དཔྱང་རྙོགས་གཤེར་ཁུ།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2017-07-07 11:27ལ་འགྲུབ།

དཔྱང་རྙོགས་གཤེར་ཁུ།

དཔྱང་རྙོགས་གཤེར་ཁུ།
ནཱ་སྨི100ལས་ཆེ་བའི་རུལ་བུ་དེ་གཤེར་ཁུའི་ནང་མི་ཞུ་བར་མཉམ་བསྲེས་རྫས་སུ་ཆགས་ཡོད་པའི་གཤེར་གཟུགས་དེར་དཔྱང་རྙོགས་གཤེར་ཁུ་ཟེར། རྒྱུན་མཐོང་གི་དཔྱང་རྙོགས་གཤེར་ཁུ་ལ་ཕྱེ་ཁུ་དང་འདམ་ཆུ། རྡོ་ཞོ་ཆུ་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
悬浊液
ཕྱི་ཡིག་གི་མིང་།
suspension
ཞུ་བྱ།
སོ་སོར་གྱེས་ནས་ཡོད་པའི་སྲ་གཟུགས།
སྤྱོད་སྒོ།
སྨན་བཅོས་ཕྱོགས།
1 ངོ་སྤྲོད།

.png



ས་འདམ་ཞིག་ཆུ་ཡོད་པའི་དཀར་ཡོལ་ནང་དུ་བཏབ་ན། ཐོབ་པ་ནི་གཤེར་གཟུགས་རྙོགས་མ་ཡིན། ཞིབ་ཏུ་བལྟས་ན་གཤེར་གཟུགས་ནང་དུ་སྲ་གཟུགས་རིལ་བུ་ཆུང་བ་མང་བོ་ཞིག་དཔྱང་གཡེང་བྱས་ཡོད་པ་དང་། ལྷིང་འཇགས་ངང་བཞག་ན་སྲ་གཟུགས་རིལ་བུ་གཏིང་དུ་ནུབ་པ་མཐོང་། སྲ་གཟུགས་རིལ་བུ་ཆུང་བ་གཤེར་གཟུགས་ནང་དུ་དཔྱང་གཡེང་བྱས་ཏེ་གྲུབ་པའི་མཉམ་བསྲེས་རྫས་དེ་ལ་དཔྱང་རྙོགས་གཤེར་ཁུ་ཟེར།

2 ངོ་བོ།

དཔྱང་རྙོགས་གཤེར་ཁུ་ནི་གྱེས་འཐོར་སྡེ་ཁོངས་གཏོགས་སུ་ཡོད། གྱེས་འཐོར་ཡོད་པའི་རུལ་རྡུལ་གྱི་ཚངས་ཐིག་དེ་ནཱ་སྨི100ལས་ཆེ། ཕལ་ཆེ་བ་ནི་ཆ་རྡུལ་མང་པོའི་འདུས་གཟུགས་ཡིན།  དཔེར་ན་འདམ་ཁུ་ལྟ་བུ།

དཔྱང་རྙོགས་གཤེར་ཁུ་དེ་དྭངས་མོ་མིན་ལ་སྙོམས་པོ་དང་བརྟན་པོ་ཡང་མིན། ཚགས་ཤོགས་ལས་བརྒྱུད་མི་ཐུབ། འཇགས་གནས་རྗེས་གྱེས་འཐོར་རུལ་རྡུལ་དེ་དག་ལྗིད་ཤུགས་ཀྱིས་སར་བབས་ནས་རིམ་པ་ཕྱེ་འགྲོ