རིག་རྩལ་བསྐྱར་དར་གྱི་ལས་འགུལ།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-07-04 17:14ལ་འགྲུབ།

རིག་རྩལ་བསྐྱར་དར་གྱི་ལས་འགུལ།

རིག་རྩལ་བསྐྱར་དར་གྱི་ལས་འགུལ།
རིག་རྩལ་བསྐྱར་དར་གྱི་ལས་འགུལ་ནི་དུས་རབས14བ་ནས་དུས་རབས16པའི་སྐབས་སུ་ཡོ་རོབ་གླིང་དུ་འབྱོར་ལྡན་གྲལ་རིམ་གྱིས་སྤེལ་བའི་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་བསམ་བློའི་རིག་གནས་ཀྱི་ལས་འགུལ་ཞིག་ཡིན་ཞིང་། དུས་རབས14བར་ཆེས་ཐོག་མར་དབྱི་ཐ་ལི་རུ་བྱུང་བ་དང་། དུས་རབས15བའི་དུས་མཇུག་ནས་བཟུང་། རིམ་གྱིས་ཡོ་རོབ་གླིང་ནུབ་མའི་ས་ཁུལ་དུ་རྒྱ་བསྐྱེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
文艺复兴运动
ཕྱི་ཡིག་གི་མིང་།
Renaissance
ཐོག་མའི་མགོ་རྩོམ་ས།
དབྱི་ཐ་ལི།
དུས་ཚོད།
དུས་རབས14ནས་དུས་རབས17བར།
མཛུབ་སྟོན་བསམ་བློ།
མི་ཚུལ་རིང་ལུགས།
འཐུས་ཚབ་མི་སྣ།
ཏན་ཏིང་། ཏཱ•ཧྥུན་ཆི། ཧྲ་ཧྲི་པི་ཡཱ།
ཤུགས་རྐྱེན།
ཡོ་རོབ་གླིང་དུ་མ་རྩ་རིང་ལུགས་དར་བར་རྨང་གཞི་བསྐྲུན་པ།
1 ངོ་སྤྲོད།

རིག་རྩལ་བསྐྱར་དར་གྱི་ལས་འགུལ་ནི་དུས་རབས14བ་ནས་དུས་རབས16པའི་སྐབས་སུ་ཡོ་རོབ་གླིང་དུ་འབྱོར་ལྡན་གྲལ་རིམ་གྱིས་སྤེལ་བའི་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་བསམ་བློའི་རིག་གནས་ཀྱི་ལས་འགུལ་ཞིག་ཡིན་ཞིང་། དུས་རབས14བར་ཆེས་ཐོག་མར་དབྱི་ཐ་ལི་རུ་བྱུང་བ་དང་། དུས་རབས15བའི་དུས་མཇུག་ནས་བཟུང་། རིམ་གྱིས་ཡོ་རོབ་གླིང་ནུབ་མའི་ས་ཁུལ་དུ་རྒྱ་བསྐྱེད། ཕྱི་ངོས་ནས་བལྟས་ན། རིག་རྩལ་བསྐྱར་དར་ནི་ཡོ་རོབ་གླིང་གི་བསམ་བློ་རིག་གནས་པའི་སྡེ་ཡི་མི་སྣ་དག་གིས་གནའ་བོའི་ཀེ་རི་སི་དང་། གནའ་རབས་རོ་མའི་གནའ་བོའི་རིག་གནས་དག་བསྐྱར་གསོ་བྱས་པའི་ལས་འགུལ་ཞིག་ཡིན་ཡང་། དོན་དངོས་སུ་དེ་ནི་འབྱོར་ལྡན་གྲལ་རིམ་གྱི་རིག་གནས་གསར་བ་གསར་དུ་དར་བ་ཞིག་རེད། མི་ཚུལ་རིང་ལུགས་ནི་རིག་རྩལ་བསྐྱར་དར་སྐབས་ཀྱི་སྤྱི་ཚོགས་བསམ་བློའི་རླབས་རྒྱུན་གྱི་གཙོ་སྙིང་ཡིན་པ་དང་། རིག་རྩལ་བསྐྱར་དར་གྱི་མཛུབ་སྟོན་བསམ་བློ་ཡང་ཡིན། དེས་མི་གཤིས་གཙོ་བོ་དང་མི་གཙོ་བོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རིག་རྩལ་བསྐྱར་དར་སྐབས་སུ་ཕུལ་དུ་བྱུང་བའི་མི་སྣ་མང་བོ་བྱུང་ཡོད་དེ། དཔེར་ན། དབྱི་ཐ་ལིའི་ཏན་ཏིང་དང་པེ་ཐེ་ར་ཁེ། པའོ་ཀཱ་ཆིའུ། ཏཱ་ཝུན་ཆི། རེ་ཧྥེལ། མེ་ཀེ་ལན་ཇུ་ལོ་སོགས་དང་། དབྱིན་ཇིའི་ཧྲ་ཁེ་ཕེ་ཨར། ཧྥ་རན་སིའི་ལཱ་པོ་ལེ། སི་ཕེན་གྱི་སའེ་ཝུན་ཐེ་སི་སོགས་ཡོད། ཁོ་ཚོས་ཟུར་ངོས་མི་འདྲ་བ་ནས་མིའི་རླབས་ཆེན་རང་བཞིན་ལ་བསྔགས་བརྗོད་དང་། ཆོས་ཚོགས་ཀྱི་རུལ་སུངས་ལ་དགག་རྒྱག་བྱས། གནམ་དཔྱད་རིག་པ་བ་ཀུ་པའེ་ནེ་ཡིས་ཉི་ལྟེ་སྨྲ་བ་གསར་དུ་བཏོད་དེ་གནམ་དཔྱད་རིག་པའི་སྒོ་ཕྱེས་པ་དང་རང་བྱུང་ཚན་རིག་གི་ལོ་རྒྱུས་སུ་ཤོག་ལྷེ་གསར་བ་ཞིག་བྲིས། དབྱི་ཐ་ལིའི་གནམ་དཔྱད་རིག་པ་བ་པུ་ལོའུ་ནོ་ང་ཅཱ་ལེ་ལོའུ་ཡིས་ཀུ་པའེ་ནེ་ཡིས་ལྟ་བ་འཕེལ་རྒྱས་བཏང་།དེ་ལས་གཞན་རྩིས་རིག་དང་སྐྱེ་དངོས། གསོ་རིག རྫས་འགྱུར་དང་མཚན་ཉིད་རིག་པ་སོགས་ཀྱི་ཕྱོགས་ནས་ཀྱང་གྲུབ་འབྲས་མི་དམན་པ་བླངས་ཡོད། རིག་རྩལ་བསྐྱར་དར་གྱིས་མིའི་བསམ་བློའི་བཅིངས་འགྲོལ་བཏང་བ་དང་། མཚར་སྡུག་ལྡན་པའི་བསམ་བློའི་རིག་གནས་གསར་དུ་བཏོད་པ་མ་ཟད། ཉེ་རབས་རང་བྱུང་ཚན་རིག་གི་འཕེལ་རྒྱས་ལ་རྨང་གཞི་སྲ་བརྟན་ཞིག་བཏིངས་ཡོད་པ་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་སོ། །