མཁའ་རླུང་།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2017-07-07 11:59ལ་འགྲུབ།

མཁའ་རླུང་།

མཁའ་རླུང་།
ང་ཚོའི་ཉིན་རྒྱུན་འབྱིན་རྔུབ་བྱེད་བཞིན་ཡོད་པའི་ཚེ་སྲོག་གི་ཕུང་བོ། སའི་གོ་ལའི་ངོས་ལ་ཁྱབ་ཡོད་ལ་ཁ་དོག་དང་དྲི་མ་སོགས་ཅི་ཡང་མེད། མཁའ་རླུང་མེད་ན་ཚེ་སྲོག་གྲུང་མི་ཐུབ་ལ་གསོན་ཉམས་ལྡན་པའི་སའི་གོ་ལ་དེ་བས་འོངས་མི་ཐུབ། དེ་བས་མཁའ་རླུང་ནི་རང་བྱུང་ཐོན་ཁུངས་གལ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
空气
ཕྱི་ཡིག་གི་མིང་།
air、atmosphere、breath
ཆ་རྡུལ་འབོར་གྲངས།
29 47 102
ཆུ་ཞུ་ཚད།
ཅུང་ཞུ་བ།
སྟུག་ཚད།
1.293g/L
ཕྱི་ཚུལ།
ཁ་དོག་མེད་པ།
1 ངོ་སྤྲོད།

ང་ཚོའི་ཉིན་རྒྱུན་འབྱིན་རྔུབ་བྱེད་བཞིན་ཡོད་པའི་ཚེ་སྲོག་གི་ཕུང་བོ། སའི་གོ་ལའི་ངོས་ལ་ཁྱབ་ཡོད་ལ་ཁ་དོག་དང་དྲི་མ་སོགས་ཅི་ཡང་མེད། མཁའ་རླུང་མེད་ན་ཚེ་སྲོག་གྲུང་མི་ཐུབ་ལ་གསོན་ཉམས་ལྡན་པའི་སའི་གོ་ལ་དེ་བས་འོངས་མི་ཐུབ། དེ་བས་མཁའ་རླུང་ནི་རང་བྱུང་ཐོན་ཁུངས་གལ་ཆེན་ཞིག་ཡིན། མཁའ་རླུང་གི་དངོས་ལུགས་ངོ་བོ་ནི། དྲོད་ཚད 0℃ཡིན་པའི་ཚད་ལྡན་རླུང་གནོན་ཆེ་བ 1.013×10^5 Paའོག་མཁའ་རླུང་གི་སྟུག་ཚད་ནི 1.293g/Lཡིན།

2 སྣང་ཚུལ།

མཁའ་རླུང་ནི་མཉམ་བསྲེས་རྫས་ཤིག་ཡིན། དེའི་ནང་གི་རླུང་གཟུགས་ཀྱི་གྲུབ་ཆ་ནི་འགྱུར་མེད་ཅན་དང་། འགྱུར་བ་ཅན། ངེས་མེད་ཅན་བཅས་རིགས3ཡོད། འགྱུར་མེད་ཅན་ནི་ཏན་དང་། དབྱང་། ཨར་བཅས་དང་། ཚད་མི་འགྱུར་བའི་ནེན། ཧེལ། ཁྭོར། ཛན་སོགས་རླུང་གཟུགས་དཀོན་པོ་ཡིན། འགྱུར་བ་ཅན་ནི་དབྱང་གཉིས་ཐཱན་རྫས་དང་། ཆུ་རླུངས་སོགས་ཡིན། དེ་དག་གི་འདུས་ཚད་ནི་ས་ཁུལ་དང་། དུས་ཚིགས། ནམ་ཟླ། དེ་མིན་མིའི་འགུལ་སྐྱོད་སོགས་ཀྱི་ཤུགས་རྐྱེན་ལས་འགྱུར་བ་ཡིན། ངེས་མེད་ཅན་ནི་སྐབས་འགར་རང་བྱུང་རྒྱུ་རྐྱེན་མེ་རི་འཕྱུར་བ་དང་། ནགས་ཚལ་འབར་བ། ས་འགུལ་རྒྱུག་པ། མཚོ་འཁྱོམ་སོགས་ལྟ་བུ་ལས་བྱུང་བའི་དངོས་པོ་ཟི་ཆིང་རྫས་དང་། ཟི་དབྱང་འགྱུར་རྫས། ཏན་དབྱང་འགྱུར་རྫས་ལྟ་བུ་ཡིན་ལ། དེ་ལས་གཙོ་བོ་མིས་བཟོས་རྒྱུ་རྐྱེན་འབར་རྫས་འབར་བ་དང་། བཟོ་གྲྭ་ལས་སྙིགས་རླུང་གཏོང་བ་ལྟ་བུ་ལས་བྱུང་བའི་ཟི་དབྱང་འགྱུར་རྫས་དང་ཏན་དབྱང་འགྱུར་རྫས་ཡིན།

3 མཁའ་རླུང་གི་སྤུས་ཚད།

མཁའ་རླུང་ནི་འགྲོ་བ་མི་དང་སྐྱེ་དངོས་གཞན་དག་འཚོ་གནས་བྱེད་པའི་ཉེར་མཁོའི་དངོས་པོ་ཡིན་ལ། ཆེས་གལ་ཆེ་བའི་རང་བྱུང་ཐོན་ཁུངས་ཀྱང་ཡིན། བཟོ་ལས་འཕེལ་རྒྱས་དང་འབར་རྫས་བཀོལ་ཚད་ཇེ་མང་དུ་ཕྱིན་པའི་དབང་གིས་མཁའ་རླུང་ལ་བརྫད་སྐྱོན་ཆེན་པོ་ཐེབས། དུས་རབས20པའི་དུས་མཇུག་ཏུ། སྐྱུར་ཆར་དང་དཀུ་དབྱང་བང་རིམ་བརླག་པ། དྲོད་ཁང་ནུས་སྣང་བཅས་ནི་འཛམ་གླིང་རང་བཞིན་གྱི་གནད་དོན་དུ་གྱུར་ཡོད། བརྫད་དངོས་གཏོང་ཚད་ཇེ་ཉུང་དང་། དུས་ཐོག་ཏུ་བརྫད་དངོས་གཙང་སྒྱུར་བྱེད་པ་བཅས་ནི་མཁའ་རླུང་གི་སྤུས་ཚད་ལེགས་སྒྱུར་བྱེད་པའི་རྩ་བའི་བྱེད་ཐབས་ཡིན།

4 གྲུབ་ཆ།

ཏན་རླུང་།   78.09%

དབྱང་རླུང་།  20.95%

དཀིན་པའི་རླུང་གཟུགས།  0.932%

དབྱང་གཉིས་ཐཱན་རྫས།  0.034%

ཆུ་ང་ལྷད་རྫས།   0.002%