དབྱིན་ཇི་བཙན་རྒྱལ་ཆེན་མོ།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-07-11 11:00ལ་འགྲུབ།

དབྱིན་ཇི་བཙན་རྒྱལ་ཆེན་མོ།

དབྱིན་ཇི་བཙན་རྒྱལ་ཆེན་མོ།
དབྱིན་ཇི་བཙན་རྒྱལ་ཆེན་མོ་ནི་དུས་རབས18པ་ནས་དུས་རབས19བར་གྱི་དབྱིན་ཇི་ལ་གོ་དགོས་ཏེ། དུས་རབས17པར་དབྱིན་ཇིས་ཐོག་མར་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ལ་བརྟེན་ནས་འབྱོར་ལྡན་གྲལ་རིམ་རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་བོའི་ལམ་ལུགས་བཙུགས་པ་དང་། དེའི་རྗེས་སུ་དབྱིན་ཇིས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་དཔལ་འབྱོར་འཕེལ་རྒྱས་བཏང་ཞིང་། ཕྱི་ཕྱོགས་སུ་ཉོ་ཚོང་གི་བྱེད་སྒོ་རྒྱ་ཆེར་སྤེལ་བ་དང་མི་སེར་སྤེལ་ཡུལ་འཕྲོག་རྩོད་བྱས། དབྱིན་ཇིས་སྔ་ཕྱིར་ཧོ་ལན་དང་ཧྥ་རན་སི་ལ་མི་སེར་སྤེལ་ཡུལ་དང་ཉོ་ཚོང་ཁྱད་དབང་འཕྲོག་རྩོད་ཀྱི་དམག་འཁྲུག་ཐེངས་མང་བསླངས་པ་དང་། དུས་རབས18པར་སླེབས་དུས། དབྱིན་ཇི་ནི་མཚོ་དམག་གི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་གྱུར་ཅིང་། འཛམ་གླིང་ཡོངས་ཀྱི་མཚོ་དབང་བདག་ཏུ་བཟུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大英帝国
ཕྱི་ཡིག་གི་མིང་།
British Empire
བསྡུས་མིང་།
དབྱིན་ཇི། མཉམ་འབྲེལ་རྒྱལ་བོའི་རྒྱལ་ཁབ། པུའུ་ལིའེ་ཏེན་བཙན་རྒྱལ།
ཁོངས་གཏོགས་གླིང་ཆེན།
ཡོ་རོབ་གླིང་།
རྒྱལ་ས།
ལོན་ཏོན།
གྲོང་ཁྱེར་གཙོ་བོ།
ཨའེ་ཏིང་པའོ། ཏུའུ་པའེ་ལུན། ལྡི་ལི་གསར་བ། ཏོའུ་ལུན་ཏའོ། ཞི་ནེ་སོགས།
གཞུང་ཕྱོགས་སྐད་རིགས།
དབྱིན་སྐད།
རྒྱལ་ཁབ་བཙུགས་པའི་ལོ།
སྤྱི་ལོ632ལོ།
རྒྱལ་ཁབ་འཇིག་པའི་ལོ།
སྤྱི་ལོ1258ལོ།
ཆབ་སྲིད་ལམ་ལུགས།
དབྱི་ཧའེ་གྲོས་ཚོགས་ལམ་ལུགས་ཀྱི་རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་བོའི་ལམ་ལུགས།
མི་གྲངས།
ཁྲི6514(སྤྱི་ལོ2015ལོ)
མི་རིགས་གཙོ་བོ།
དབྱིན་ཀུ་ལན་མི། ཝེ་ཨར་ཧྲི་མི། སུའུ་ཀུ་ལན་མི། ཨའེ་ཨར་ལན་མི། ཧིན་རྡུ་སི་ཐན་མི་སོགས།
ཆོས་ལུགས་གཙོ་བོ།
དབྱིན་ཇིའི་རྒྱལ་ཁབ་ཀྱི་ཆོས་ལུགས། གནམ་བདག་ཆོས་ལུགས། དབྱི་སི་ལན་ཆོས་ལུགས། སངས་རྒྱས་ཆོས་ལུགས་སོགས།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི3367 (སྤྱི་ལོ1919ལོ)
རྒྱལ་ཁབ་ཀྱི་གཙོ་འཛིན།
རྒྱལ་བོ་ཐོག་མ་ནི་ཧེང་ལི་སྐུ་ཕྲེང་བདུན་པ། དབུ་བཞུགས་བློན་ཆེན་ཐོག་མ་ནི་ལོའུ་པོ་ཐུ•ཨོ་པོ་ཨར།
གྲུབ་འབྲས།
ལོ་རྒྱུས་ཐོག་གི་ཆེས་ཆེ་བའི་མི་སེར་སྤེལ་ཡུལ་གྱི་བཙན་རྒྱལ།
1 ​ངོ་སྤྲོད།

