བLཁེར་ཝུན་གྱིས་སྤྱི་ལོ1848ལོར་གསར་དུ་བཙུགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
热力学温度
ཕྱི་ཡིག་གི་མིང་།
thermodynamic temperature
1 ངོ་སྤྲོད།

ཚན་རིག་ཞིབ་འཇུག་ཏུ་རྒྱུན་དུ་ཚ་ཤུགས་རིག་པའི་དྲོད་རྟགས་སྤྱོད། དེ་ནི་རྒྱལ་སྤྱིའི་འཇལ་བྱེད་ལུགས(SI)ལ་གཞི་འཛིན་དྲོད་རྟགས་ལག་ལེན་བྱས། 

ཚ་ཤུགས་རིག་པའི་དྲོད་རྟགས་ལ་ཆུའི་མཚན་གསུམ་ཚེག་གི་དྲོད་ཚད་ནི0.01℃ཡིན་པའི་རྐྱེན་གྱིས། ཚ་ཤུགས་རིག་པའི་དྲོད་རྟགས་དེའི་ཚད་ལྡན་ཚེག་གནས་དྲོད་ཚད་ལ་གཏན་འཁེལ་བྱས། གྲངས་ཐང་ནི273.16Kཡིན།   1Kདེ་ཆུའི་མཚན་གསུམ་ཚེག་གི་ཚ་ཤུགས་རིག་པའི་དྲོད་ཚད་ཀྱི273.16ཆའི་གཅིག་ཡིན། ཚ་ཤུགས་རིགས་པའི་དྲོད་རྟགས་ལའང་བལྟོས་མེད་དྲོད་རྟགས་སམ་ཡང་ན་ཁེ་མིང་དྲོད་རྟགས་ཞེས་ཀྱང་ཟེར། ཚ་ཤུགས་རིག་པའི་དྲོད་རྟགས་ཀྱིས་དྲོད་ཚད་མཚོན་པར་ཚ་ཤུགས་རིག་པའི་དྲོད་ཚད་ཟེར་ལ། འཇལ་བྱེད་ནི་ཁེར་ཝུན་དང་བསྡུས་མིང་ལ་ཁེ་ཟེར། ཡིག་འབྲུKཡིས་མཚོན། 

ཚ་ཤུགས་རིག་པའི་དྲོད་རྟགས་ནི་གཞུང་ལུགས་དྲོད་རྟགས་རིགས་ཤིག་རེད། དབྱིན་ཇིའི་དངོས་ལུགས་རིག་པ་བLཁེར་ཝུན་གྱིས་སྤྱི་ལོ1848ལོར་གསར་དུ་བཙུགས་པ་རེད།

བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།