ཁིལ།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2017-06-29 09:25ལ་འགྲུབ།

ཁིལ།

ཁིལ།
ཁིལ་ནི་ཆེས་གྲུང་ཞིང་མདོག་ལྗང་སེར་དང་རུལ་བསླད་རང་བཞིན་ལྡན་པའི་རླུང་གཟུགས་ཤིག་ཡིན། སྣ་གཟེར་བའི་དྲི་མ་ཡོད། རྫས་འགྱུར་ཚུལ་ནིC1ཡིན། རྒྱུན་ལྡན་གྱི་དྲོད་ཚད་དང་གནོན་དྲག་འོག་ཆུ་བོངས་ཚད1གི་ནང་ཁུལ་བོངས་ཚད2ཞུ་ཐུབ། སྟུག་ཚད་མཁའ་རླུང་ལས་ཆེ། ལྕགས་རིགས་མིན་པའི་རྒྱུ་རྐྱང་སྐྱེན་པོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ཕྱི་ཡིག་གི་མིང་།
Chlorine
རྫས་འགྱུར་ཚུལ།
Cl
ཆ་རྡུལ་འབོར་གྲངས།
35.45
བཞུ་ཚད།
-101.0℃
འཁོལ་ཚད།
-34.4℃
སྟུག་ཚད།
3.214g/L
ཆུར་ཞུ་ཚད།
རྒྱུན་ལྡན་གྱི་དྲོད་ཚད་དང་གནོད་དྲག་འོག་ཆུ་བོངས་ཚད1གི་ནང་ཁུལ་བོངས་ཚད2ཞུ་ཐུབ།
རྣམ་པ།
མདོག་ལྗང་སེར་ཅན་གྱི་རླུང་གཟུགས་ཤིག་ཡིན། སྣ་གཟེར་བའི་དྲི་མ་ཞིག་ཡོད།
འདྲེས་འགྱུར་བྲིན།
-1、+1、+3、+5、+7
མ་རྡུལ་རིམ་གྲངས།
17
གསར་རྙེད་མཁན།
ཁཱ་ཨེར.ཝེ་ཨེར་ཧའེ་མུའུ.ཧྲེ་ལུ།
གཞི་རྒྱུའི་རིགས།
ལྕགས་རིགས་མིན་པའི་རྒྱུ་རྐྱང་སྐྱེན་པོ།
1 ངོ་སྤྲོད།

.jpg


ཁིལ་ནི་ཆེས་གྲུང་ཞིང་མདོག་ལྗང་སེར་དང་རུལ་བསླད་རང་བཞིན་ལྡན་པའི་རླུང་གཟུགས་ཤིག་ཡིན། སྣ་གཟེར་བའི་དྲི་མ་ཡོད། རྫས་འགྱུར་ཚུལ་ནིClཡིན། རྒྱུན་ལྡན་གྱི་དྲོད་ཚད་དང་གནོད་དྲག་འོག་ཆུ་བོངས་ཚད1གི་ནང་ཁུལ་བོངས་ཚད2ཞུ་ཐུབ། སྟུག་ཚད་མཁའ་རླུང་ལས་ཆེ། ལྕགས་རིགས་མིན་པའི་རྒྱུ་རྐྱང་སྐྱེན་པོ་ཞིག་ཡིན། ཁིལ་ནི་འདྲེས་འགྱུར་རྣམ་པར་རང་བྱུང་ཁམས་སུ་གནས་ཡོད་ལ་མིའི་ལུས་ཕུང་གི་སྐྱེ་ལུགས་འགུལ་སྐྱོད་ལ་དོན་སྙིང་གལ་ཆེན་ལྡན།

2 ངོ་བོ།

ཁིལ་གྱི་ཟིལ་ཤུགས་ཆེན་པོ་དང་པོ་ནི་བཙན་དུག་གི་རང་བཞིན་ལྡན་པ་དེ་ཡིན། འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་སྐབས་སུ། གཡུལ་ཞུགས་རྒྱལ་ཁབ་ཀྱིས་དེ་རྫས་འགྱུར་མཚོན་ཆ་བྱས་ཏེ་བཀོལ་མྱོང་། ཧྥ་རན་སེའི་རྫས་འགྱུར་རིག་པའི་མཁས་པc-Lཔེ་ཐའོ་ལའེ་ཡིས་དུས་ཡུན་རིང་བོར་ཁིལ་རླུང་ལ་ཞིབ་འཇུག་བྱས་པས། ཁིལ་རླུང་གི་གནོད་འཚེ་ཆེན་པོ་ཐེབས་ཏེ། ཁོའི་ཚེ་སྨད་དུ་ལོ་ངོ11རིང་ལ་ནད་ཀྱིས་མནར་ནས་བསྡད། ཁིལ་རླུང་བཙན་གཤིས་ཙཱ་བརྒྱུད་ནས་གྲུབ་པའི་ཐོན་རྫས་ནི་ཁིལ་སྐྱུར་ཅཱ་ཡིན། ལོ་དེར་པེ་ཐའོ་ལའེ་ཡིས་ཚྭ་འདི་ལ་ཞིབ་འཇུག་བྱེད་སྐབས། དེ་དང་མུ་ཟི་ཕྱེ་མ་མཉམ་དུ་བསྲེས་ནས་ཞིབ་མོར་འཐག་སྐབས། གློ་བུར་དུ་གད་དེ་ཅུང་མིན་ན་ཁོའི་མིག་གཉིས་ཀྱང་ཞར་བ་རེད། ཁིལ་ནི་ད་དུང་ནུས་པ་ཆེ་བའི་དཀར་འདག་བྱེད་རྫས་ཤིག་ཀྱང་ཡིན། པེ་ཐའོ་ལའེ་ཡིས་རས་ལེབ་ཅིག་ཁིལ་ཆུའི་ནང་དུ་སྦངས་ནས་བཀྲུས་ཏེ་བསྐམས་པ་ན་རས་ལེབ་ནི་དེ་མུར་དཀར་ཞིང་འོག་མདངས་ཡོད་པ་ཞིག་ཏུ་གྱུར། ཁིལ་ནི་ཤོག་བུ་བཟོ་བ་དང་། འཁེལ་འཐག་ལས་རིགས་ཀྱི་དཀར་འདག བཏུང་ཆུའི་དུག་སེལ་བ། ཕྲ་སྲིན་གསོད་པ་བཅས་སུ་བཀོལ་བ་ལས་གཞན། ད་དུང་སྤོས་འགྱིག་ཐོན་སྐྱེད་དང་། འདྲེས་གྲུབ་འགྱིག་བཟོ་བའི་ཐད་དུའང་མང་ཙམ་བཀོལ་བཞིན་ཡོད་པས། ཁིལ་ཐོན་སྐྱེད་ནི་བཟོ་ལས་འཕེལ་རྒྱས་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན།

3 རྫས་འགྱུར་ཚུལ།

.png