དབྱིན་ཇི་བཙན་རྒྱལ་ཆེན་མོ་ནི་དུས་རབས18པ་ནས་དུས་རབས19བར་གྱི་དབྱིན་ཇི་ལ་གོ་དགོས་ཏེ། དུས་རབས17པར་དབྱིན་ཇིས་ཐོག་མར་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ལ་བརྟེན་ནས་འབྱོར་ལྡན་གྲལ་རིམ་རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་བོའི་ལམ་ལུགས་བཙུགས་པ་དང་། དེའི་རྗེས་སུ་དབྱིན་ཇིས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་དཔལ་འབྱོར་འཕེལ་རྒྱས་བཏང་ཞིང་། ཕྱི་ཕྱོགས་སུ་ཉོ་ཚོང་གི་བྱེད་སྒོ་རྒྱ་ཆེར་སྤེལ་བ་དང་མི་སེར་སྤེལ་ཡུལ་འཕྲོག་རྩོད་བྱས། དབྱིན་ཇིས་སྔ་ཕྱིར་ཧོ་ལན་དང་ཧྥ་རན་སི་ལ་མི་སེར་སྤེལ་ཡུལ་དང་ཉོ་ཚོང་ཁྱད་དབང་འཕྲོག་རྩོད་ཀྱི་དམག་འཁྲུག་ཐེངས་མང་བསླངས་པ་དང་། དུས་རབས18པར་སླེབས་དུས། དབྱིན་ཇི་ནི་མཚོ་དམག་གི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་གྱུར་ཅིང་། འཛམ་གླིང་ཡོངས་ཀྱི་མཚོ་དབང་བདག་ཏུ་བཟུང་ཡོད། དུས་རབས18པའི་དུས་མཇུག་ཏུ། དབྱིན་ཇིས་ཐོག་མར་བཟོ་ལས་གསར་བརྗེ་སྤེལ་བ་དང་། དུས་རབས19བའི་དུས་དཀྱིལ་དུ་སླེབས་དུས། དབྱིན་ཇི་དེ་ཉིད་འཛམ་གླིང་གི་བཟོ་ལས་ཅན་གྱི་རྒྱལ་ཁབ་དང་བོར་གྱུར་ཡོད། དུས་རབས16པ་ནས་དུས་རབས19བར། དབྱིན་ཇིས་དུས་རབས་གསུམ་རིང་གི་མི་སེར་འཕྲོག་རྩོད་དང་རྒྱ་བསྐྱེད་ནས་འཛམ་གླིང་གི་མི་སེར་སྤེལ་ཡུལ་གྱི་སྟོབས་ལྡན་རྒྱལ་ཁབ་ཏུ་གྱུར་བ་དང་། དེའི་མི་སེར་སྤེལ་ཡུལ་ཡང་འཛམ་གླིང་གི་གྲུ་ཁ་སོ་སོར་ཁྱབ་ཡོད་པས། ཉི་མ་མི་ནུབ་པའི་བཙན་རྒྱལ་ཞེས་བརྗོད། འོན་ཀྱང་། དུས་རབས20བར་སླེབས་པའི་རྗེས་སུ། ཨ་རི་དང་འཇར་མན་སྟོབས་ལྡན་དུ་གྱུར་བ་དང་དབྱིན་ཇིའི་བཙན་བདག་གི་གོ་གནས་ལའང་ཉེན་ཚབས་ཆེན་པོ་བྱུང་ཞིང་། འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་རྗེས་སུ། དབྱིན་ཇིའི་མི་སེར་སྤེལ་ཡུལ་རྣམས་སྔ་ཕྱིར་རང་བཙན་བྱས་ཏེ་འཛམ་གླིང་དཔལ་འབྱོར་གྱི་ལྟེ་བའང་ཨ་མེ་རི་ཁའི་ཕྱོགས་སུ་བསྒྱུར།