དྲི་སྐོལ།སྔ་མའི་པར་གཞི་དེ རྡོ་རྐོ་དངོས་གྲུབ་ཕུན་ཚོཊ།  ནས 2017-07-05 11:43ལ་འགྲུབ།

དྲི་སྐོལ།

དྲི་སྐོལ་ནི་མགྲོན་པོ་བསུ་བའི་རྣམ་པ་ཞིག་སྟེ་གཉེན་ཚང་གིས་མི་མངགས་ནས་ཨ་ཞང་ཚང་ལ་རིམ་བཞིན་འཚམས་འདྲི་གཏོང་བར་བསུ་མི་ཡོང་བའི་ཆོ་ག་ཞིག་ཡིན།
1 འཛིན་སྟངས།

དྲི་སྐོལ་འཛིན་མཁན་ནི་སྐྱེས་པ་དར་མ་གསར་བུ་ལས་བུད་མེད་དང་ལོ་ལོན་རྒན་པ་ཡིས་འཛིན་སྲོལ་མེད། སྤྱིར་བཏང་དུ་དྲི་སྐོལ་རིམ་པ་གསུམ་འཛིན་པ་ཡིན་ཏེ། རིམ་དང་པོ་དང་གཉིས་པ་ནི་བཤད་མཚམས་ལྟར་ལམ་བར་ནས་འཛིན་པ་ཡིན། དྲི་སྐོལ་རིམ་པ་གསུམ་པ་ནི་སྡེ་བའི་ནང་དུ་འཛིན་པའམ་སྒོ་ཁར་འཛིན་པ་ཡིན།

2 དགོས་པ།

དྲི་སྐོལ་འཛིན་པ་ནི་ཨ་ཞང་རྣམས་ལ་བསུ་བ་བྱེད་པའམ་བསྙེན་བཀུར་བྱེད་པའི་རྣམ་པ་ཞིག་ཡིན་པར་མ་ཟད། གཉེན་གྱི་གོ་རིམ་ནང་དུ་མེད་མི་རུང་བའི་ཆོ་ག་གལ་ཆེན་ཞིག་ཡིན་པ་རེད། ཚེ་གང་བརྩི་དགོས་པ་ནི་ཕ་མ་ཡིན་ལ། ཉིན་གང་བརྩི་དགོས་པ་ནི་ཨ་ཞང་ཡིན་ཞེས་པའི་དཔེ་ལྟར་མགོ་སྒུར་སྒུར་དང་ཉྭ་ཞུམ་ཞུམ་གྱིས་བརྩི་དགོས་པ་རེད། གཉེན་ཚང་ལ་གུས་ལུགས་ཡོད་མེད་མཚོན་བྱེད་ཅིག་ཀྱང་ཡིན།


བརྡ་འགྲེལ་གདོང་འཛར།

དམངས་སྲོལ། གཉེན་སྟོན། དྲི་སྐོལ།