ཇ་ཐབ།སྔ་མའི་པར་གཞི་དེ རྡོ་རྐོ་དངོས་གྲུབ་ཕུན་ཚོཊ།  ནས 2017-07-05 11:44ལ་འགྲུབ།

ཇ་ཐབ།

ཇ་ཐབ་ནི་བག་མ་སྐྱེལ་མཁན་ལ་གཉེན་ཡའི་ཕྱོགས་ན་རང་སྡེའི་བུ་མོ་གནས་མ་དང་གཉེན་ཉེ་འབྲེལ་འདྲ་ཡོད་ན། ལམ་ཁར་ཇ་བསྐོལ་ནས་ལམ་བྲོ་འཛིན་པའི་རྣམ་པ་དེ་ལ་ཟེར་བ་ཡིན།
1 འཛིན་ཚུལ།

ལམ་ཐག་ཤིན་ཏུ་རིང་ན་ཇ་ཐབ་ཉིན་ལམ་ནས་འཛིན་པ་དང་ཉིན་ཕྱེད་ལམ་ནས་འཛིན་པ། ཐག་ཉེ་ན་ཐབ་གཅིག་འཛིན་པ་ཡིན། ཐབ་གཉིས་གསུམ་ཙམ་ལ་འཛིན་པའང་ཡོད། གཉེན་ཚང་གིས་འཛིན་པའམ་རང་གི་ཉེ་དུ་ཡིས་འཛིན་པ་ཡིན།

2 དགོས་པ།

ལམ་ཐག་རིང་ན་མི་རྟ་གཉིས་ཐང་ཆད་པ་དེར་ངལ་གསོ་བའམ་བྲོ་ཆས་ཟ་བའི་ཕྱིར་བ་ཁ་བཏབ་ནས། ཇ་བསྐོལ་བ་དང་ཤ་བཙོས་ནས་ཨ་ཞང་རྣམས་ཀྱིས་ལྟོགས་སྐོམ་སེལ་བའི་དགོས་པ་ཡོད།


བརྡ་འགྲེལ་གདོང་འཛར།

དམངས་སྲོལ། གཉེན་སྲོལ། ཇ་ཐབ།