བདར་ཆགས།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2017-07-07 11:30ལ་འགྲུབ།

བདར་ཆགས།

བདར་ཆགས།
བདར་གཟུགས་ནི་སྐོར་འཕྲོའི་དཔེ་རིས་གསལ་བོ་ཡོད་པའི་སྲ་གཟུགས་ཡིན། སྒྲིག་སྲོལ་ངེས་ཅན་གྱི་ཕྱི་དབྱིབས་ཆགས་ཡོད། མ་རྡུལ་དང་ཆ་རྡུལ་དེ་བར་སྟོང་ནང་འཁོར་ཡུན་ཆོས་ཉིད་ངེས་ཅན་ལྟར་བསྐྱར་ཟློས་སྟར་སྒྲིག་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
晶体
ཕྱི་ཡིག་གི་མིང་།
crystal
སྤྱོད་བྱའི་བསླབ་ཚན།
དངོས་ལུགས།
ངོ་བོ།
སྲ་གཟུགས།
ཁྱད་ཆོས།
སྒྲིག་སྲོལ་ངེས་ཅན་གྱི་ཕྱི་དབྱིབས་ཆགས་ཡོད་པ།
1 ངོ་སྤྲོད།

བདར་གཟུགས་ནི་སྐོར་འཕྲོའི་དཔེ་རིས་གསལ་བོ་ཡོད་པའི་སྲ་གཟུགས་ཡིན། .jpgསྒྲིག་སྲོལ་ངེས་ཅན་གྱི་ཕྱི་དབྱིབས་ཆགས་ཡོད། མ་རྡུལ་དང་ཆ་རྡུལ་དེ་བར་སྟོང་ནང་འཁོར་ཡུན་ཆོས་ཉིད་ངེས་ཅན་ལྟར་བསྐྱར་ཟློས་སྟར་སྒྲིག་བྱས་ཡོད།

འགྲོ་བ་མིའི་འཚོ་བ་དང་ཐོན་སྐྱེད་ཐད་ལ་བཟའ་ཚྭ་མང་བོ་མཁོ་བ་རེད། བཟའ་ཚྭ་ལེན་པའི་ཐབས་ཧ་ཅང་མང་སྟེ། དེ་ལས་བྱེད་ཐབས་རིགས་གཅིག་ནི་མཚོ་ཆུ་ལས་ལེན་པ་དེ་ཡིན། མི་རྣམས་ཀྱིས་མཚོ་ཆུ་ཚྭ་ལེན་ར་བར་དྲངས་ནས་རླུང་དང་ཉི་མར་ལྡེ་རྗེས། ཆུའི་ཆ་མང་པོ་རླངས་ཡལ་བྱས་ཏེ། རིམ་བཞིན་བཟའ་ཚྭའི་ཚད་ལོངས་ཞུ་ཁུ་ཆགས། ཚྭ་ལྷག་མ་རྣམས་བདར་གཟུགས་ཀྱི་རྣམ་པས་ཞུ་ཁུ་ལས་བཀར་བ་རེད། བདར་གཟུགས་རིགས་འདི་ཚད་ལོངས་ཞུ་ཁུ་ལས་ལེན་པའི་བརྒྱུད་རིམ་ལ་བདར་ཆགས་ཟེར། དངོས་པོ་མང་པོ་ཞིག་ཞུ་ཁུ་ལས་བླངས་ཏེ་བདར་གཟུགས་སུ་འགྱུར་སྐབས། བདར་གཟུགས་ནང་དུ་རྒྱུན་པར་གྲངས་ཀ་ངེས་ཅན་གྱི་ཆུའི་ཆ་རྡུལ་འབྲེལ་ཡོད། འདི་ལྟ་བུའི་ཆུ་ལ་བདར་ཆགས་ཆུ་ཟེར།

2 བདར་ཆགས་ཆུ་འདྲེས་རྫས།

བདར་ཆགས་ཆུ་འདུས་ཡོད་པའི་དངོས་པོར་བདར་ཆགས་ཆུ་འདྲེས་རྫས་ཟེར། མཚུར་ནགCuSO4•5H2Oལྟ་བུ་ནི་ཟེ་སྐྱུར་ཟངས་ཀྱི་བདར་ཆགས་ཆུ་འདྲེས་རྫས་ཡིན། ཁང་དྲོད་དམ་སྐམ་པོའི་མཁའ་རླུང་ནང་དུ་བདར་ཆགས་ཆུ་འདྲེས་རྫས་མང་པོ་ཞིག་ལས་བདར་ཆགས་ཆུ་ཁག་ཅིག་གམ་ཡང་ན་ཡོངས་རྫོགས་མེད་པར་འགྱུར། སྣང་ཚུལ་དེར་རླུང་ཟད་ཟེར། དཔེར་ན། ཐཱན་སྐྱུར་ནཱ་བདར་གཟུགསNa2CO3•10H2Oལས་རིམ་བཞིན་བདར་ཆགས་ཆུ་ཤོར་ནས་རླུང་ཟད་བྱེད་པ་ལྟ་བུ་རེད། བདར་གཟུགས་ཁ་ཤས་ཀྱིས་མཁའ་རླུང་ནང་གི་ཆུ་རླངས་བསྡུས་ནས་བདར་གཟུགས་ཀྱི་ཕྱི་ངོས་སུ་རིམ་བཞིན་ཞུ་ཁུ་ཆགས་པར་བྱེད། སྣང་ཚུལ་དེར་རླན་འབྱེད་ཟེར། ཁིལ་ཀལ་རྫས་དང་ཆིང་དབྱང་ནཱ་རྫས་སོགས་ཚང་མ་རླན་འབྱེད་བྱེད་སླ་བས་རྒྱུན་པར་སྐེམ་བྱེད་རྫས་སུ་བཀོལ་བ་དང་། དེ་དག་གི་རླན་འབྱེད་བྱེད་སླ་བའི་ངོ་བོ་སྤྱད་ནས་མཉམ་དུ་བཞག་པའི་དངོས་པོ་གཞན་པ་སྲུང་སྐྱོབ་བྱེད་པར་བཀོལ་བ་ཡིན།