གློག་སྨན།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-28 16:13ལ་འགྲུབ།

གློག་སྨན།

གློག་སྨན།
ཉིན་རྒྱུན་འཚོ་བ་རུ་ཆེ་ཆུང་མི་འདྲ་བའི་གློག་སྨན་རིགས་སྣ་ཚོགས་གང་མང་བཀོལ་མོད། འོན་ཀྱང་ཁྱོད་ཀྱིས་ཤེས་སམ། གློག་ཁུངས་བྱེད་པར་གློག་སྨན་གྱི་ལོ་རྒྱུས་ཤིན་ཏུ་རིང་བས་ཕལ་ཆེར་ལོ200ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电池
ཕྱི་ཡིག་གི་མིང་།
Battery
1 ངོ་སྤྲོད།

ཉིན་རྒྱུན་འཚོ་བ་རུ་ཆེ་ཆུང་མི་འདྲ་བའི་གློག་སྨན་རིགས་སྣ་ཚོགས་གང་མང་བཀོལ་མོད། འོན་ཀྱང་ཁྱོད་ཀྱིས་ཤེས་སམ། གློག་ཁུངས་བྱེད་པར་གློག་སྨན་གྱི་ལོ་རྒྱུས་ཤིན་ཏུ་རིང་བས་ཕལ་ཆེར་ལོ200ཡོད།

གློག་སྨན་ནི་རྫས་འགྱུར་ནུས་པ་དང་། འོད་ནུས། ཚ་ནུས་སོགས་ཐད་ཀར་གློག་ནུས་སུ་འཕོ་འགྱུར་བྱེད་པའི་སྒྲིག་ཆས་ཤིག་རེད། དཔེར་ན་རྫས་འགྱུར་གློག་སྨན་དང་། ཉི་ནུས་གློག་སྨན། དྲོད་ཁྱད་གློག་སྨན་ལྟ་བུ་སོགས་སོ།།

དངོས་བཀོལ་གྱི་རྫས་འགྱུར་གློག་སྨན་ལ་གཞིར་རྩའི་སྣམ་པ་གཉིས་སུ་དབྱེ་ཆོག་སྟེ། ཐེངས་གཅིག་གློག་སྨན་དང་ཐེངས་གཉིས་གློག་སྨན་ཡིན་པ་ལྟ་བུ། ཐེངས་གཅིག་གློག་སྨན་བཟོས་རྗེས་གློག་རྒྱུན་སྐྱེད་ཐུབ་མོད། གློག་བཏང་ཚར་རྗེས་འདོར་དགོས། ཐེངས་གཉིས་གློག་སྨན་ལ་གསོག་རུང་གློག་སྨན་ཞེས་ཀྱང(གློག་གསོག་གློག་སྨན)ཟེར། བཀོལ་སྤྱོད་མ་བྱས་པའི་སྔོན་ལ་གློག་གསོག་པ་དང་། གློག་གསོག་རྗེས་གློག་བཏང་ནས་བཀོལ་སྤྱོད་བྱེད། གློག་བཏང་ཚར་རྗེས་ཡང་གློག་གསོག་ནས་བཀོལ་སྤྱོད་བྱེད་ཆོག 

གསོག་བྱེད་གློག་སྨན་ལ་གློག་གསོག་སྐབས། གློག་ནུས་དེ་རྫས་འགྱུར་ནུས་པར་འཕོ་འགྱུར་བྱེད། གློག་གཏོང་སྐབས། རྫས་འགྱུར་ནུས་པ་དེ་གློག་ནུས་སུ་འཕོ་འགྱུར་བྱེད། གསོག་བྱེད་གློག་སྨན་ལ་རིགས་ཧ་ཅང་མང་སྟེ། དཔེར་ན་ཞ་གསོག་གློག་སྨན་དང་ལྕགས་ནིག་གསོག་གློག་སྨན། ནིག་ཀིལ་གསོག་གློག་སྨན་དང་དངུལ་ཏི་གསོག་གློག་སྨན། ལིས་གྱེས་རྡུལ་གློག་སྨན་དང་འདུས་བསྡུ་དངོས་ལིས་གློག་སྨན། ནིག་ཆིང་གློག་སྨན་ལྟ་བུ་སོགས་ཡོད།


བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།