ཐུ་ལོའུ་དབྱི་དམག་འཁྲུག་ནི་སྤྱི་ལོ་སྔོན་གྱི་ལོ1193ནས་སྤྱི་ལོ་སྔོན་གྱི་ལོ1183བར་དུ་ཀེ་རི་སི་དང་ཐུ་ལོའུ་དབྱི་བར་བྱུང་བའི་ལོ་ངོ་བཅུ་ཕྲག་རིང་གི་དམག་འཁྲུག་ཆེན་པོ་དེར་ཟེར་བ་དང་། དམག་འཁྲུག་གི་འབྱུང་རྐྱེན་ཐད། གནའ་བོའི་ཀེ་རི་སིའི་ལྷ་སྒྲུང་དུ་མཛེས་མ་ཧའེ་ལུན་འཕྲོག་པའི་ཆེད་དུ་ཡིན་པར་བརྗོད་དེ། ཐུ་ལོའུ་དབྱི་རྒྱལ་བོའི་རྒྱལ་སྲས་གཉིས་པ་ཕཱ་ལི་སི་ཞེས་པ་སི་པཱ་ཏཱ་མཁར་རྫོང་དུ་འཚམས་འདྲིར་བསྐྱོད་སྐབས། སི་པཱ་ཏཱ་རྒྱལ་བོའི་བཙུན་མོ་ཧའེ་ལུན་བསླུ་བྲིད་ཀྱིས་ཁྲིད་སོང་བས། ཀེ་རི་སིས་དམག་མི་འབུམ་གཅིག་ལྷག་ཡོད་པའི་མཚོ་གྲུ་རུ་ཁག་ཅིག་རྩ་འཛུགས་བྱས་ཏེ་ཐུ་ལོའུ་དབྱི་མཁར་གྲོང་སྐོར་སྐྱིལ་བྱས་ཀྱང་ཡུན་རིང་བོར་ཚུར་ལེན་མ་ཐུབ། མཇུག་མཐར་ཀེ་རི་སིའི་མིས་ཐབས་ཇུས་ལེགས་པོ་ཞིག་བཀོད་དེ། ཐུ་ལོའུ་དབྱི་མཁར་འདབས་ནས་ཕྱིར་འཐེན་ཁུལ་བྱས་ཤིང་། ཤིང་རྟ་ཆེན་པོ་ཞིག་སྒར་ནང་དུ་བསྐྱུར། རྒྱལ་ཁ་བླངས་སོ་སྙམ་པའི་ཐུ་ལོའུ་དབྱི་མིས་མནོ་བསམ་ཅི་ཡང་མ་བཏང་བར་དགའ་སྤྲོའི་ངང་ནས་ཤིང་རྟ་ཆེན་པོ་དེ་རྟིང་མའི་དངོས་རྫས་ལ་བརྩིས་ནས་མཁར་ནང་དུ་དྲུད་པས། དེའི་ནང་དུ་ཡིབ་པའི་ཀེ་རི་སིའི་དམག་རྣམས་ལས་སླ་མོའི་ངང་མཁར་ནང་དུ་གཡོ་འཛུལ་བྱས་ཏེ། ཕྱི་ནང་མཉམ་སྡེབ་ཀྱིས་ཐུ་ལོའུ་དབྱི་མཁར་རྫོང་བླངས་པ་རེད། 《ཧོ་མའི་ལོ་རྒྱུས་སྙན་རྩོམ》དུ་ཐེངས་འདིའི་དམག་འཁྲུག་གི་གནས་ཚུལ་རྒྱས་པ་བཀོད་འདུག