གནའ་བོའི་པཱ་པི་ལུན་རྒྱལ་བོའི་རྒྱལ་ཁབ།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-07-11 11:28ལ་འགྲུབ།

གནའ་བོའི་པཱ་པི་ལུན་རྒྱལ་བོའི་རྒྱལ་ཁབ།

གནའ་བོའི་པཱ་པི་ལུན་རྒྱལ་བོའི་རྒྱལ་ཁབ།
གནའ་བོའི་པཱ་པི་ལུན་རྒྱལ་བོའི་རྒྱལ་ཁབ་ལ་གནའ་བོའི་གནའ་བོའི་པཱ་པི་ལུན་རྒྱལ་རབས་དང་པོ་ཞེས་ཀྱང་འབོད་ལ། དེ་ནི་འཛམ་གླིང་དུ་སྐད་གྲགས་ཆེ་བའི་གནའ་བོའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། ཧ་ལམ་སྤྱི་ལོ་སྔོན་གྱི་ལོ1595ནས་སྤྱི་ལོ་སྔོན་གྱི་ལོ1792བར་དུ་གནས་མྱོང་། རྒྱལ་རབས་དྲུག་པ་ཧན་མུའུ་ར་བྷེ་ནི་ཧ་ལམ་སྤྱི་ལོ་སྔོན་གྱི་ལོ1792ནས་སྤྱི་ལོ་སྔོན་གྱི་ལོ1750བར་དུ་ཁྲིར་བཞུགས་པ་དང་། ཁོང་གིས་ལོ་ངོ་སུམ་ཅུ་ལྷག་གི་འབད་བརྩོན་བྱས་པ་བརྒྱུད་ནས་སྤྱི་ལོ་སྔོན་གྱི་དུས་རབས18པའི་དུས་དཀྱིལ་དུ་གཙང་བོ་གཉིས་འབབ་ཡུལ་གཅིག་གྱུར་བྱས་ཏེ་དབང་ཆ་གཅིག་སྡུད་ཀྱི་རྒྱལ་ཁབ་བཙུགས་པ་དང་། ཁོས་རང་ཉིད་ལ་གནམ་འོག་གི་ཕྱོགས་བཞིའི་རྒྱལ་བོ་ཞེས་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
古巴比伦王国
ཕྱི་ཡིག་གི་མིང་།
Ancient Babylonian Kingdom
དུས་རབས།
སྤྱི་ལོ་སྔོན་གྱི1894ལོ་ནས་སྤྱི་ལོ་སྔོན་གྱི་ལོ1595ལོ་བར།
1 ​ངོ་སྤྲོད།

ཧ་ལམ་སྤྱི་ལོ་སྔོན་གྱི་ལོ1894ཡས་མས་སུ་ཞུན་ལི་ཡ་རྩྭ་ཐང་གི་འབྲོག་པའི་ཚོ་བ་ཨ་མོ་ལེའི་མི་རྣམས་གཙང་བོ་གཉིས་འབབ་ཡུལ་དུ་ཐོན་ཏེ་པཱ་པི་ལུན་རྒྱལ་བོའི་རྒྱལ་ས་བྱས་ཏེ་སྲིད་དབང་བཙུགས་ཤིང་། དེ་ནི་མིང་དུ་གྲགས་པའི་གནའ་བོའི་པཱ་པི་ལུན་རྒྱལ་བོའི་རྒྱལ་ཁབ་ཡིན། གནའ་བོའི་པཱ་པི་ལུན་རྒྱལ་བོའི་རྒྱལ་ཁབ་ལ་གནའ་བོའི་གནའ་བོའི་པཱ་པི་ལུན་རྒྱལ་རབས་དང་པོ་ཞེས་ཀྱང་འབོད་ལ། དེ་ནི་འཛམ་གླིང་དུ་སྐད་གྲགས་ཆེ་བའི་གནའ་བོའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། ཧ་ལམ་སྤྱི་ལོ་སྔོན་གྱི་ལོ1595ནས་སྤྱི་ལོ་སྔོན་གྱི་ལོ1792བར་དུ་གནས་མྱོང་། རྒྱལ་རབས་དྲུག་པ་ཧན་མུའུ་ར་བྷེ་ནི་ཧ་ལམ་སྤྱི་ལོ་སྔོན་གྱི་ལོ1792ནས་སྤྱི་ལོ་སྔོན་གྱི་ལོ1750བར་དུ་ཁྲིར་བཞུགས་པ་དང་། ཁོང་གིས་ལོ་ངོ་སུམ་ཅུ་ལྷག་གི་འབད་བརྩོན་བྱས་པ་བརྒྱུད་ནས་སྤྱི་ལོ་སྔོན་གྱི་དུས་རབས18པའི་དུས་དཀྱིལ་དུ་གཙང་བོ་གཉིས་འབབ་ཡུལ་གཅིག་གྱུར་བྱས་ཏེ་དབང་ཆ་གཅིག་སྡུད་ཀྱི་རྒྱལ་ཁབ་བཙུགས་པ་དང་། ཁོས་རང་ཉིད་ལ་གནམ་འོག་གི་ཕྱོགས་བཞིའི་རྒྱལ་བོ་ཞེས་འབོད།

ཧན་མུའུ་ར་བྷེ་སྐུ་གཤེགས་པ་དང་བསྟུན་ནས་གནའ་བོའི་པཱ་པི་ལུན་རྒྱལ་བོའི་རྒྱལ་ཁབ་ཀྱང་རིམ་བཞིན་ཉམས་རྒུད་དུ་འགོ་ཚུགས་པ་དང་། ཧ་ལམ་སྤྱི་ལོ་སྔོན་གྱི་ལོ1595ཡས་མས་སུ་ཡ་ཞི་ཡ་ཆུང་བ་ནས་ཐོན་པའི་ཧི་ཐི་མིས་རྩ་མེད་དུ་བཏང་། གནའ་བོའི་པཱ་པི་ལུན་རྒྱལ་བོའི་རྒྱལ་ཁབ་ཀྱི་དུས་སུ་སུའུ་མེར་ཨ་ཁ་ཏེའི་ཤེས་རིག་འཕེལ་རྒྱས་སུ་ཕྱིན་པ་དང་། དེ་ལས་ཁྱིའུ་དབྱིབས་ཡི་གེ་དང་གནམ་རིག རྩོམ་རིག་སོགས་ཀྱི་ཕྱོགས་ནས་འཕེལ་རྒྱས་རྒྱ་ཆེན་པོ་བྱུང་།