ཀུན་སྤྱོད་གློག་འཇལ་ཆས།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-28 16:15ལ་འགྲུབ།

ཀུན་སྤྱོད་གློག་འཇལ་ཆས།

ཀུན་སྤྱོད་གློག་འཇལ་ཆས།
ཀུན་སྤྱོད་གློག་འཇལ་ཆས་ལ་མང་སྤྤྱོད་གློག་འཇལ་ཆས་ཞེས་ཀྱང་ཟེར། དེ་ནི་གློག་རྒྱུན་དང་། གློག་གནོན། གློག་འགོག་སོགས་ཚད་འཇལ་བའི་གློག་ཆས་ཞུགས་གྲངས་ཀྱི་ཆུང་གྲས་འཁྱེར་བདེ་བའི་དཔྱད་ཆས་རིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
万用电表
མིང་གཞན།
མང་སྤྤྱོད་གློག་འཇལ་ཆས།
རིགས།
གློག་རྡུལ་དཔྱད་ཆས།
གྲུབ་ཚུལ།
སྡུད་ལོག་མ་ལག་གི་དཔྱད་ཆས། གདམ་གསེས་གློག་སྒོ་དང་སྦར་དང་ཚད་འཇལ་གློག་ལམ་སོགས་ཀྱིས་གྲུབ།
1 ངོ་སྤྲོད།

ཀུན་སྤྱོད་གློག་འཇལ་ཆས་ལ་མང་སྤྤྱོད་གློག་འཇལ་ཆས་ཞེས་ཀྱང་ཟེར། དེ་ནི་གློག་རྒྱུན་དང་། གློག་གནོན། གློག་འགོག་སོགས་ཚད་འཇལ་བའི་གློག་ཆས་ཞུགས་གྲངས་ཀྱི་ཆུང་གྲས་འཁྱེར་བདེ་བའི་དཔྱད་ཆས་རིགས་ཤིག་ཡིན། དེའི་ཁྱད་ཆོས་ནི་འཇལ་ཐག་མང་ལ་སྤྱོད་སྒོ་རྒྱ་ཆེ་བ། སྤྱིར་བཏང་གི་ཀུན་སྤྱོད་གློག་འཇལ་ཆས་བཀོལ་ནས་ཐད་རྒྱུག་གློག་རྒྱུན་དང་། ཐད་རྒྱུག་གློག་གནོན། སྤེལ་རྒྱུག་གློག་གནོན། གློག་འགོག་དང་སྣེ་གཉིས་སྦུ་གུ། སྣེ་གསུམ་སྦུ་གུ་སོགས་ཀྱི་ཚད་འཇལ་ཆོག་ལ། དེ་ནི་སྡུད་ལོག་མ་ལག་གི་དཔྱད་ཆས། གདམ་གསེས་གློག་སྒོ་དང་སྦར་དང་ཚད་འཇལ་གློག་ལམ་སོགས་ཀྱིས་གྲུབ། གདམ་གསེས་གློག་སྒོ་ཡི་བརྗེ་འགྱུར་ལ་བརྒྱུད་དེ་སྟབས་བདེའི་སྒོས་གྲངས་ཚད་སྣ་ཚོགས་ཀྱི་ཚད་འཇལ་ཐུབ། 


བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།